བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ།

Tibetan News Headlines

  • Kharchu Pema Garbha Dharma Centre and All Himalayan Buddhists Salbari offers ‘Tenshug’ to the Dalai Lama
  • Tibetans Attempt to Stop Poaching by Chinese Police Officers; reprimanded by Local Officers
  • China Orders Removal of Former Abbot Lobsang Tenpa from Ragya Monastery’s Abbot Lineage
  • Chinese Authorities Coerce Tibetans in Ngari into Mandatory Road Construction
  • 2026 Tibet Forum Calls for Repeal of China’s Ethnic Unity Law in Five-Point Declaration
  • Chinese Official Sentenced to Death over Disclosure of State Secrets to Foreign Intelligence
  • Alalamo: New Gorshey Song “Kowa Laso” by Tenzin Yeshi  (Yema) and Tenzin Dolma

ཪེས་གཟའ་མིག་དམར། ༢༠༢༦།༡༡།༢༤

  • ༸གོང་ས་མཆོག་ལ་མཁར་ཆུ་པདྨ་གརྦྷ་ཆོས་ཚོགས་ཀྱི་ངོས་ནས་བརྟན་བཞུགས་བསྟར་འབུལ།
  • རྒྱ་མི་ཉེན་རྟོགས་པས་བོད་ཀྱི་སྟོང་ལ་ཉེ་བའི་རི་བདག་ལ་རྔོན་རྒྱག་པར་ས་གནས་བོད་མིས་ངོ་རྒོལ།
  • མགོ་ལོག་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་དགོན་པ་དེ་ཉིད་ཀྱི་མཁན་རབས་ནས་ཕྱིར་འཐེན་དགོས་པའི་བཙན་བཀའ་བཏང་འདུག
  • མངའ་རིས་ས་ཁུལ་གྱི་ཡུལ་མི་རྣམས་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་ནང་བཙན་སྐུལ་བྱེད་བཞིན་པ།
  • མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ཕྱིར་འཐེན་དགོས་པ་སོགས་ཀྱི་དོན་ཚན་ལྔ་གཏེན་འབེབས་ཐོག་ ༢༠༢༦ ལོའི་གངས་ལྗོངས་གླེང་སྟེགས་ཚོགས་འདུ་མཇུག་སྒྲིལ།
  • རྒྱལ་ཁབ་ཀྱི་གསང་བ་མཁོ་སྤྲོད་བྱས་རྐྱེན་རྒྱ་གཞུང་གི་ལས་བྱེད་ཅིག་ལ་སྲོག་ཐོག་ཁྲིམས་ཐག་བཅད་པ།
  • ཨ་ལ་ལ་མོ་ལེ་ཚན། སྒྱུ་རྩལ་བ་བསྟན་འཛིན་ཡི་ཤེས་ལགས་དང་ལྷན་ཀོ་བ་ལ་སོ་ཞེས་པའི་སྒར་གཞས་གསར་པའི་སྐོར་བཅར་འདྲི།

རྒྱ་ནག་གཞུང་གིས་ཉེ་ལམ་བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་དགོན་པར་སྡོད་མི་ཆོག་པར་རང་ཡུལ་གྱི་དགོན་པར་ལོག་དགོས་པའི་བཀའ་ཁྱབ་བཏང་བ་ལྟར། གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་མུས་ཡིན་པ་རེད་འདུག

Larung Gar 2026
པར་དབང་། TibetTimes

དེ་ཡང་གནས་ཚུལ་རྒྱུས་ལོན་བྱུང་བར་གཞིགས་ན།  ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་སྡོད་ཁང་མང་དྲགས་པའི་རྐྱེན་གྱིས་བདེ་འཇགས་མེད་ལུགས་དང་། གྲྭ་བཙུན་མང་དྲགས་འདུག་ཟེར་བ་སོགས་བཤད་ནས། གྲྭ་ཤག་གཏོར་བཤིག་བཏང་དང་གཏོང་མུས་ཡིན་པ་མ་ཟད། ཉེ་ལམ་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་རང་སོ་སོའི་ཕ་ཡུལ་གྱི་དགོན་པ་སོགས་ལ་ཕྱིར་ལོག་བྱ་དགོས་པ་ལས། མུ་མཐུད་བླ་རུང་སྒར་ལ་སྡོད་མི་ཆོག་པའི་བཀའ་ཁྱབ་བཏང་འདུག  ད་དུང་ཁུལ་དེའི་གྲྭ་བཙུན་གཙོས་ཡུལ་མི་རྣམས་ལ་དམ་དྲག་དང་། ས་གནས་གཞན་གྱི་མཆོད་མཇལ་བ་རྣམས་དགོན་པའི་ནང་མི་གཏོང་བར་དམ་དྲག་ཤུགས་ཆེན་བྱེད་མུས་ཡིན་པ་རེད་འདུག

