Tibetan Royal Year of 2151 | Year of the Wood Dragon

བོད་མཐོ་སྒང་གི་འཁྱགས་རོམ་བཞུར་ཚད་སྐོར་གནས་ཚུལ་ཁ་གསལ་མེད་རྐྱེན་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་གྱི་ལས་གཞིར་འགོག་རྐྱེན་བཟོ་བཞིན་འདུག

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

ཡུ་རོབ་རྒྱལ་ཁབ་ Sweden གྱི་རྒྱལ་ས་ Stokholm ནང་འཚོགས་བཞིན་པའི་འཛམ་གླིང་ཆུའི་བདུན་ཕྲག་ཅེས་པའི་ལྷན་ཚོགས་ཐོག ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ Uzra Zeya མཆོག་གིས། རྒྱ་གཞུང་གིས་བོད་ནང་བོད་མི་ས་ཡ་དྲུག་གི་བསམ་ཚུལ་ལ་རྩིས་མེད་དང་བོད་མཐོ་སྒང་ཐོག་འཛུགས་སྐྲུན་ལས་གཞི་རྒྱ་ཆེར་སྤེལ་བཞིན་པ་དེ་དག་བོད་མིའི་གནས་བབས་ལ་ཉེན་འཚབ་བཟོས་ཀྱི་ཡོད་པ་མ་ཟད། བོད་མཐོ་སྒང་གི་འཁྱགས་རོམ་བཞུར་ཚད་སོགས་ཀྱི་གནས་ཚུལ་ཁ་གསལ་མེད་རྐྱེན་གནམ་ཤིས་འགྱུར་ལྡོག་ལ་གདོང་ལེན་གྱི་ཞིབ་འཇུག་དང་ལས་གཞིར་འགོག་རྐྱེན་ཆེན་པོ་བཟོ་བཞིན་ཡོད་པ་གསུངས་འདུག

ཟླ་བ་འདིའི་ཚེས་ ༢༥ ནས་ཚེས་ ༢༩ བར་ Sweden གྱི་རྒྱལ་ས་ Stockholm ནང་ World Water Week འམ་འཛམ་གླིང་ཆུའི་བདུན་ཕྲག་ཅེས་པའི་ལྷན་ཚོགས་དེ་འཚོགས་བཞིན་པ་དང་བསྟུན། ཉིན་དང་པོའི་ཚོགས་འདུའི་ཐོག ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ Uzra Zeya མཆོག་དྲ་རྒྱའི་ཐོག་ནས་མཉམ་ཞུགས་ཀྱིས་གཏམ་བཤད་གནང་ཡོད་པ་དང་། བོད་མཐོ་སྒང་གི་ལྷོ་ངོས་སུ་ཆགས་པའི་སྤྱི་ལེ་གྲུ་ཞི་མ་འབུམ་གཅིག་ལྷག་གི་ས་ཁོངས་ཁྱབ་ཚད་ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་ནང་དུ་འཛམ་གླིང་ཁྲོད་ཀྱི་འཐུང་ཆུའི་འཁྱགས་རོམ་ཆེ་ཤོས་དེ་ཡོད་པ་དང་། དེ་ནི་ཧི་མ་ལ་ཡའི་ས་ཁུལ་ཙམ་མ་ཟད། གཤམ་འོག་རྒྱལ་ཁབ་ཁག་གི་ནང་དུ་གནས་པའི་མི་འབོར་ཐེར་འབུམ་ ༡་༨ ཙམ་གྱི་འཐུང་ཆུའི་འབྱུང་ཁུངས་གཙོ་བོ་དེ་ཆགས་ཀྱི་ཡོད་སྟབས། གནམ་གཤིས་འགྱུར་ལྡོག་རྐྱེན་པས་གནོད་འཚེ་ཕོག་སླ་བའི་བོད་མཐོ་སྒང་དང་ཧི་མ་ལ་ཡའི་ས་ཁུལ་དུ་ཚ་དྲོད་རྒྱས་ཚེ་འཐུང་ཆུའི་འཁྱགས་རོམ་དེ་དག་བཞུར་ཉེན་ཡོད་པར་ང་ཚོའི་ངོས་ནས་ཚ་དྲོད་རྒྱས་གཞིའི་དུག་རླངས་ཉུང་དུ་བཏང་སྟེ་ཚད་འཛིན་བྱ་དགོས་ངེས་ཡིན་པ་གསུངས་འདུག

