Tibetan Royal Year of 2151 | Year of the Wood Dragon

མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ནས་མོན་མི་མང་གི་ཚབ་ཞུས་ཏེ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་གྲུབ་མཚམས་སུ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་གི་དབུས་པའི་སྐུ་འཁོར་ལྷན་རྒྱས་བྲོས་བྱོལ་ལ་ཕེབས་སྐབས་རྒྱ་གར་གྱི་ས་ཚིགས་མོན་ཡུལ་དུ་༸ཞབས་བཅག་ནས་མི་ལོ་ ༦༥ དང་སྐབས་དེར་༸གོང་ས་མཆོག་ནས་བཅན་བྱོལ་ནང་གི་ཆོས་འབྲེལ་ཐོག་མ་དེ་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་དུ་སྩལ་གནང་མཛད་ནས་མི་ལོ་ ༦༥ འཁོར་བ། དེ་བཞིན་འདི་ལོར་༸གོང་ས་མཆོག་བོད་ལུགས་ལྟར་དགུང་གྲངས་དགུ་བཅུ་བདག་གིར་བཞེས་པ་སོགས་དུས་ཚིགས་ཁྱད་པར་ཅན་དུ་མ་ལྷན་འཛོམས་བྱུང་བའི་དུས་སྐབས་དང་བསྟུན་ནས་༸སྐུའི་གོ་སྟོན་གྱི་མཛད་སྒོ་ཞིག་སྐོང་ཚོགས་གནང་སོང་།

Monpa HHDL 90th Birthday function

 མཛད་སྒོའི་ཐོག་༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དབུས་བཞུགས་ཀྱི་ཐོག་ནས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་བྷི་ཇེ་པི་སྲིད་དོན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Tapir Gao ལགས་ཀྱི་དབུས་པའི་ཨ་རུ་ནཱ་ཅལ་ཁུལ་གྱི་གནད་ཡོད་མི་སྣ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དབུས་པའི་མཛད་གཙོ་རྣམ་པ། དེ་བཞིན་མོན་ཁུལ་ནས་ཆེད་ཕེབས་གནང་བའི་མི་མང་དང་བཞུགས་སྒར་གནས་བཞུགས་མི་མང་བཅས་ནས་ལྷན་ཞུགས་གནང་ཡོད་པ་རེད།

Ling Rinpoche

མཛད་སྒོའི་ཐོག་༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དུས་དང་རྣམ་པ་ཀུན་དུ་མོན་ཡུལ་གྱི་མི་མང་ཀུན་ལ་ཐུགས་བརྩེ་ཆེན་པོ་མཛད་ཀྱི་ཡོད་པ་ལྟར་དེ་རིང་བརྟན་བཞུགས་དངོས་ཀྱི་སྐབས་སུའང་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་༸གང་ཉིད་མཆོག་མོན་ཡུལ་དུ་ཆིབས་བསྒྱུར་མཛད་པའི་སྐབས་སུ་ནས་མོན་པ་ཚོ་དད་གུས་ཆེན་པོ་ཡོད་པ་དང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་ཐུགས་བརྩེ་བ་ཆེན་པོ་མཛད་ཀྱི་ཡིན་ཞེས་བཀའ་བཟང་ཕེབས་པ་ནི་བསོད་ནམས་ཆེན་པོ་ཞིག་ཡིན་པ་གསུངས་སོང་།

Pema Khandu

དེ་བཞིན་སྐབས་དེར་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་དུས་ཡུན་ཉིན་གྲངས་གསུམ་རིང་བཞུགས་སྒར་དུ་ཆེད་བཅར་ཞུས་པའི་སྐབས་འབྲེལ་ཡོད་ཀུན་གྱི་སྣེ་ལེན་གཟབ་རྒྱས་ཞུས་པར་དགའ་སྤོབས་ཆེན་པོས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དུས་དང་རྣམ་པ་ཀུན་ཏུ་འགྲོ་བའི་དོན་དུ་སྐུ་ཚེ་ཡུན་རིང་བརྟན་རྒྱུ་ཞལ་བཞེས་སྨིན་གནང་མཛད་པ་ལྟར། ང་ཚོ་ཚང་མ་ལའང་མགོན་པོ་༸གང་ཉིད་མཆོག་གི་བཀའ་དགོངས་རྣམས་ལག་ལེན་དུ་ཉམས་ལེན་དངོས་སུ་གནང་རྒྱུའི་འགན་ཆེན་པོ་ཞིག་ཡོད་པ་དང་ང་ཚོས་དེ་ལྟར་འགན་བཞེས་ཐུབ་པ་ཡིན་ན་དེ་རིང་ང་ཚོས་བརྟན་བཞུགས་བསྟར་འབུལ་ཞུས་པ་དེ་གོ་ཆོད་པ་རེད་ཅེས་གསུངས་སོང་བ་མ་ཟད། ཧི་མ་ལ་ཡའི་རྒྱལ་བརྒྱུད་ཀྱི་གཞོན་སྐྱེས་ཚོས་བོད་ཀྱི་སྐད་དང་ཡེི་གེ་ལ་སློབ་གཉེར་བྱ་རྒྱུ་ནི་ང་ཚོའི་ཕུགས་མདུན་ཞིག་དང་རིག་གཞུང་བླ་སྲོག་ཤིག་ཡིན་སྟབས་བདག་གཉེར་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད་ཅེས་གསུངས་སོང་།

