Tibetan Royal Year of 2150 | Year of the Water Rabbit

མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་འཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Tibetan News Headlines

  • Dalai Lama safely arrives in Dharamshala after two-months of stay in Mundgod
  • No Runoff Needed: Sikyong Election Ends in First Round as Penpa Tsering Wins Over 60% of the Vote
  • Exclusive : Sikyong on Restoration of U.S. Funding for Tibet and  Congressional Reference to ‘Tibetan Government-in-Exile’
  • Dharamsala Marks 113th Anniversary of 13th Dalai Lama’s Proclamation of Tibetan Independence
  • China Expands Military Presence in Tibetan Schools with On-Campus Training Program

ཪེས་གཟའ་པ་སངས། ༢༠༢༦།༠༢།༡༣

  • ༸གོང་ས་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་པ།
  • ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དངོས་གཞིའི་འོས་བསྡུ་མི་དགོས་པར་་སྲིད་སྐྱོང་གི་རྒྱལ་ཁ་ཐོབ་འདུག
  • སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཁྲོད་ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་འོས་བརྒྱ་ཆ་ ༦༠ བརྒལ་བར་སླར་ཡང་སྲིད་སྐྱོང་དུ་འོས་འདེམས་བྱུང་བ།
  • སྲིད་སྐྱོང་མཆོག་ལ་ཨ་རིའི་རོགས་དངུལ་བསྐྱར་གསོ་དང་གཏོང་ལེན་ཁྲིམས་ཡིག་ནང་བཙན་བྱོལ་བོད་གཞུང་ཞེས་བཀོད་པའི་གནད་འགག་སྐོར་བཅར་འདྲི་ཞུས་པ།
  • བཞུགས་སྒར་དུ་བོད་དངུལ་ངོ་སྤྲོད་བརྒྱུད་བོད་རང་བཙན་ཉིན་མོ་སྲུང་བརྩི་ཞུས་པ།
  • མལ་གྲོ་གུང་དཀར་སློབ་ཆུང་དུ་དམག་སྦྱོང་འཛིན་གྲྭ་བཙུགས་པ།

རྒྱ་གར་ལྷོ་ཕྱོགས་ Karnataka མངའ་སྡེའི་ Uttara Kannada རྫོང་ནང་རྟེན་གཞི་བྱས་པའི་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནང་དུ་ཁ་སང་ཕྱི་དྲོ་ཕྱག་ཚོད་ ༤ པ་ཡོལ་ཙམ་ནས་མགོ་བཙུགས་ཏེ་སྐར་མ་ ༤༠ ཞེ་གྲངས་ཞིག་གི་རིང་ལ་དྲག་ཆར་རླུང་ཚུབ་ཤུགས་ཆེ་བྱུང་བའི་ཁྲོད། རྒྱ་ལམ་དགག་པ་དང་། ཁང་པའི་ཐོག་ཁྱེར་བ་སོགས་ཀྱི་དོན་རྐྱེན་ཁག་གཅིག་བྱུང་ཡང་མི་ཤི་སྐྱོན་ཆག་ཪིགས་བྱུང་མིན་འདུག

Mundgod Cyclone

དེ་ཡང་དེ་རིང་སྔ་དྲོ་འདི་གའི་གསར་འགོད་པས་མོན་གྷོ་འདུད་རྒུ་གླིང་ས་གནས་འགོ་འཛིན་ལྷག་པ་སྒྲོལ་མ་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གི་ཁ་སང་གློ་བུར་ཐོབ་ཀྱག་ལ་ཆར་རླུང་རྒྱག་པའི་ཁྲོད། ས་གནས་སུ་ཤིང་སྡོང་མང་པོ་གས་པའི་རྐྱེན་གྱིས་རྒྱ་ལམ་བཀག་སྟེ་ད་ལྟའི་ཆར་ས་གནས་སུ་འགྲུལ་བཞུད་ཀྱི་དཀའ་ངལ་ཡོད་པ་དང་། དེ་བཞིན་ཁུལ་དེའི་ནང་རྟེན་གཞི་བྱས་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པའི་ཁང་ཐོག་འཁྱེར་ཏེ་གྱོང་གུད་ཆེན་པོ་ཕོག་པ་དང་། གཞིས་གྲོང་དང་པོའི་སྤྱི་ཁང་གི་ཁང་ཐོག་ཁྱེར་བ། དེ་བཞིན་གཞིས་མི་རེ་བཟུང་ཞིག་གི་ཁང་པའི་ཐོག་ཁྱེར་བ་སོགས་ཀྱི་གནོན་སྐྱོན་ཕྲན་བུ་བྱུང་ཡོད་པ་དེ་ལྟར་ཡང་། མི་ཤི་སྐྱོན་ཆག་རིགས་གི་གནས་ཚུལ་གང་ཡང་བྱུང་མེད་སྐོར་དང་འབྲེལ། ས་གནས་འགོ་འཛིན་གྱི་ངོས་ནས་ས་གནས་ཀྱི་ཤིང་ནགས་ལས་ཁུངས་སུ་འབྲེལ་བ་གནང་སྟེ་ཤིང་སྡོང་གཙང་མ་བཟོ་རྒྱུ་དང་། ས་གནས་སུ་ཉེན་ཁ་མ་ཡལ་བར་དུ་དགོས་ངེས་ཀྱི་བྱེད་སྒོ་ཁག་གནང་མུས་རེད་འདུག

Mundgod Cyclone

རྩ་བའི་ Karnataka ཁུལ་དུ་འདས་པའི་ཟླ་བ་བཞི་ཙམ་གྱི་རིང་ལ་དུས་ཐོག་ཆར་ཆུ་མ་བབས་པའི་རྐྱེན་གྱིས་ཞིང་པ་དང་མང་ཚོགས་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་ཁྲོད། ཁ་སང་རྒྱ་གར་གནམ་གཤིས་ཚན་པའི་གནམ་གཤིས་སྔོན་བརྡ་གསར་པ་ཞིག་སྤེལ་བར་གཞིག་ན། ཁ་སང་ནས་དབུ་འཛུགས་ཀྱི་ Uttara Kannada གཙོས་པའི་མངའ་སྡེའི་རྫོང་ཁག་ཁ་ཤས་ནང་དུ་ཆར་པ་བཏང་བ་དང་མཉམ་དུ་རླུང་ཚུབ་སོགས་ཡོང་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག གནམ་ཤིས་སྔོན་བརྡར་གཞིག་ན། Uttara Kannada གཙོས་པའི་ས་ཁུལ་ཁག་གཅིག་ཏུ་དེ་རིང་ཚེས་ ༡༩ བར་ཆར་རླུང་རྒྱག་སྲིད་པ་དང་། མངའ་སྡེའི་ས་ཁུལ་གཞན་ཁག་གཅིག་གི་ནང་དུ་ཟླ་བ་འདིའི་ཚེས་ ༢༣ བར་ཆར་པ་འབབ་སྲིད་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།