གནད་དོན་དེ་འབྲེལ་འདི་ག་གསར་ཁང་གིས་དེ་སྔ་བླ་རུང་སྒར་ལ་སློབ་སྦྱོང་བྱེད་མྱོང་མཁན་དང་ཨ་མྱེས་རྨ་ཆེན་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས།  རྩ་བའི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༡ ལོ་ནས་འགོ་འཛུགས་ཏེ་བླ་རུང་སྒར་གྱི་གྲྭ་ཤག་གཏོར་བཤིག་གི་ལས་འགུལ་སྤེལ་ཡོད་པ་དང་།  ད་བར་ལོ་ངོ་ ༢༦ རིང་རྒྱ་ནག་གཞུང་གིས་གྲྭ་ཤག་ ༧༠༠༠ ལྷག་གཏོར་བཤིག་བཏང་ཟིན་ཡོད་པ་འགྲེལ་བརྗོད་དང་སྦྲགས།  རྒྱ་ནག་གཞུང་གིས་བླ་རུང་སྒར་གྱི་གྲྭ་ཤག་གཏོར་བཤིག་གི་ལས་འགུལ་དེ་བཞིན་རྒྱུན་ལྡན་གྱི་བྱེད་ལུགས་ཤིག་ལ་གྱུར་ཡོད་པ་གསུངས་སོང་།

གཞན་ཡང་བོད་ཀྱི་དུས་བབ་གསར་ཁང་ལ་གནས་ཚུལ་བྱུང་བར་གཞིགས་ན།  རྒྱ་ནག་གཞུང་གིས་དེ་སྔ་བླ་རུང་སྒར་གྱི་སྒྱུ་འཕྲུལ་ལྷ་ཁང་གི་ཁུལ་དེ་བཤིག་རྒྱུ་ཐག་གཅོད་བྱུང་ཡོད་ཀྱང་།  དགོན་པའི་འབྲེལ་ཡོད་རྣམས་ཀྱིས་ཁུལ་དེ་བཤིག་ན། ལྷ་ཁང་དང་གཙུག་ལག་ཁང་། སྐོར་ལམ་སོགས་ལ་གནོད་པ་སྐྱེས་ཀྱི་འདུག་ཅེས་ཡར་རིམ་པ་ཞུས་ནས།  བླ་རུང་སྒར་གྱི་གྲྭ་བཙུན་དང་དགེ་བསྙེན་རྣམས་སྡོད་སའི་བར་གྱི་གྲྭ་བཙུན་གྱི་སྡོད་ཤག་རྣམས་གཏོར་རྒྱུ་གཏན་འཁེལ་བྱུང་ནས།  ད་ལྟའི་ཆར་དེའི་ལམ་རྒྱུད་དུ་ཡོད་པའི་གྲྭ་ཤག་ ༡༠༠༠ ལྷག་གཏོར་གྱི་ཡོད་པ་རེད་འདུག

མ་ཟད་རྒྱ་ནག་གཞུང་གིས་གྲྭ་ཤག་གཏོར་ཟིན་པའི་གྲྭ་བ་དང་བཙུན་མ་རྣམས་བླ་རུང་སྒར་དུ་གཏན་ནས་སྡོད་མི་ཆོག་པར། ས་གནས་གཞན་ནས་ཡོང་མཁན་རྣམས་རང་རང་གི་ཁྱིམ་དང་། གྲྭ་བཙུན་རང་རང་གི་ཕ་ཡུལ་གྱི་དགོན་པར་འགྲོ་དགོས་པའི་བཀའ་ཁྱབ་བཏང་རྗེས། ད་ཆ་གྲྭ་བཙུན་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་ཕ་ཡུལ་དུ་བཙན་གྱིས་ཕྱིར་ལོག་བྱེད་མུས་ཡིན་འདུག་པ་དང་།  གསེར་རྟ་ནས་ཡིན་པའི་གྲྭ་བཙུན་རྣམས་ཀྱང་བླ་རུང་སྒར་དུ་སྡོད་མི་ཆོག་པར། སོ་སོའི་ཕ་ཡུལ་དང་ཁུངས་སོ་སོའི་དགོན་པ་སོགས་ལ་འགྲོ་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་བརྗོད་འདུག

རྩ་བའི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༡ ནས་བཟུང་དགོན་པའི་གྲྭ་བཙུན་གྱི་གྲངས་འབོར་ལ་ཚད་འཛིན་གྱི་ལས་གཞི་སྤེལ་བ་གཙོས། དགོན་པའི་གྲྭ་ཤག་སྟོང་ཕྲག་ལྷག་གཏོར་བཤིག་བཏང་པ་དང་། དེ་བཞིན་ཡང་ཕྱིས་སུ་ཕྱི་ལོ་ ༢༠༡༦ ནས་འགོ་འཛུགས་ཀྱིས་ཕྱི་ལོ་ ༢༠༡༧ བར་དུ་སྙན་གྲགས་ཅན་གྱི་སློབ་གཉེར་ཁང་དེའི་ནང་གི་གྲྭ་ཤག་ ༥༠༠༠ མན་ཙམ་རྩ་གཏོར་དང་གྲྭ་བཙུན་ ༤༨༠༠ ལྷག་བཙན་ཤེད་ཀྱིས་དགོན་པ་ནས་ཕྱིར་འབུད་བཏང་བ་མ་ཟད། བླ་རུང་སྒར་གྱི་བཙུན་མ་ཚེ་རིང་སྒྲོལ་མ་ལགས་ཞུ་བ་ཞིག་གིས་ཕྱི་ལོ་ ༢༠༡༩ ལོའི་ཟླ་བ་ ༧ པའི་ཚེས་ ༡༩ ཉིན་རྒྱ་ནག་གིས་གྲྭ་ཤག་གཏོར་བཅོམ་བཏང་བ་དང་བོད་དུ་རང་དབང་མེད་པ་སོགས་ཀྱི་ཁ་ཆེམས་ཡི་གེ་བྲིས་ཏེ་རང་སྲོག་བཅད་པའི་གནད་དོན་ཡང་བྱུང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།