Tibetan Royal Year of 2151 | Year of the Wood Dragon

འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ Li Yuhan ལགས་ལ་བཙོན་གྲོལ་ཐོབ་འདུག

Tibetan News Headlines

  • Sikyong dismisses China’s remarks on Tibet talks as ‘nothing new’, calls MWA only solution to Tibet problem
  • Sikyong begins Europe visit with public talk in Switzerland, to meet MPs today
  • UK MP detained and deported by China-allied nation for his outspoken advocacy on Tibetans, Uighurs, and Hong Kongers
  • Talks with China going on smoothly, India will never bow down: Rajnath Singh
  • 9th working committee meeting of NDPT concludes with a new mid term President

རེས་གཟའ་ཟླ་བ། ༢༠༢༤།༠༤།༢༩

  • བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དེ་༸གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་མ་ཡིན་པར་བོད་མི་ས་ཡ་དྲུག་གི་གནད་དོན་ཡིན་པ་གསུངས་སོང་།
  • སྲིད་སྐྱོང་མཆོག་སུད་སི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་ནག་གི་གནོན་ཤུགས་འོག་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཞིག་ཨ་ཕི་རི་ཀའི་རྒྱལ་ཁབ་ཞིག་ནས་ཕྱིར་འབུད།
  • རྒྱལ་སྲུང་བློན་ཆེན་ Rajnath Singh མཆོག་གིས་རྒྱ་གར་གྱི་རྒྱ་ནག་ལ་ནམ་ཡང་མགོ་དགུར་གྱི་མ་རེད་གསུངས་འདུག
  • བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་དང་འབྲེལ་བར་བརྒལ་ཚོགས་གཙོ་འོས་འདེམས་གནང་འདུག

འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ Li Yuhan ལགས་རྒྱ་གཞུང་གི་བཙོན་ཁང་ནང་དུ་ལོ་དྲུག་ལྷག་གི་བཙོན་འཇུག་རྗེས། ཉེ་ཆར་ཕྱི་ཟླ་ ༣ པའི་ཚེས་ ༢༤ ཉིན་གློད་གྲོལ་བཏང་ཡོད་ནའང་། ད་ལྟ་རང་འགུལ་གྱིས་འགྲོ་མི་ཐུབ་པ་སོགས་ཀྱི་གཟུགས་གཞིའི་འཕྲོད་བསྟེན་གྱི་གནས་བབ་ཧ་ཅང་ཞན་པོ་ཡོད་པ་མངོན་གསལ་གནང་འདུག

Li Yuhan

གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ Li Yuhan ལགས་ནི་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་རྒྱ་གཞུང་ལ་འཛེམས་མེད་ཀྱིས་སྐྱོན་བརྗོད་བྱས་མཁན་གྱི་གང་ཟག་ཞིག་ཡིན་པ་དང་། ཡུལ་དེའི་ནང་མང་གཙོ་བཅོས་བསྒྱུར་དང་། སྨྲ་བརྗོད་རང་དབང། དེ་བཞིན་ཁྲིམས་ཀྱི་དབང་བསྒྱུར་གོང་འཕེལ་ཐད་ཕྱག་ལས་རླབས་ཆེན་མང་དག་ཅིག་གནང་མྱོང་ཡོད་པ་རེད།

འོན་ཀྱང་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༧ ཟླ་བ་ ༡༠ པའི་ནང་ཁོང་གིས་སྤྱི་ཚོགས་བརྟན་བརླིང་བསྐྲུགས་པ་དང་རྩོད་རྙོག་སློང་བ། དེ་བཞིན་གཡོ་བཤད་བྱས་པ་སོགས་ཀྱི་ཉེས་མིང་གཡོགས་ཏེ་བཙོན་འཇུག་བྱས་པ་དང་ཆབས་ཅིག། ཁོང་ལ་རང་ཉིད་ཀྱི་གླས་པའི་ཁྲིམས་རྩོད་པ་དང་ཐུག་འཕྲད་བྱས་མི་བཅུག་པ་དང་ཁྲིམས་དཔོན་གྱིས་རྒྱུ་མཚན་གང་ཡང་མེད་པར་ཡང་ནས་ཡང་དུ་ཁོང་གི་ཁྲིམས་བཤེར་འགྱངས་པ་སོགས་དྲང་བདེན་གྱི་ཁྲིམས་བཤེར་གོ་སྐབས་བྱུང་མེད་སྟབས། མཐར་ཕྱི་ལོ ༢༠༢༣ ཟླ་བ ༡༠ ཚེས ༢༣ ཉིན་རྒྱ་གཞུང་གིས་གསང་བའི་ཁྲིམས་བཤེར་བརྒྱུད་ཁོང་ལ་ལོ་དྲུག་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དེ་ལྟར་ནའང་། ཕྱི་ལོ་ ༢༠༡༧ ནས་བཟུང་རྒྱ་གཞུང་གིས་ཁྲིམས་ཐག་ནར་འགྱངས་བྱས་རྐྱེན་ཁོང་གི་རྒྱའི་བཙོན་ཁང་ནང་དུས་ཡུན་རིང་པོར་སྡོད་ཡོད་སྟབས་འདིའི་ལོའི་ཕྱི་ཟླ་ ༣ པའི་ཟླ་མཇུག་ཏུ་བཙོན་འཇུག་ཁྲིམས་ཐག་བཅད་ཟིན་པས་གློད་བཀྲོལ་ཐོབ་ཡོད་པ་རེད་འདུག