Monpa HHDL 90th Birthday function

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རྗེས་འཇུག་ཚོས་རྒྱུན་དུ་༸གང་ཉིད་མཆོག་གི་བཀའ་གནང་བ་རྣམས་ཉམས་ལེན་ཚད་དང་ལྡན་པ་ཞིག་བྱ་ཐུབ་ན་རྒྱལ་བའི་བཀའ་བཞིན་གྲུབ་པའི་མཆོད་པ་དེ་དེ་ཡིན་པ་གསུངས་སོང་བ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་མོན་དབར་དམ་ཚིག་གཙང་མ་ཡོད་པ་དེ་དེ་རིང་སྨིན་ནས་མི་མང་ཚང་མས་ཡིད་སྨོན་སྐྱེས་འོས་པ་ཞིག་ཏུ་གྱུར་ཡོད་སྐོར་ངོ་སྤྲོད་དང་སྦྲགས། བོད་མི་ཚོས་མོན་མི་མང་གིས་༸གོང་ས་མཆོག་ལ་བཀྲིན་རྗེས་སུ་དྲན་སྟངས་དེ་དཔེར་བླངས་ནས་མགོན་པོ་༸གང་ཉིད་མཆོག་གི་མཛད་པ་འཕྲིན་ལས་ལ་དྲན་སྐུལ་དང་༸སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་འདེབས་ཞུས་དགོས་པ་གསུངས་སོང་།

Monpa HHDL 90th Birthday function

དེ་རིང་གི་མོན་པས་གོ་སྒྲིག་ཞུས་པའི་༸སྐུའི་གོ་སྟོན་གྱི་མཛད་སྒོའི་ཐོག་གཞན་ཡང་མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་གྱི་བླ་མ་སློབ་དཔོན་ཟུར་པ་བླ་མ་ངག་དབང་ནོར་བུ་ལགས་ཀྱིས་མཛད་སྒོ་དང་འབྲེལ་ནས་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་མོན་དབར་གྱི་འབྲེལ་བ་དང་ལྷག་པར་དུ་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་མོན་ཡུལ་ནས་ཆིབས་བསྒྱུར་མཛད་པ་སོགས་ཀྱི་སྐོར་ངོ་སྤྲོད་གནང་སོང་བ་མ་ཟད། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Tapir Gao ལགས་དང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག དེ་བཞིན་ཨ་རུ་ནཱ་ཅལ་མངའ་སྡེའི་ཆོས་རིག་ལྷན་ཁང་གི་ཚོགས་གཙོ་སྐུ་ཞབས་འཇམ་དཔལ་དབང་འདུས་ལགས་བཅས་ནས་མཛད་སྒོ་དང་འབྲེལ་ནས་གསུང་བཤད་གནང་ཡོད་པ་རེད།

Monpa HHDL 90th Birthday function

དེ་རིང་གི་མཛད་སྒོའི་ཐོག་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་མོན་ཡུལ་དུ་༸ཞབས་སོར་འཁོད་སའི་ས་ཚིགས་ཐོག་མ་སྟེ་མོན་སྤང་རྒྱན་དང་གཞན་མོན་ཡུལ་གྱི་ས་ཚིགས་འདྲ་མིན་ནས་གོ་སྟོན་གྱི་རྟེན་འབྲེལ་མཚོན་ཆེད་རིག་གཞུང་འཁྲབ་སྟོན་སོགས་གནང་སོང་།

Monpa Devotees

འབྲེལ་ཡོད་གསར་གནས།

གསར་གནས།