Tibetan Royal Year of 2151 | Year of the Wood Dragon

ཚེ་རིང་དབྱངས་སྐྱིད་ལགས་ཨིན་ཡུལ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་འདུག

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་དང་དབུས་འོས་བསྡུ་ལས་ཁང་གི་དྲུང་ཆེ་གཅིག་ལྕོགས་ཚེ་རིང་དབྱངས་སྐྱིད་ལགས་ཨིན་ཡུལ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་བཀའ་དྲུང་ཡིག་ཚང་ནས་དེ་རིང་ཕྱི་ཟླ་ ༧ ཚེས་ ༢༤ ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་བཅུ་དགུ་པའི་ནང་གསེས་ ༡ པོའི་དགོངས་དོན་ལྟར་ཕྱི་རྒྱལ་ཁག་ཏུ་སྐུ་ཚབ་དོན་གཅོད་རྣམས་སྲིད་སྐྱོང་དང་། བཀའ་བློན་ཚང་འཛོམས་ཞིབ་གྲོས་དྲག་འདེམས་ཀྱིས་བཀའ་ཤག་ནས་བསྐོ་འཛུགས་གནང་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ་ཞེས་གསལ་བ་ལྟར་ལས་བྱེད་འདེམས་བསྐོ་ལྷན་ཁང་དང་དབུས་འོས་བསྡུ་ལས་ཁང་གི་དྲུང་ཆེ་གཅིག་ལྕོགས་ཚེ་རིང་དབྱངས་སྐྱིད་ལགས་ཨིན་ཡུལ་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་ཡོད་པ་དང་། ཡིག་ཆ་གྲུབ་མཚམས་ལས་འཁུར་འགོ་འཛུགས་གནང་རྒྱུ་ཞེས་གསལ་བསྒྲགས་གནང་འདུག

ཚེ་རིང་དབྱངས་སྐྱིད་ལགས་ནི་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་འཁྲུངས་ནས་གཞི་རིམ་གྱི་སློབ་གྲྭ་ཁག་ས་གནས་ཀྱི་གཏན་སློབ་ནས་བསླབ་པ་མཐར་སོན་ཏེ་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ཁུལ་དུ་མཐོ་རིམ་སློབ་གཉེར་འགྲིམས་རྗེས། ཕྱི་ལོ་ ༡༩༩༥ ལོའི་ནང་དྲུང་ལས་གནས་རིམ་དུ་བསྐོ་གཞག་གིས་ཆོས་རིག་ལས་ཁུངས་སུ་ལས་འགན་བཀོད་སྒྲིག་ཞུས་འདུག་པ་དང་། རིམ་པས་ཐེམ་པ་རིམ་འཛེགས་ཀྱིས་དཔལ་འབྱོར་ལས་ཁུངས་དང་འཕྲོད་བསྟེན། བཀའ་དྲུང་ཡིག་ཚང་། ཕྱི་དྲིལ་ལས་ཁུངས་བཅས་སུ་ཕྱག་ལས་གནང་མྱོང་བ་མ་ཟད། ཕྱི་ལོ་ ༢༠༡༨ ལོར་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར་གྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དུ་བསྐོ་བཞག་དང་ཕྱི་ལོ་ ༢༠༡༩ ཟླ་ ༠༥ ཚེས་ ༠༦ ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་དང་དབུས་འོས་བསྡུ་ལས་ཁང་གི་དྲུང་ཆེ་གཅིག་ལྕོགས་སུ་གནས་སྤོས་ཀྱིས་ཞབས་འདེགས་ཞུ་མུས་ཡིན་པ་རེད། ཁོང་གིས་ཕྱི་ལོ་ ༢༠༡༢ ནང་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་གྱི་ཐུགས་འགན་བཞེས་མྱོང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༧ ལོར་ TSP ཨ་རི་བོད་མིའི་སློབ་ཡོན་གྱི་ལས་གཞིའི་བརྒྱུད་ནུབ་ཕྱོགས་སུ་སློབ་གཉེར་གནང་མྱོང་ཡོད་པ་རེད།

གཞི་རྩའི་ཨིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཐོག་ཕར་སི་བསོད་ནམས་ཚེ་རིང་ལགས་དེ་སྔ་ཕྱི་ལོ་ ༢༠༡༨ ལོའི་ནང་སྐབས་དེའི་བཀའ་ཤག་ནས་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་བ་དང་། ཁོང་ནི་སྐབས་ ༡༣ དང་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཡུ་རོབ་སྤྱི་འཐུས་གནང་མྱོང་ཡོད་པ་མ་ཟད། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ཁོངས་སུའང་བཞུགས་མྱོང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།