Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་ཆོས་དང་རིག་གཞུང་ནང་ཡོད་པའི་སེམས་བཟང་པོ་བྱ་ཐབས་ཀྱི་ལམ་སྟོན་མུ་མཐུད་བདག་གཅེས་གནང་དགོས།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག


བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སུད་སི་ཛུ་རིག་གྲོང་ཁྱེར་གྱི་ Hallenstadion ཚོགས་ཁང་ནང་བོད་མི་གཙོས་མང་ཚོགས་སྟོང་ཕྲག་བརྒལ་བར་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་བསྡུས་པའི་བཤད་ལུང་དང་མ་ཎིའི་ལྗགས་ལུང་བཀྲིན་བསྩལ་བ་དང་སྦྲགས། འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཐོབ་རྒྱུའི་རྒྱུ་གཙོ་བོ་དེ་སེམས་པ་བཟང་པོ་བྱ་རྒྱུ་དེ་ཡིན་པ་བཀའ་སློབ་བཀའ་དྲིན་སྩལ་འདུག

HHDL Swiss

དེ་ཡང་སུད་སི་དང་ Liechtenstein བོད་རིགས་མི་མང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཞབས་པུས་སྨན་བཅོས་ལེགས་གྲུབ་ཀྱིས་ཁ་ཉིན་ཚེས་ ༢༣ ཉིན་ཨ་རི་ནས་སུད་སིར་ཆིབས་བསྒྱུར་གྱིས་ཛུ་རིག་ནང་ཞབས་སོར་བདེ་བར་འཁོད་ཡོད་པ་དང་བསྟུན། དེ་རིང་སྔ་དྲོ་ཕྱག་ཚོད་ ༩ ཐོག་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཛུ་རིག་གྲོང་ཁྱེར་གྱི་ Hallenstadion ཚོགས་ཁང་གི་བཞུགས་ཁྲིར་དུང་རྒྱ་སྤོས་སྣེ་སྤྱན་འདྲེན་གཟབ་རྒྱས་བརྒྱུད་ཞབས་སོར་བདེ་བར་འཁོད་མཚམས། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ནས་ཕེབས་བསུའི་གསུང་བཤད་གནང་རྗེས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་འབྲེལ་དབུ་འཛུགས་མ་མཛད་གོང་། རང་རེ་བོད་ལ་ལོ་ངོ་སྟོང་ཕྲག་གི་སྔོན་ནས་ནང་ཆོས་ཀྱིས་མཚོན་པའི་རིག་གཞུང་རྒྱ་ཆེ་གཏིང་ཟབ་ཡོད་པ་དང་དེ་དག་ཁོངས་ནས་ནང་པའི་ཆོས་འདི་འཛམ་བུ་གླིང་སྤྱི་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་སྟབས་ནང་པ་སངས་རྒྱས་པའི་བསྟན་པ་དེ་ཉིད་མི་ཉམས་རྒྱུན་འཛིན་གནང་བར་བོད་མི་ཚོས་ལྷག་བསམ་རྒྱ་ཆེར་བསྐྱེད་དེ་གཞུང་ཆེན་དེ་དག་སློབ་གཉེར་གནང་དགོས་པའི་ལམ་སྟོན་མཛད་འདུག

HHDL Swiss
Picture: OHHDL

དེ་བཞིན་དེང་སྐབས་འཛམ་གླིང་ཀུན་ལ་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་ཆེ་ཆེར་འབྱུང་བཞིན་པར་སེམས་ཁམས་རིག་པའི་རྣམ་བཞག་ལ་དོ་སྣང་གསར་པ་ཞིག་བསླེབས་ཡོད་སྟབས། དེ་ནི་འཛམ་གླིང་འདིའི་སྟེང་གི་འགྲོ་བ་མིའི་རིགས་ཚང་མར་ཕན་ཐོགས་ཡོད་པའི་གཅེས་ནོར་ཞིག་ཆགས་ཀྱི་ཡོད་པར་ཡི་རང་བསྔགས་བརྗོད་མཛད་པ་དང་འབྲེལ། བོད་མི་རྣམས་ནས་རང་མི་རིགས་ཀྱི་གཅེས་ནོར་འདི་མི་ཉམས་རྒྱུན་འཛིན་གནང་དགོས་གལ་ཡིན་པ་བཀའ་སྩལ་འདུག

