Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ཨུ་རུ་སུའི་ཁུལ་དུ་ཕེབས་རྒྱུར་ཐུགས་རེ་ཡོད་སྐོར་བཀའ་སྩལ་བ།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

དེ་རིང་ཟླ་ ༡༡ ཚེས་ ༧ ཉིན་གྱི་སྔ་དྲོའི་ཚོུད་༩ བའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲྭ་ཐོག་བརྒྱུད་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་ཉིན་མཐའ་མའི་བཀའ་ཆོས་སྐབས། དེ་རིང་ལྷ་བབ་དུས་ཆེན་གྱི་ཉིན་མོ་ཡིན་པར་ངོ་སྤྲོད་ཀྱིས་སངས་རྒྱས་ཀྱི་ཆོས་ཀྱི་སྙིང་བོ་དེ་སེམས་ལ་བཅོས་བསྒྱུར་གཏོང་རྒྱུ་དེ་ཡིན་པར་བརྟེན། སྒྲུབ་པའི་མཆོད་པ་འབུལ་རྒྱུ་དེ་གལ་ཆེན་པོ་ཡིན་པར་བཀའ་སྩལ་སོང་། སྐབས་དེར་མགོན་པོ་གང་གིས་དབང་རྣོན་ཆོས་ཀྱི་རྗེས་འབྲངས་བ་ཞིག་ལ་མཚོན་ན། བདག་འཛིན་གྱི་ཉོན་མོངས་རྣམས་སྤོང་ཐབས་ཀྱིས། སེམས་ཅན་ཐམས་ཆད་ལ་དམིགས་པའི་གཞན་ཕན་གྱི་བློ་ཞིག་སྐྱེད་ཐུབ་པ་ཡིན་ན་བྱང་ཆུབ་སེམས་དེ་རིམ་པར་གོང་འཕེལ་དུ་འགྲོ་ངོས་ཡིན་པར་བརྟེན། དུས་ནས་དུས་སུ་གཞན་ཕན་གྱི་བློ་བསྐྱེད་རྒྱུ་གལ་ཆེན་པོ་ཡིན་པར་བཀའ་གནང་བ་དང་འབྲེལ། སྟོང་ཉིད་སྒོམ་པའི་ཐོག་ནས་བདག་འཛིན་མ་རིག་པའི་རྩ་བ་དེ་བཅོམ་ཐབས་གནང་དགོས་བའི་བཀའ་སྩལ་སོང་།
སྐབས་དེར་ཆོས་ཞུ་བ་རྣམས་ཀྱིས་བཀའ་འདྲི་དགོངས་སྐོར་ཁག་ཅིག་གནང་བའི་སྐབས་སུ། མགོན་པོ་གང་ཉིད་ད་ལྟ་ཆར་སྐུ་གཟུགས་བདེ་ཐང་ཡིན་པར་བཀའ་གནང་སྟེ་ཨུ་རུ་སུར་ལམ་ཐག་རིང་བོར་མེད་པར་བརྟེན་མ་འོངས་བར་ཁུལ་དེར་ཕེབས་ཐུབ་རྒྱུར་ཐུགས་རེ་ཆེན་པོ་གནང་གི་ཡོད་སྐོར་བཀའ་གནང་བ་དང་འབྲེལ། གང་ཉིད་ལོ་རྒྱུས་ཀྱི་ཐོག་ནས་སོག་རིགས་མི་མང་དང་འབྲེལ་བ་ཆེན་པོ་ཡོད་པར་ལུང་འདྲེན་གྱིས། ཨུ་རུ་སུའི་སོག་རིགས་ཀྱི་གཙོ་བྱས་པའི་མི་མང་ལ་དུས་ནས་དུས་སུ་གསུངས་ཆོས་གནང་རྒྱུར་གྲྭ་སྒྲིག་ཡོད་སྐོར་ཀྱི་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་སོང་།
དེ་བཞིན་མགོན་པོ་གང་གིས་དུས་རྒྱུན་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉམས་ལེན་གནང་གི་ཡོད་པར་བཀའ་གནང་སྟེ། དད་ལྡན་མང་ཚོགས་ཀྱིས་ཀྱང་དུས་རྒྱུན་དང་སྒོས་སུ་ཚེ་མཇུག་ཏུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་པའི་ཐོག་ནས་བསྔོ་བ་སྨོལ་ལམ་ཞུས་ན། མགོན་པོ་གང་ཉིད་མཆོག་དང་ལྷན་དུ་ཆོས་འབྲེལ་མུ་མཐུད་གནས་ངེས་ཡིན་པ་མ་ཟད། སྐྱེ་བ་རྗེས་མ་ཡང་ཚད་ལྡན་གྱི་བླ་མའི་དྲུང་དུ་སྐྱེ་ཐུབ་པར་བཀའ་སྩལ་ཏེ་དེ་རིང་གི་གསུངས་ཆོིས་མཇུག་སྒྲིིལ་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།