Tibetan Royal Year of 2151 | Year of the Wood Dragon

མགོ་ལོག་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་སྐོར་སྐྱོད་ཁྲིམས་ར་འཚོགས་བཞིན་པ།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

བོད་མགོ་ལོག་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ས་ཁུལ་དེའི་ནང་དུ་སྐོར་སྐྱོད་ཁྲིམས་ར་ཟེར་བ་འཚོགས་བཞིན་པ།

དེ་ཡང་ཉེ་ཆར་གནས་ཚུལ་ཤེས་རྟོགས་བྱུང་བ་དང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་ཐོན་ཁག་ལ་གཞིགས་ན། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༧ པ་ནས་བཟུང་བོད་མདོ་སྨད་མགོ་ལོག་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་སྐོར་བསྐྱོད་ཁྲིམས་ར་ཞེས་ཁྲིམས་ཁང་གི་མི་སྣ་རྣམས་ས་ཁུལ་སོ་སོར་བསྐྱོད་དེ་ཁྲིམས་འགལ་གྱི་གྱོད་དོན་སྐོར་གནས་ཚུལ་བསྡུ་ལེན་བྱེད་བཞིན་པ་མ་ཟད། ཞི་ཅིན་ཕིང་ལ་དད་མོས་དང་། རྒྱལ་ཁབ་གཅིག་གྱུར་གྱི་ལྟ་བ་གོང་འཕེལ་གཏོང་ཐབས་སྐོར་སློབ་གསོ་རྒྱག་བཞིན་ཡོད་པ་རེད་འདུག

རྩ་བའི་མགོ་ལོག་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་སྐོར་སྐྱོད་ཁྲིམས་ར་ཞེས་པ་དེ་གསར་དུ་འགོ་འཛུགས་བྱས་པའི་ལས་འཆར་ཞིག་ཡིན་པ་དེ་ལྟར་ཡང་། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་ཕྱི་ལོ་ ༢༠༠༩ ནས་འགོ་བཙུགས་ཡོད་ཅིང་། ལྷག་པར་ཕྱི་ལོ་ ༢༠༡༨ ཡས་མས་སུ་ནག་སེལ་གཅེད་བཅོམ་ཞེས་པའི་སྲིད་བྱུང་ལག་བསྟར་འོག རྒྱ་ནག་གི་ཞིང་ཆེན་གཞན་ཁག་ཏུ་མེ་མདའ་དང་རྒྱན་རྩེད་ལྟ་བུ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་མི་ངན་རུ་ཁག་ལ་གདོང་ལེན་བྱ་རྒྱུ་གཙོ་བོར་བཟུང་ཡོད་པ་རེད། འོན་ཀྱང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བོད་མིའི་ཁྲོད་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་དང་རྐྱོན་བརྗོད་བྱེད་མཁན། ཁོར་ཡུག་དང་རིག་གཞུང་། དེ་བཞིན་སྐད་ཡིག་སྲུང་སྐྱོབ་སོགས་དང་འབྲེལ་བའི་སྤྱི་དམངས་ཀྱི་ལས་འགུལ་ཁག་ལ་དམ་དྲག་དང་། ལྷག་པར་སྐོར་བསྐྱོད་ཁྲིམས་ར་ཚོགས་པའི་བརྒྱུད་ནས་བོད་པའི་སྤྱི་ཚོགས་ཁྲོད་ཁྱིམ་ཚང་གི་རྩོད་རྙོག་ཁག་འདུམ་འགྲིག་ཐད་ས་གནས་དགོན་པ་དང་བླ་མ་རྣམས་ཀྱི་ཤུགས་རྐྱེན་མེད་པ་བཟོ་ཐབས་སོགས་ཀྱི་སྐོར་ལ་དེ་སྔ་ཨ་རིར་རྟེན་གཞི་བྱས་པའི་ Human Rights Watch འམ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་མཐོ་ནང་ཐེར་འདོན་གནང་ཡོད་པ་རེད།

མ་ཟད་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཕྱི་ལོ་ ༢༠༢༠ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལོ་འཁོར་སྙན་མཐོ་འདོན་སྤེལ་གནང་བའི་ནང་དུ། རྒྱ་ནག་གི་བཙན་ནོན་འོག་གནས་པའི་བོད་མི་རྣམས་ལ་རྒྱུན་ལྡན་དྲང་བདེན་གྱི་ཁྲིམས་བཤེར་བྱེད་པའི་ཐོབ་ཐང་སྤྲད་ཀྱི་མེད་པ་མ་ཟད། བོད་མིའི་གྱོད་དོན་ཁྲིམས་བཤེར་སྐབས་ཁྲིམས་རྩོད་པ་དང་ནང་མི་སྤུན་མཆེད་སོགས་སུ་གང་ཡང་མཉམ་ཞུགས་བྱེད་མི་བཅུག་པར་གསང་བའི་ཁྲིམས་ར་བརྒྱུད་ཐག་གཅོད་བྱེད་ཀྱི་ཡོད་པ་སོགས་མངོན་གསལ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།