Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་འདས་གྲོངས་སུ་གྱུར་བ།

Tibetan News Headlines

  • HHDL gives audience to devotees of Dipankara Buddhist Centre
  • Taiwan’s new president takes office, calls on China to cease hostile actions
  • Tibetan delegation attends Lai Ching-te’s swearing-in ceremony, meets newly re-established parliamentary group for Tibet
  • US urges China to immediately account for Panchen Rinpoche’s whereabouts and well-being
  • Is the Panchen Lama alive or dead? Tashi Lhunpo’s Deputy Abbot speaks at FCCC

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༠

  • སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ནི་སྟོན་པའི་བསླབ་བྱ་གཙོ་བོ་དེ་ཡིན་པ་བཀའ་བསྩལ་འདུག
  • ཐེ་ཝན་མི་མང་གི་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱ་གཞུང་ལ་དྲག་པོའི་འཇིགས་སྐུལ་མཚམས་འཇོག་དགོས་པའི་སྐུལ་འདེབས།
  • ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ལྷན་ཞུགས།
  • ཨ་རི་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་སྐུ་ཁམས་བདེ་ཐང་ཡིན་མིན་གསལ་བཏོན་དགོས་པའི་ཞུ་སྐུལ།
  • ༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་རེ་འབོད།

དེ་རིང་ཕྱི་ཟླ་ ༥ ཚེས་ ༨ ཉིན་གྱི་ཞོགས་པ་བོད་ནང་གི་རྩོམ་པ་པོ་དང་གློག་བརྙན་བཟོ་བསྐྲུན་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་དགུང་གྲངས་ ༥༤ ཐོག་སྙིང་ནད་རྐྱེན་གྱིས་འདས་གྲོངས་སུ་གྱུར་འདུག

པདྨ་ཚེ་བརྟན་ལགས་ནི་ ༡༩༦༩ ལོའི་ཟླ་བ་ ༡༢ ནང་བོད་མདོ་སྨད་ཁུལ་དུ་སྐྱེས་ཤིང་། ཁོང་གིས་རྩོམ་རིག་རབ་འབྱམས་པའི་སློབ་སྦྱོང་ཐོན་རྗེས་རིམ་གྱིས་རྒྱ་ནག་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ཐོན་པ་དང་། དེ་རྗེས་མཚོ་ལྷོ་ཁུལ་སྲིད་གཞུང་དུ་ཕྱག་ལས་གནང་འདུག ཕྱི་ལོ་ ༢༠༠༢ ནས་ ༢༠༠༤ བར་ལ་པེ་ཅིང་གློག་བརྙན་སློབ་གླིང་དུ་གློག་བརྙན་བཟོ་སྒྲིག་གི་སློབ་གཉེར་གནང་བ་ལྟར་ཕྱི་ལོ་ ༢༠༠༢ ལོར་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ཞེས་པའི་གློག་བརྙན་ཆེས་ཐོག་མ་བཟོ་སྐྲུན་གནང་སྟབས་རྒྱལ་སྤྱིའི་ཐོག་ངོས་འཛིན་ཤུགས་ཆེར་ཐོབ་སྟེ་ད་བར་རྩྭ་ཐང་དང་ཁྱི་རྒན། ཐར་ལོ་ལ་སོགས་པའི་གློག་བརྙན་དུ་མ་བཟོ་སྐྲུན་གནང་བར་མ་ཟད། རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་མའི་ནང་གློག་བརྙན་གཟིགས་འབུལ་དང་བྱ་དགའ་དུ་མ་བཞེས་ཡོད། 

དམ་པ་ཁོང་གི་གློག་བརྙན་བཟོ་སྐྲུན་གྱི་སྒྱུ་རྩལ་ལ་བརྟེན་ནས་བོད་ནང་དོ་དབྱིངས་གནང་མཁན་ཇི་སྙེད་ཅིག་བྱུང་ཡོད་པའི་ཁོངས་ནས་བསོད་མཐར་རྒྱལ་ལགས་ནི་ཁོང་གི་སློབ་མའམ་པར་པ་ཞིག་དང་ད་ཆ་གློག་བརྙན་བཟོ་སྐྲུན་པ་གྲགས་ཅན་ཞིག་ཆགས་ཡོད་པར་མ་ཟད། བོད་མདོ་སྨད་ཁུལ་ནས་ན་གཞོན་དུ་མར་མིག་ལྟོས་བཟང་པོ་སྤེལ་གནང་བ་དང་ཆབས་ཅིག བཙན་བྱོལ་ནང་གི་བོད་མི་གློག་བརྙན་བཟོ་སྐྲུན་གནང་མཁན་ཚོས་མིག་ལྟོས་གནང་ས་ཞིག་ཏུ་གྱུར་ཡོད་པ་དང་། དེ་རིང་དམ་པ་ཁོང་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོས་འཕྲལ་སྤྱི་ཚོགས་དྲ་ལམ་ཐོག་ཁོང་ལ་དགའ་མོས་གནང་མཁན་དང་སྒྱུར་རྩལ་བ་དུ་མས་མྱ་ངལ་ཞུ་བཞིན་འདུག

རླུང་འཕྲིན་ཁང་གིས་དམ་པ་ཁོང་ལ་དུས་ནམ་ཡང་མིག་ལྟོས་གནང་མཁན་གྱི་བཙན་བྱོལ་བོད་མིའི་གློག་བརྙན་བཟོ་སྐྲུན་པ་རྒན་གྲས་བསྟན་འཛིན་བསོད་ནམས་ལགས་སུ་དམ་པ་ཁོང་དང་འབྲེལ་བའི་སྐོར་བཅར་འདྲི་ཞུས་པར་ཁོང་གིས་པདྨ་ཚེ་བརྟན་ལགས་གློ་བུར་དུ་འདས་གྲོངས་སུ་གྱུར་བར་བློ་ཕམ་ཆེན་པོ་བྱུང་ཞེས་དང་སྦྲགས་ཏེ་དམ་པ་ཁོང་ནི་བོད་གཞིས་བྱེས་གཉིས་ཀྱི་བོད་མི་གློག་བརྙན་བཟོ་སྐྲུན་པ་ཚོའི་ངོས་ནས་མིག་ལྟོས་ཞུ་ཡུལ་ཞིག་ཡིན་པ་སོགས་གསུངས་སོང་། 

འབྲེལ་ཡོད་གསར་གནས།

གསར་གནས།