Tibetan Royal Year of 2151 | Year of the Wood Dragon

བོད་ཉིང་ཁྲི་ནང་ཧི་མཱ་ལ་ཡས་བསྐོར་བའི་རྒྱལ་སྤྱིའི་མཉམ་ལས་ཀྱི་གླེང་སྟེགས་ཐེངས་གསུམ་པ་ཚོགས་པ། 

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

འདི་ལོ་རྒྱ་གཞུང་གིས་ Trans-Himalaya Forum འམ་ཧི་མཱ་ལ་ཡས་བསྐོར་བའི་རྒྱལ་སྤྱིའི་གླེང་སྟེགས་ཐེངས་གསུམ་པ་དེ་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་གྱི་འཕགས་བོད་ས་མཚམས་ཉེ་འགྲམ་སྟེ་བོད་ཉིང་ཁྲི་ཁུལ་དུ་ཁ་སང་དང་དེ་རིང་བཅས་ཉིན་གཉིས་རིང་བསྐོང་ཚོགས་གནང་འདུག

བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་གཞུང་གིས་ཁ་སང་དང་དེ་རིང་བཅས་ཉིན་གཉིས་རིང་རྒྱ་དཀར་ནག་གཉིས་དབར་གྱི་རྩོད་གླེང་ཆེ་བའི་རྒྱ་གར་གྱི་ཨ་རུ་ནཱ་ཅལ་ས་ཁུལ་ནས་རྒྱང་ཐག་སྤྱི་ལེ་ ༡༦༠ སར་ཆགས་པའི་བོད་ཉིང་ཁྲི་ས་གནས་སུ་ཧི་མཱ་ལ་ཡས་བསྐོར་བའི་རྒྱལ་སྤྱིའི་གླེང་སྟེགས་ཐེངས་གསུམ་པ་ཚོགས་ཡོད་པ་དང་དེའི་ཐོག་རྒྱ་ནག་གཙོས་པ་ཀིས་ཐན་དང་ཨཕ་གྷ་ནིསྠན། སོག་པོ་བཅས་མཉམ་ཞུགས་བྱས་འདུག་པར་མ་ཟད། འདི་ལོའི་གླེང་སྟེགས་ཀྱི་བརྗོད་གཞི་སྣོད་བཅུད་རྟེན་འབྲེལ་གྱི་རིག་གཞུང་དར་ཁྱབ་དང་ཁོར་ཡུག་སྲུང་སྐྱོབ་ཞེས་པ་དེ་ཆགས་ཡོད།

ཐེངས་འདིའི་ཧི་མཱ་ལ་ཡས་བསྐོར་བའི་རྒྱལ་སྤྱིའི་གླེང་སྟེགས་ཐེངས་གསུམ་པའི་ཐོག་པ་ཀིས་ཐན་གྱི་ཕྱི་སྲིད་དྲུང་ཆེན་ཟུར་པ་སྐུ་ཞབས་ Jalil Abbas Jilani ལགས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi ཡིས་དམིགས་བསལ་མགྲོན་འབོད་ཐོག་གླེང་སྟེགས་དེ་ཉིད་ཀྱི་སྒོ་འབྱེད་མཛད་སྒོ་གཙོ་སྐྱོང་བྱ་རྒྱུ་དང་། བོད་ནང་གནས་སྡོད་བྱས་པའི་སོག་པོའི་བློན་ཆེན་གཞོན་པ་གཙོས་རྒྱ་ནག་གི་ཕྱི་སྲིད་དྲུང་ཆེ་དང་ཨཕ་གྷན་གྱི་བར་བརྒལ་ཕྱི་སྲིད་དྲུང་ཆེ་བཅས་དང་ཐུག་འཕྲད་བྱས་ནས་ཚོགས་འདུ་ཁག་གཅིག་འཚོགས་རྒྱུ་ཡིན་པ་རེད།

རྒྱ་ནག་གིས་རྒྱ་དཀར་ནག་གཉིས་དབར་ལ་རྩོད་རྙོག་ཡོད་སའི་ས་ཁུལ་གྱི་ཉེ་འདབས་སུ་དེ་ལྟ་བུའི་གླེང་སྟེགས་ཚོགས་གནང་བར་རྒྱ་གར་གྱི་དབྱེ་ཞིབ་པ་ཁག་གིས་སྐྱོན་བརྗོད་དང་འབྲེལ། ཚོགས་འདུ་འདི་ཚོགས་དགོས་དོན་གཙོ་བོ་ནི་རྒྱ་གར་ལ་བརྡ་ལན་སྤྲོད་ཆེད་དང་ས་ཁུལ་དེ་དག་རྒྱ་ནག་ལ་བདག་དབང་ཡོད་ལུགས་རྒྱལ་སྤྱིའི་ཐོག་མངོན་གསལ་བྱ་ཆེད་ཡིན་པ་རེད་ཅེས་གསུངས་པ་དེ་ལྟར་ནའང་དོན་དངོས་ཐོག་ཨ་རུ་ནཱ་ཅལ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་མངའ་ཁུལ་ཞིག་རེད་ཅེས་ནན་བརྗོད་གནང་ཡོད་པ་རེད།

 རྩ་བའི་ཧི་མཱ་ལ་ཡས་བསྐོར་བའི་རྒྱལ་སྤྱིའི་མཉམ་ལས་ཀྱི་གླེང་སྟེགས་དེ་ཐོག་མར་ཕྱི་ལོ་ ༢༠༡༨ ལོར་འགོ་འཛུགས་གནང་བ་ཞིག་དང་ཧི་མཱ་ལ་ཡའི་རི་རྒྱུད་ཁུལ་གྱི་རྒྱལ་ཁབ་ཕན་ཚུན་དབར་ལ་ཁ་ཡོད་ལག་ཡོད་ཐོག་མཉམ་ལས་ཀྱི་ནུས་པ་སྤུང་རྒྱུ་གཙོས་ས་བབ་གནས་སྟངས་ཀྱི་འབྲེལ་ལམ་དང་ཁོར་ཡུག་སྲུང་སྐྱོབ་དང་སྣོད་བཅུད་རྟེན་འབྲེལ་གྱི་ཉར་ཚགས་དང་རིག་གཞུངའབྲེལ་ལམ་སོགས་ཡོང་ཆེད་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།