Tibetan Royal Year of 2151 | Year of the Wood Dragon

བོད་མི་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་རྒྱ་གར་རྒྱལ་ས་ལྡི་ལིར་འབྱོར་བ།

Tibetan News Headlines

  • སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་སྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་བ།
  • རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པའི་ལས་གཞིར་དཔྱད་ཞིབ།

Saturday 20/04/2024

  • Dalai Lama Calls for greater Compassion, Deems Kindness the Best Religious Practice
  • Thread of beads: Analysis of China’s renaming of places in Arunachal

བོད་ཀྱི་ལོ་གསར་ཚེས་གཅིག་ནས་ཟླ་བ་གཅིག་ཙམ་རིང་བཞུགས་སྒར་རྡ་རམ་ས་ལ་ནས་སྤྱི་ལེ་༥༠༠ ལྷག་ལ་བོད་དོན་གོམ་བགྲོད་ལས་འགུལ་གནང་མཁན་བོད་མི་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཁ་སང་ཉིན་རྒྱབ་རྒྱལ་ས་ལྡི་ལིར་འབྱོར་འདུགདེ་ཡང་བོད་རང་བཙན་འཐབ་རྩོད་པ་དང་།  རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཆུ་ཚོད་ ༣ པ་ཙམ་ལ་ལྡི་ལི་ཉེ་འགྲམ་ By Pass ཁུལ་དུ་འབྱོར་སྐབས་ལྡི་ལི་ས་གནས་ཀྱི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ Bharat Tibat Sayog Manch གྱི་ཚོགས་གཙོ་  Punkaj Goyal གྱི་དབུས་པའི་ཚོགས་པ་དེའི་ཚོགས་མི་ཁག་གཅིག་དང་།  བོད་རང་བཙན་རྒྱབ་སྐྱོར་བ་སྐུ་ཞབས་ Vijay Kranti ལགས་ཀྱི་གཙོས།   བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་དབུས་པའི་ས་གནས་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམས་ཀྱིས་སྣེ་ལེན་ཞུས་པ་མ་ཟད།    ཆུ་ཚོད་ ༥ ཙམ་ལ་བོད་སྒར་བསམ་ཡས་གླིང་དུ་དངོས་སུ་འབྱོར་སྐབས་ས་གནས་ཀྱི་བོད་མི་མང་ཚོགས་རྣམས་ཀྱིས་ཀྱང་སྣེ་ལེན་ཕེབས་བསུ་གཟབ་རྒྱས་ཞུས་སོང་།   བོད་སྒར་བསམ་ཡས་གླིང་དུ་ས་གནས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་དགོན་པའི་མདུན་ཐང་དུ་སྣེ་ལེན་གྱི་མཛད་སྒོ་སྟབས་བདེ་ཞིག་གོ་སྒྲིག་ཞུས་ཡོད་པ་དེའི་སྐབས་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས།   དུས་ཡུན་ཟླ་བ་གཅིག་ལྷག་གི་གོམ་བགྲོད་ལས་འགུལ་དེའི་སྐབས་ས་གནས་སོ་སོའི་ཡུལ་མི་རྣམས་ལ་བོད་དོན་དྲིལ་བསྒྲགས་དང་མཉམ་དུ།   རྒྱ་གར་གཞུང་གི་ངོས་ནས་རྒྱ་ནག་གཅིག་ངོས་འཛིན་བྱེད་བཞིན་པའི་སྲིད་བྱུས་དེར་འགྱུར་བ་ཡོང་ཐབས་ཤིག་ཡིན་པའི་འགྲེལ་བརྗོད་དང་སྦྲགས།  