Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་སུམ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི།

Tibetan News Headlines

  • Tibet and Himalayas: In conversation with two PhD students

རེས་གཟའ་ཉི་མ། ༢༠༢༤།༠༩།༡༥

  • བོད་དང་ཧི་མཱ་ལ་ཡ། འབུམ་རམས་པའི་སློབ་མ་གཉིས་དང་གླེང་མོལ།

དེ་རིང་ཕྱི་ཟླ་ ༩ ཚེས་ ༤ ཉིན་རྡ་ས་ས་གནས་འགོ་འཛིན་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུས་བཞུགས་ཐོག་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས། དེ་བཞིན་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་བཅས་ཁྱོན་མི་གྲངས་བཅུ་ཕྲག་ཁ་ཤས་ཤིག་འདུ་འཛོམས་ཀྱིས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་།

National Democratic Party of Tibet

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་མང་གཙོ་གསོལ་རས་གནང་ཡོད་པ་ལྟར་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་དེ་བཞིན་ཆབ་སྲིད་ཚོགས་པའི་ལམ་ལུགས་ཀྱི་གནས་སྟངས་ཤིག་མིན་པར་ཆོལ་ཁ་ཆོས་ལུགས་ནས་འཐུས་མི་ཕེབས་ཏེ་བོད་སྤྱི་བའི་འགན་ཁུར་བཞེས་མཁན་ཞིག་གི་ངོ་བོའི་ཐོག་ནས་ཕྱག་ལས་གནང་དགོས་ཀྱི་ཡོད་པ་དང་། མི་མང་ཚོས་མང་གཙོའི་ཁེ་ཕན་ལོངས་སུ་སྤྱོད་སྐབས་དེའི་གོ་རྟོགས་དང་ཤེས་ཡོན། བཟོད་སྲན་དང་བློས་བཏང་སོགས་དགོས་ཀྱི་ཡོད་པ་མ་ཟད། འགོ་ཁྲིད་སུ་འདྲ་ཞིག་ཡིན་རུང་མི་མང་གི་ཆེད་དུ་བློས་གཏོང་བྱ་ཐུབ་མཁན་ཞིག་དགོས་ཀྱི་ཡོད་པ་གསུངས་སོང་།

Khenpo Sonam Tenphel

དེ་བཞིན་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་བཙན་བྱོལ་བོད་མིའི་ལོ་ཚིགས་སུ་ཕྱི་ལོ་ ༡༩༦༠ ནང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་གསོལ་བསྩལ་གནང་ནས་ཕྱི་ལོ་ ༡༩༩༠ དང་ ༡༩༩༡། ༡༩༩༤། ༡༩༩༦།  ༢༠༠༠།  ༢༠༡༡། བཅས་ཀྱི་ལོ་ཚིགས་རིམ་པའི་ནང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། ཕྱི་ལོ་ ༡༩༨༧ ནས་པྱི་ལོ་ ༡༩༨༨། ཕྱི་ལོ་ ༡༩༨༩ བཅས་ཀྱི་ལོ་ཚིགས་ནང་གི་ཆབ་སྲིད་ཀྱི་འཕེལ་རིམ་སོགས་ཞིབ་ཕྲ་ངོ་སྤྲོད་དང་སྦྲགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་བོད་མིའི་འཐབ་རྩོད་དང་འབྲེལ་ནས་ལས་འགུལ་གང་དག་སྤེལ་ནས་ནུས་པ་ཐོན་པ་ཞིག་བྱུང་མིན་དང་། ཚོགས་པས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་འབྲེལ་ནས་སྤྱི་འཐུས་དང་བཀའ་ཁྲི། དེ་བཞིན་སྲིད་སྐྱོང་བཅས་ཀྱི་འོས་མི་འདོན་རྒྱུ་མཚོན་པའི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ནང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་མཐུན་འགྱུར་དང་ཞབས་ཞུ་རླབས་པོ་ཆེ་སྒྲུབ་ཡོད་པ་ངོ་སྤྲོད་གནང་སོང་བ་མ་ཟད། དམིགས་བསལ་སྐུ་མགྲོོན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཚོགས་པ་དེ་ཉིད་ཇི་ལྟར་གསར་འཛུགས་གནང་བ་སོགས་ཞིབ་ཕྲ་ངོ་སྤྲོད་དང་སྦྲགས། ཚོགས་པའི་ངོས་ནས་ཐོག་མའི་དམིགས་ཡུལ་དང་མང་གཙོ་ཚོགས་པའི་ཟིན་བྲིས་ནང་གསལ་བ་ལྟར་ཇི་སྲིད་བོད་ཀྱི་བདེན་མཐའ་མ་སེལ་གྱི་བར་དུ་ཆབ་སྲིད་ལས་འགུལ་སྤེལ་དགོས་པ་དང་། ནམ་ཞིག་བོད་ཀྱི་བདེན་མཐའ་སེལ་སྐབས་བོད་སྐྱོང་བར་གྲ་སྒྲིག་བྱ་རྒྱུ་དེ་གལ་ཆེ་ཤོས་ཡིན་པ་གསུངས་སོང་།