Li Yuhan

དེ་ཡང་ཕྱི་ཟླ་ ༣ ཚེས་ ༢༦ ཉིན་སི་པཱན་ Spain ནང་དུ་རྟེན་གཞི་བྱས་པའི་ Safeguard Defenders ཞེས་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། རང་ལོ་ ༧༤ སོན་པའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ Li Yuhan ལགས་རྒྱ་གཞུང་གི་བཙོན་ཁང་ནང་དུ་ལོ་དྲུག་ལྷག་གི་བཙོན་འཇུག་རྗེས། ཉེ་ཆར་གློད་བཀྲོལ་བཏང་ཡོད་ནའང་། རྒྱ་གཞུང་གིས་བཀག་སྐྱིལ་ཁྲོད་ཁོང་གི་སྙིང་ནད་ཀྱི་ནད་གཞིར་སྨན་བཅོས་བྱེད་བཅུག་མེད་པ་དང་། ཟ་མ་དང་འཐུང་ཆུ་སོགས་ཀྱི་མཐུན་རྐྱེན་མི་སྤྲོད་པ། དེ་བཞིན་ཟ་མའི་སྟེང་རྒྱ་རིགས་འབྲེལ་ཡོད་ལས་བྱེད་ཚོས་གཅིན་པ་གཏོང་བ་སོགས་མི་སྤྱོད་ལས་འདས་པའི་མནར་གཅོད་ཚད་མེད་བཏང་རྐྱེན། བཙོན་འཇུག་ཁྲོད་སྙིང་རྩ་འགག་པ་སོགས་ཀྱི་སྙིང་ནད་ཐེངས་མང་བྱུང་སྟབས་རང་འགུལ་གྱིས་འགྲོ་མི་ཐུབ་པ་སོགས་ཀྱི་གཟུགས་གཞིའི་འཕྲོད་བསྟེན་གྱི་གནས་བབ་ཧ་ཅང་ཞན་པོ་ཡོད་པ་མངོན་གསལ་གནང་འདུག

མ་ཟད་ལོ་ཤས་ནས་རྒྱལ་ཚོགས་ཀྱི་གཙོས་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་སོགས་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ཀྱི་འབྲུ་དོན་དང་འགྲོ་བ་མིའི་ཐོབ་ཐང་ལ་འཆར་གཞི་ལྡན་པའི་ངང་བརྩི་མེད་རྡོག་རོལ་གྱིས། ཁོང་ལྟ་བུའི་སྤྱི་དམངས་ཀྱི་ཐོབ་ཐང་རྩོད་ལེན་པ་ཞིག་ལ་ལོ་ ༦ ལྷག་གི་ཁྲིམས་ཐག་བཅད་པར་སྐྱོན་བརྗོད་ནན་པོ་དང་འབྲེལ། ལྷག་པར་ཁོང་ལ་དོ་བདག་སྒེར་གྱི་ཁྲིམས་རྩོད་པར་སྐད་ཆ་ཤོད་མ་བཅུག་པ་དང་། ཕ་མ་སྤུན་མཆེད་དང་ཐུག་འཕྲད་བྱེད་མ་བཅུག་པ། ཁྲིམས་ར་དངོས་སུ་ཚོགས་སྐབས་ཁྲིམས་རའི་ནང་དམ་བསྒྲགས་ནན་པོ་བྱས་ཡོད་པ་ཤེས་རྟོགས་ཀྱིས་ཁོང་འཕྲལ་མར་གློད་བཀྲོལ་དང་གང་མགྱོགས་སྨན་བཅོས་ལྟ་སྐྱོང་དགོས་པ་སོགས་ཀྱི་ཞུ་སྐུལ་ཐེངས་མང་གནང་ཡོད་པ་ལུང་འདྲེན་གནང་བ་ཙམ་མ་ཟད། 

ཁོང་གིས་དེ་སྔ་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་གྲགས་ཅན་ Wang Yu ལགས་ཀྱི་ཁྲིམས་རྩོད་པ་གནང་བར་བརྟེན་རྒྱ་གཞུང་གིས་ཁོང་ལ་ཆེད་དམིགས་ཀྱིས་དུས་ཡུན་རིང་པོ་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་དྲག་གནོན་ཚད་མེད་བཏང་ཡོད་པ་སོགས་མངོན་གསལ་གནང་འདུག