ཁོང་གི་ད་རེས་གོམ་བགྲོད་གནང་བ་དེ་ནི་བོད་ཀྱི་གནད་དོན་དེ་རྒྱུན་ལྡན་ཆབ་སྲིད་ཀྱི་གླེང་སློང་ནང་གཞི་རྩ་གཙོ་བོ་ཞིག་ཡོང་བའི་ཐབས་ལམ་ཞིག་ལས།   ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་དེ་།  རྒྱ་གར་གཞུང་ལ་བོད་ཀྱི་གནད་དོན་དེ་རྒྱ་ནག་མཉམ་གྲོས་མོལ་སོགས་གནང་སྐབས། ཕན་ཐོག་ཆེ་ཤོས་ཀྱི་ལག་ཆ་ཞིག་ཡིན་པའི་བརྡ་ལན་འཕྲོད་ཐབས་ཤིག་ཡིན་པའི་སྐོར་སོགས་ཀྱང་ངོ་སྤྲོད་གནང་སོང་།    བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་ད་དུང་།    རྒྱ་གར་གཞུང་གི་ངོས་ནས་རྒྱ་ནག་གཅིག་ལ་ངོས་འཛིན་བྱེད་པའི་སྲིད་བྱུས་ཟེར་བ་དེ་གང་འདྲ་ཞིག་ལ་གོ་དགོས་མིན་དང་།     ལྷག་པར་ད་རེས་ཀྱི་གོམ་བགྲོད་ཀྱི་ལས་འགུལ་དེར་དཔལ་འབྱོར་གྱི་མཐུན་འགྱུར་གནང་མཁན་དང་།  དེ་བཞིན་ལས་འགུལ་དེའི་བརྒྱུད་རིམ་ཁྲོད་རྒྱལ་སྤྱིའི་ནང་ཡོད་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་།  བོད་མི་མང་ཚོགས་བཅས་ནས་མཚན་རྟགས་བསྡུ་རུབ་ལ་སོགས་པའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་ཡོད་པ་དེ་དག་ཙམ་མ་ཟད།   ཕྱི་རྒྱལ་བ་དང་།    རྒྱ་གར་གྱི་ས་གནས་གསར་འགོད་པ་ཚོས་ཀྱང་རྒྱབ་སྐྱོར་གང་འོས་གནང་ཡོད་པ་ཚོར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ།  རྩ་བའི་གོམ་བགྲོད་དེ་སང་ཉིན་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་དང་བསྟུན།    བོད་སྒར་བསམ་ཡས་གླིང་ནས་ཇན་ཏར་མན་ཏར་བར་གོམ་བགྲོད་མཐའ་མ་དེ་གནང་སྟེ་རེ་ཞིག་མཇུག་སྒྲིལ་གནང་གི་ཡོང་ནའང་།  ལས་འགུལ་གྱི་དམིགས་ཡུལ་དེ་ད་དུང་ཡང་མུ་མཐུད་གནས་རྒྱུ་ཡིན་སྟབས་མི་མང་ཚོའི་ངོས་ནས་མུ་མཐུད་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་པ་མ་ཟད།    སང་ཉིན་ཇན་ཏར་མན་ཏར་ཁུལ་དུ་མཛད་སྒོ་སྟབས་བདེ་ཞིག་འཚོགས་པའི་རྗེས་སུ་མཚན་རྟགས་བསྡུ་རུབ་བྱུང་བ་ཁག་རྒྱ་གར་གྱི་སྲིད་བློན་ལས་ཁུངས་སུ་འབུལ་ལམ་ཞུ་རྒྱུ་ཡིན་སྐོར་འགྲེལ་བརྗོད་ཀྱང་གནང་སོང་།

གཞི་རྩའི་ཁ་སང་བོད་སྒར་བསམ་ཡས་གླིང་དུ་བསྟན་འཛིན་བརྩོན་འགྲུས་ལགས་སུ་སྣེ་ལེན་ཞུས་བའི་མཛད་སྒོ་དེའི་ཐོག་མི་མང་བརྒྱ་སྐོར་ཞིག་འདུ་འཛོམས་བྱུང་འདུག་པ་དང་།   སྐབས་དེར་ད་དུང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་དང་།  ཡུན་རིང་ནས་བོད་རང་བཙན་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱ་གར་གྱི་གསར་འགོད་པ་སྐུ་ཞབས་Vijay Kranti བཅས་ནས་ཀྱང་བོད་དོན་ལས་འགུལ་དང་འབྲེལ་བའི་གསུང་བཤད་བཅས་ཀྱང་གནང་སྟེ་སྣེ་ལེན་གྱི་མཛད་སྒོ་དེ་མཇུག་སྒྲིལ་བྱུང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།