HHDL Swiss
Picture: OHHDL

ལྷག་པར་མགོན་པོ་༸གང་ཉིད་མཆོག་གིས་དེང་གི་ཆར་འཛམ་གླིང་ཕྱོགས་གང་སར་འཛམ་གླིང་ཞི་བདེ་ཞེས་གསུང་བཞིན་ཡོད་པ་དེ་སེམས་བཟང་པོ་གནང་བའི་ཐོག་ནས་ཡོང་རྒྱུ་ཡོད་པ་ཞིག་དང་། དེའང་ཆོས་ཀྱི་སྙིང་པོ་ཡིན་པ་མ་ཟད། མི་ཚེ་གཅིག་གི་དོན་ཆེན་ཡིན་སྟབས། བོད་ཀྱི་ཆོས་དང་རིག་གཞུང་ནང་ཡོད་པའི་སེམས་བཟང་པོ་བྱ་ཐབས་ཀྱི་ལམ་སྟོན་དེ་དག་ང་ཚོས་མུ་མཐུད་བདག་གཅེས་གནང་དགོས་གལ་ཡིན་པ་སོགས་བཀའ་སྩལ་འདུག

HHDL Swiss

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་བསྡུས་པའི་བཤད་ལུང་དང་མ་ཎིའི་ལྗགས་ལུང་གི་ཆོས་འབྲེལ་དངོས་གཞི་དབུ་འཛུགས་མཛད་རྗེས་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་སུད་སི་དང་ Liechtenstein བོད་རིགས་མི་མང་གི་སྐུ་ཚབ་གནང་ནས་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཏེ་ཆོས་འབྲེལ་མཇུག་བསྒྲིལ་མཛད་འདུག

HHDL Swiss
Picture: OHHDL

འདི་གའི་གསར་འགོད་པས་ Geneva སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་ཕུན་ཚོགས་སྟོབས་རྒྱལ་ལགས་སུ་དེ་རིང་གི་ཆོས་འབྲེལ་དང་འབྲེལ་ནས་བཀའ་འདྲི་ཞུས་ཡོད།

HHDL Swiss

རྩ་བའི་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༦ ཚེས་ ༢༨ ཉིན་ཨ་རིའི་ནིའུ་ཡོག་གི་ Hospital for Special Surgery སྨན་ཁང་དུ་ཞབས་པུས་གཤགས་བཅོས་ཀྱིས་སྨན་བཅོས་ལེགས་གྲུབ་ཀྱིས་ནིའུ་ཡོག་མངའ་སྡེའི་བྱང་རྒྱུད་དུ་བདུན་ཕྲག་དྲུག་རིང་སྐུ་ངལ་གསོ་བཞུགས་མཛད་རྗེས་ཟླ་བ་འདིའི་ཚེས་ ༢༠ ཉིན་ནུའི་ཡོག་གྲོང་ཁྱེར་དུ་ཆིབས་བསྒྱུར་མཛད་དེ་བྱང་ཨ་རིའི་བོད་རིགས་རྣམས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་གྲུབ་རྗེས་ཚེས་ ༢༣ ཉིན་ཨ་རི་ནས་སུད་སིར་ཆིབས་བསྒྱུར་གྱིས་ཛུ་རིག་ནང་ཞབས་སོར་བདེ་བར་འཁོད་ནས་སང་ཕྱི་ཚེས་ ༢༦ ཉིན་རྒྱ་གར་དུ་ཆིབས་བསྒྱུར་གྱིས་ཚེས་ ༢༨ ཉིན་བཞུགས་སྒར་དུ་ཞབས་སོར་འཁོད་རྒྱུ་ཡིན་པ་རེད།

HHDL Swiss

འབྲེལ་ཡོད་གསར་གནས།

གསར་གནས།