ད་དུང་འདས་པའི་ལོ་ཤས་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མཐོ་སྒང་གི་ས་ཁུལ་ཐོག་ཆུ་རྒྱུན་གྱི་ཁ་ཕྱོགས་བསྒྱུར་བ་དང་ཆུ་ཤུགས་གློག་ཁང་གསར་རྒྱག་སོགས་ཀྱི་ལས་གཞི་ཇེ་མང་སྤེལ་བཞིན་པའི་རྐྱེན་གྱིས། ཡར་ཀླུང་གཙང་པོ་དང་ Indus སེང་གེ་གཙང་པོ། Mekong རྫ་ཆུ་སོགས་ཀྱི་ཆུ་རྒྱུན་ལ་གནོད་འཚེ་ཚབས་ཆེ་བཟོས་ཡོད་པ་མ་ཟད། བོད་ནང་གི་བོད་མི་ས་ཡ་དྲུག་གི་མངོན་འདོད་དང་མི་མཐུན་པར་སྤེལ་བཞིན་པའི་སྲིད་བྱུས་ལས་གཞི་དེ་དག་བརྒྱུད་བོད་མིའི་རྣམས་ལ་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད་པ་གསུངས་ཏེ། ད་ཆ་ང་ཚོར་གནམ་གཤིས་དང་འབྲེལ་བའི་གྲོས་མོལ་དེ་དག་གཞུང་གི་འཛིན་སྐྱོང་གནད་དོན་དང་ལོགས་སུ་དབྱེ་ཐབས་མེད་པའི་ངེས་པ་རྙེད་ཡོད་པ་དེ་ལྟར་ཡང་། གཞུང་དང་མང་ཚོགས་ཀྱི་བསམ་ཚུལ་མཉམ་འདུས་མེད་པའི་འཛུགས་སྐྲུན་ལས་གཞི་དེ་དག་གིས་གོ་ལའི་ཚ་དྲོད་མྱུར་ཚད་ཤུགས་ཆེར་གཏོང་བཞིན་ཡོད་པ་གསུངས་འདུག

མ་ཟད་ཐུན་མོང་གོང་འཕེལ་སླད་མཉམ་ལས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། མཉམ་ལས་ཁྲོད་ཕྱི་གསལ་ནང་གསལ་དང་ཕན་ཚུན་ཡིད་ཆེད་དགོས་གལ་ཆེན་པོ་ཡིན་ཞིང་། རྒྱལ་ཚོགས་ཀྱི་ངོས་ནས་ ༢༠༢༥ དེ་རྒྱལ་སྤྱིའི་འཁྱགས་རོམ་ཀྱི་ལོ་ཞེས་སྲུང་བརྩི་གནང་རྒྱུའི་གསལ་བསྒྲགས་སྤེལ་བ་བཞིན། ད་རེས་ཀྱི་ཚོགས་འདུའི་ཐོག མཁས་ལས་པ་དང་འབྲེལ་ཡོད་འགན་འཁུར་མི་སྣ། དེ་བཞིན་མཉམ་ཞུགས་གནང་མཁན་ཚང་མའི་ངོས་ནས་ཆུའི་བདེ་འཇགས་ཀྱི་ཐད་མཉམ་རུབ་ཀྱི་ནུས་པ་སྤུངས་རྒྱུའི་ཐབས་ལམ་ཐོག་གྲོས་བསྡུར་ལྷུག་པོ་གནང་རྒྱུའི་རེ་བ་གནང་བཞིན་ཡོད་པ་མ་ཟད། ཨ་རིའི་ངོས་ནས་འཛམ་གླིང་ནང་མཉམ་ལས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།