Tibetan Royal Year of 2151 | Year of the Wood Dragon

བོད་དོན་སླད་རྐང་སྤོལ་རྩེད་འགྲན་བྱ་རྒྱུ་དེས་བོད་པའི་མཚན་མཐོང་ལ་ཕན་གྱི་རེད།

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་གི་རྩེད་འགྲན་པ་དང་རྩེད་རིགས་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་འདུག

རིང་མིན་ཕྱི་ཟླ་ ༨ ནང་ཡུ་རོབ་ཀྱི་རྒྱལ་ཁབ་སྩེལ་འཇམ་ནང་ Cofina རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་བུའི་རུ་ཁག་མཉམ་ཞུགས་གནང་གཏན་ཁེལ་བ་བཞིན། ཁ་སང་ཚེས་ ༣ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་རྒྱལ་རྩེད་རིགས་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་རྐང་སྤོལ་རྩེད་འགྲན་པ་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་མཇལ་ཁ་ཞུས་སྐབས་མགོན་པོ་༸གང་ཉིད་མཆོག་གིས་བོད་དོན་སླད་རྐང་སྤོལ་རྩེད་འགྲན་གནང་རྒྱུ་དེས་བོད་པའི་མཚན་མཐོང་ལ་ཕན་གྱི་རེད་ཅེས་བཀའ་སྩལ་བ་དང་འབྲེལ་རྩེད་འགྲན་པ་རྣམ་པར་ཡི་རངས་བསྔགས་བརྗོད་མཛད་པ་དང་ཆབས་ཅིག་༸རྗེ་བཙུན་སྒྲོལ་མ་དང་འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས་ཀྱི་ལྗགས་ལུང་བཀྲིན་སྩལ་འདུག

དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་གྲུབ་མཚམས་སུ་རྩེད་འགྲན་པ་རྣམས་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བཅས་ནས་བཀའ་ཤག་ཏུ་ཆེད་བཅར་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད་ཞུས་འདུག

སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་ཀྱི་ས་བབ་ཚགས་ཆུལ་དང་ཁོར་ཡུག་གི་གལ་གནད། ལྷག་དོན་བོད་མཐོ་སྒང་ནི་འཛམ་གླིང་གི་བྱང་སྣེ་དང་ལྷོ་སྣེ་གཉིས་ཕུད་པའི་གངས་དང་འཁྱགས་རོམ་གྱི་མཛོད་ཆེ་ཤོས་ཡིན་པའི་དབང་གིས་འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་བཞིན་པ་དང་བོད་ནི་འཛམ་གླིང་གི་རྒྱུག་ཆུ་ཆེ་གྲས་དང་ཆུ་བོ་ཆེ་ཁག་འགའི་འབྱུང་ཁུངས་ཀྱང་ཆགས་ཡོད་པ་སོགས་གསུངས་པ་དང་འབྲེལ་ཏེ་རིང་མིན་བོད་རྒྱལ་ཡོངས་རྐང་སྤོལ་རྩེད་འགྲན་པ་རྣམས་ཡོ་རོབ་སྦེལ་འཇམ་དུ་ Conifa ཨེ་ཤ་ཡའི་རྩེད་འགྲན་ནང་མཉམ་ཞུགས་སླད་བཅར་གྱི་ཡོད་སྟབས། རྩེད་འགྲན་པ་རྣམས་ནས་རྩེད་མོའི་བརྒྱུད་ལམ་འདིའི་ཐོག་ནས་ངེས་པར་དུ་བོད་དོན་དྲིལ་བསྒྲགས་གནང་ཐབས་སུ་འབད་དགོས་པའི་གཞེན་སྐུལ་གནང་བར་མ་ཟད། རྩེད་མོ་དེ་རྩེད་མོའི་ངོ་བོར་བཞག་ནས་རྒྱལ་ཁ་སུ་ལ་ཐོབ་མིན་ལ་མ་ལྟོས་པར་ཕན་ཚུན་དབར་མཐུན་ལམ་དང་ངོ་ཤེས་པ་བཟོ་དགོས་གལ་ཡིན་པ་སོགས་ལམ་སྟོན་གནང་འདུག

གཞི་རྩའི་ཉེ་ལམ་བཞུགས་སྒར་དུ་ཚོགས་པའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐེངས་ ༢༨ ཐོག་ནས་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་གི་རྩེད་མོ་བ་ ༢༣ དྲག་འདེམས་ཀྱིས་རིང་མིན་ཕྱི་ཟླ་ ༨ ཚེས་ ༡ ནས་ ༦ བར་ Neitherlands ནང་འཚོགས་འཆར་ཡོད་པའི་ Conifa ཨེ་ཤ་ཡའི་རྩེད་འགྲན་ནང་མཉམ་ཞུགས་གནང་རྒྱུ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།