Gonpo Dhondup

ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་ད་དུང་ཕྱི་ལོ་ ༢༠༢༣ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༧ པའི་ཐོག་ནས་ཁྲིམས་སྒྲིག་བསྐྱར་བཅོས་དང་འབྲེལ་ནས་ཚོགས་སྐྱིད་ཁག་ལ་བཅའ་ཁྲིམས་དང་འབྲེལ་བའི་དགོངས་ཚུལ་འབུལ་རྒྱུའི་གོ་སྐབས་བསྩལ་བ་ལྟར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༥༣ པའི་ཐོག་དེ་འབྲེལ་བསམ་ཚུལ་བསྡུ་ལེན་དང་འགན་འཛིན་ལྷན་ཚོགས་ཀྱི་གྲོས་སྡུར་གནང་ནས་དུས་ཀྱི་དགོས་མཁོ་དང་གནས་སྟངས་སོགས་ལ་གཞིགས་ནས་ལྟ་བ་འདྲ་མིན་ཡོད་པའི་ཆབ་སྲིད་ཚོགས་པ་ཡོད་པའི་མང་གཙོ་ཞིག་ཡོད་དགོས་པའི་དགོངས་ཚུལ་ཕུལ་དོན་ལྟར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་དུས་ད་ལྟའང་དགོངས་ཚུལ་དེར་གནས་བཞིན་ཡོད་སྐོར་གསུངས་དོན་ལྟར། འདི་ག་གསར་འགོད་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས་ལགས་སུ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་དུས་ཀྱི་དགོས་མཁོར་གཞིགས་ནས་ཆབ་སྲིད་ཚོགས་པ་དེ་དགོས་མཁོ་ཞིག་ཏུ་གཟིགས་ཀྱི་ཡོད་མིན་སྐོར་བཅར་འདྲི་ཞུས་ཡོད།

Acharya Yeshi Phuntsok

དེ་བཞིན་དེ་རིང་གི་མཛད་སྒོའི་ཐོག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་འདུན་ཚེ་འཕེལ་ལགས་ཀྱིས་ཚོགས་པའི་ལས་དོན་གནང་ཕྱོགས་སོགས་ཀྱི་ལས་བསྡོམས་སྙིང་བསྡུས་ཤིག་ངོ་སྤྲོད་དང་སྦྲགས། བོད་ཀྱི་བདེན་མཐའ་སེལ་བར་བཙན་བྱོལ་བོད་མི་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་དྲིལ་རྒྱུ་འབོད་སྐུལ་ཞུས་སོང་།

National Democratic Party of Tibet

འབྲེལ་ཡོད་གསར་གནས།

གསར་གནས།