Tibetan Royal Year of 2151 | Year of the Wood Dragon

ཚོགས་གཙོ་མཆོག་གིས་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་བ་གཉིས་ཀྱི་དགོངས་རྫོགས་ལ་ཐུགས་གསོ།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དབུ་ཁྲིད་རྒན་གྲས་སློབ་དཔོན་ Dr. Raghuvansh Prasad Singh མཆོག་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༣ ཉིན་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་འཕྲལ། ཁ་སང་ཕྱི་ཚེས་ ༡༤ ཉིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་གནང་སྟེ་དམ་པ་ཁོང་གི་ཤུལ་ལུས་ཀྱི་ནང་མི་གཉེན་འབྲེལ་ཡོངས་ལ་ཐུགས་གསོའི་འཕྲིན་ཡིག་ཅིག་ཕུལ་ཏེ། སྐུ་ཞབས་ཁོང་སྐུ་གཤེགས་པ་དེས་རྒྱ་གར་རྒྱལ་ཁབ་དང་། ཁོང་གི་ནང་མི། དེ་བཞིན་ང་ཚོ་བོད་མི་རྣམས་ལ་གྱོང་གུད་ཆེན་པོ་བྱུང་ཡོད་སྟབས་། ཚོགས་གཙོ་མཆོག་གིས་ཁོང་གི་ནང་མི་ལྷན་རྒྱས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག
ཐུགས་གསོའི་འཕྲིན་ཡིག་ནང་དུ། ཚོགས་གཙོ་མཆོག་གིས་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དབུ་ཁྲིད་རྒན་གྲས་སློབ་དཔོན་ཁོང་དགོངས་པ་རྫོགས་པར་བློ་ཕན་ཆེན་པོ་བྱུང་ཡོད་སྐོར་དང་འབྲེལ་ཏེ། སྐུ་ཞབས་ཁོང་ནི་སྲིད་དོན་གྱི་ལྟ་གྲུབ་སྲ་བརྟན་འཛིན་མཁན་སྙན་གྲགས་ཅན་ཞིག་དང་། གུས་བཀུར་ཆེན་པོ་ཞུ་སའི་རྒྱ་གར་གྱི་ཆབ་སྲིད་པ་རྒན་གྲས་ཤིག་ཡིན་པ་མ་ཟད། འདས་བོ་དམ་པ་ཁོང་གིས་དུས་ནས་དུས་སུ་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་བོད་ཀྱི་གནད་དོན་གླེང་སློང་གནང་སྟེ་བོད་ཀྱི་འཐབ་རྩོད་ཐོག་རྒྱུན་དུ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཞུ་མཁན་ཞིག་ཡིན་པར་གསུངས་འདུག
དེ་བཞིན་ཚོགས་གཙོ་མཆོག་གིས། དེ་སྔོན་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་བོད་དོན་རྒྱབ་སྐྱོར་བའི་ལྷན་ཚོགས་འཚོགས་སྐབས་ཀྱང་དམ་པ་དེ་ཉིད་སྐུ་མགྲོན་གཙོ་བོར་ཕེབས་ཡོད་པ་དང་། ཁོང་ནི་རྒྱ་གར་གྱི་ཆབ་སྲིད་པ་དང་ཤེས་ལྡན་མི་སྣའི་ཁོངས་ནས་བོད་དོན་དང་འབྲེལ་བའི་ལས་འགུལ་མང་པོའི་ནང་ཐུགས་སྣང་ཆེན་པོས་མཉམ་ཞུགས་གནང་མཁན་གྲས་ཤིག་ཡིན་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་དམ་པ་དེ་ཉིད་ལ་མཇལ་འཕྲད་གནང་སྟེ་བོད་དོན་དང་འབྲེལ་བའི་གོ་བསྡུར་མང་པོ་བྱུང་ཡོད་ལུགས་ཀྱང་ལུང་འདྲེན་གནང་འདུག
དེ་བཞིན་ཚོགས་གཙོ་མཆོག་གིས། ཉེ་སྔོན་ཚེས་ ༡༡ ཉིན། རྒྱ་གར་གྱི་ཧ་རི་ཡཱ་ཎཱ་མངའ་སྡེ་ཡི་བློན་ཆེན་ཟུར་བ། སྤྱི་ཚོགས་ཀྱི་ལས་འགུལ་བ་སྐུ་ཞབས་ Swami Agnivesh དགོངས་པ་རྫོགས་པར་ཡང་ཐུགས་གསོའི་འཕྲིན་ཡིག་ཕུལ་བའི་ནང་། དམ་པ་གིས་སྐུ་ཚེ་གང་བོར་ཆོས་ལུགས་མཐུན་སྒྲིལ་ཀྱི་མཚོན་པའི་ངལ་རྩོལ་བའི་ཐོབ་དང་བྱིས་པ་མངལ་ནས་གསོད་པ་སོགས་ཀྱི་ཐད་ནས་ཕྱག་ལས་རྒྱ་ཆེར་གནང་ཡོད་པར་འགྲེལ་བརྗོད་དང་སྦྲགས། ཁོང་ནི་༸སྤྱི་ནོར་གོང་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་རྩེ་གཅིག་ཏུ་བྱེད་མཁན་ཞིག་ཡིན་པ་མ་ཟད། བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་འདྲ་མིན་གྱི་ནང་དུ་ཡང་འཛུལ་ཞུགས་བྱེད་མྱོང་མཁན་ཞིག་ཀྱང་ཡིན་པ་ལུང་འདྲེན་གྱིས། བོད་མི་ཡོངས་ཀྱི་ཚབ་བྱས་ཏེ། དམ་པ་དེ་ཉིད་སྐུ་ཚེ་འཕེན་པ་རྫོགས་པར་གདོང་སེམས་མཉམ་སྐྱེད་ཀྱི་ཕྱག་ཡིག་ཅིག་ཕུལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།