དེ་བཞིན་ཚོགས་པས་ Li Yuhan ལགས་ཀྱིས་ཕྱི་ལོ་ ༢༠༠༩ ནས་བཟུང་ཡུལ་དེའི་ནང་གི་མི་མང་ཉམས་ཆུང་རྣམས་ཀྱི་ངོ་ཚབ་ཀྱིས་གཞི་རྩའི་ཐོབ་ཐང་ཐད་རྒྱ་གཞུང་ལ་གདོང་ལེན་གནང་འགོ་བཙུགས་ཡོད་པ་དང་། ལྷག་པར་གྲགས་ཆེ་བའི་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་གྲགས་ཅན་ Wang Yu ལགས་ཀྱི་ཁྲིམས་གཏུག་དེ་ཉིད་དང་ལེན་གནང་བར་བརྟེན་བཙོན་འཇུག་གི་ཁྲིམས་ཆད་རྒྱུན་རིང་པོ་མྱོང་བ་སོགས་ཁོ་མོའི་རླབས་ཆེན་གྱི་ཕྱག་ལས་དེར་རྒྱལ་སྤྱིའི་ཁྲོད་ངོས་འཛིན་ཐོབ་ཡོད་པ་དང་། ཁོ་མོར་ཧྥ་རན་སི་དང་འཇར་མན་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ཀྱི་དབང་བསྒྱུར་གྱི་ཆེ་བསྟོད་གཟེངས་རྟགས་དེ་ཉིད་ཐོབ་ཡོད་པ་འགྲེལ་བརྗོད་གནང་འདུག

ལྷག་དོན་ Li Yuhan ལགས་ཀྱི་གནད་དོན་དེས་རྒྱ་ནག་གཞུང་ནས་ཡ་ང་སྙིང་རྗེ་མེད་པར་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་གཙོས་པའི་གཞན་སྤྱི་དམངས་ཐོབ་ཐང་རྩོད་ལེན་པར་བདེན་དཔང་གང་ཡང་མེད་པར་ཁྲིམས་ཐག་བཅད་པ་དང་། བཙོན་འཇུག་ཁྲོད་ཁོང་རྣམས་ལ་མནར་གཅོད་ཚད་མེད་བཏང་བ་སོགས་ཀྱི་གནད་དོན་གསལ་སྟོན་གནང་གི་ཡོད་པ་མ་ཟད། སྲིད་འཛིན་ཞི་ཅིན་ཕིང་བསླེབས་པ་ནས་བཟུང་ད་བར་བཟང་བཙོན་དང་ལྟ་སྲུང་གི་ཁྲིམས་གཞི་ལག་བསྟར་ཁྲོད་ཡུལ་དེའི་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་འཛིན་བཟུང་བྱེད་པའི་གྲངས་འབོར་ལྡབ་འགྱུར་དང་མཉམ། ཁྲིམས་རྩོད་པ་ཕལ་མོ་ཆེའི་ཕྱག་འཁྱེར་ཕྱིར་བསྡུ་འམ། ཡང་ན་བཙན་བྱོལ་ལ་བྲོས་བྱོལ་དུ་ཕེབས་དགོས་བྱུང་བཞིན་ཡོད་པ་མངོན་གསལ་གནང་འདུག

གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ Li Yuhan ལགས་ནི་རྒྱ་ནག་གི་གྲོང་ཁྱེར་ Shenyang ནས་ཡིན་ཀྱང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བཅའ་བཞུགས་གནང་མཁན་ཞིག་ཡིན་པ་དང་། ཁོ་མོའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པའི་ལམ་བུར་བསྐྱོད་དགོས་དོན་དེ་ནི་རང་ཉིད་ཀྱི་བུའི་གྱོད་དོན་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་འདུག

ཕྱི་ལོ་ ༡༩༩༠ ལོ་མཇུག་ཏུ་ཁོ་མོའི་བུ་ལ་སློབ་ཕྲུག་འགས་བརྙས་བཅོས་ཚད་མེད་བཏང་རྐྱེན་སེམས་ནད་ཕོག་ཡོད་པ་དང་། སྐབས་དེར་ས་གནས་ཉེན་རྟོག་པ་དང་ས་གནས་སྲིད་གཞུང་དེ་བཞིན་སློབ་གྲྭས་ཁོང་གི་བུའི་གྱོད་དོན་ཐད་རོགས་རམ་རྩ་བ་བྱས་མེད་པའི་ཁར་གུན་གསབ་ཀྱང་སྤྲོད་མེད་པ་རེད། དེས་ཁོ་མོར་ཉམས་ཆུང་མི་མང་གི་ཐོབ་ཐང་ཆེད་རྒྱ་གཞུང་ལ་གདོང་ལེན་གནང་འགོ་བཙུགས་པ་མ་ཚད། ཆོས་ལུགས་ཀྱི་གནད་དོན་འོག་ཉེན་རྟོག་པས་མནར་གཅོད་བཏང་བའི་མི་རྣམས་ཀྱི་ངོ་ཚབ་དང་། སྲིད་གཞུང་ལ་ཞུ་གཏུག་བྱེད་མཁན་ཚོར་ལམ་སྟོན་གནང་བ་སོགས་ཡུལ་དེའི་མང་ཚོགས་ལ་ཞབས་འདེགས་ལྷད་མེད་བསྒྲུབས་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།