Tibetan Royal Year of 2151 | Year of the Wood Dragon

འཇར་མན་སྲིད་བློན་མཆོག་གི་ཕྱོགས་བསྐྱོད་དེ་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ལ་ཚོད་ལྟ་ཞིག་ཆགས་ཀྱི་ཡོད་པ་གསུངས་འདུག

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

འཇར་མ་ནིའི་སྲིད་བློན་སྐུ་ཞབས་ Olaf Scholz  མཆོག་གིས་ཁ་སང་རེས་གཟའ་ཉི་མའི་ཉིན་ནས་རྒྱ་ནག་ཏུ་ཉིན་གསུམ་གྱི་ཕྱོགས་བསྐྱོད་དབུ་འཛུགས་གནང་བ་དང་བསྟུན། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྲིད་བློན་མཆོག་གིས་ཐེངས་འདིའི་ཕྱོགས་བསྐྱོད་སྐབས་འགྲོ་བ་མིའི་ཐོབ་ཐང་ཐད་ལངས་ཕྱོགས་འཁྲེགས་ཙམ་འཛིན་དགོས་པའི་ཞུ་སྐུལ་དང་འབྲེལ། ད་རེས་ཀྱི་ཕྱོགས་བསྐྱོད་དེ་ནི་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ལ་ཚོད་ལྟ་ཞིག་ཆགས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག

Scholz visit China

དེའང་སྲིད་བློན་ Scholz  མཆོག་འཇར་མ་ནིའི་ཚོང་ལས་སྐུ་ཚབ་ཚོ་ཁག་གཅིག་ལྷན་དུ་རྒྱ་ནག་ལྷོ་ནུབ་ Chongqing གྲོང་ཁྱེར་ནས་ཕྱོགས་བསྐྱོད་འགོ་འཛུགས་ཀྱིས་རིམ་བཞིན་ Shanghai དང་ Beijing དུ་ཆེད་ཕེབས་ཁྲོད་སྲིད་འཛིན་ཞི་ཅིན་ཕིང་དང་སྲིད་བློན་ Li Qiang མཉམ་དུ་མཇལ་ཕྲད་གནང་འཆར་ཡོད་པ་དང་། ཐེངས་འདིའི་ཕྱོགས་བསྐྱོད་དེ་ནི་ཁོང་འཇར་མ་ནིའི་སྲིད་བློན་ཆགས་རྗེས་ཕྱོགས་བསྐྱོད་དུས་ཡུན་རིང་ཤོས་དེ་ཆགས་ཀྱི་ཡོད་པ་རེད།

སྲིད་བློན་མཆོག་གིས་རྒྱ་ནག་ནང་གི་ཕྱོགས་བསྐྱོད་འདི་འཇར་མ་ནི་དང་རྒྱ་ནག་བར་ཚོང་གི་འབྲེལ་ལམ་མཐུད་ཕྱིར་དང་། རྒྱལ་ཁབ་ཕན་ཚུན་བར་གནད་དོན་འགའ་ཞིག་རྐྱེན་པས་འབྲེལ་ལམ་ཉམས་པ་དེ་དག་སླར་གསོ་གནང་རྒྱུ། དེ་བཞིན་རྒྱ་ནག་གིས་ཨུ་རུ་སུར་རྒྱབ་སྐྱོར་བྱེད་བཞིན་པ་སོགས་ཀྱི་གནད་དོན་གླེང་སློང་ཆེད་དུ་བཅར་བ་གསུང་ཡོད་པ་དེ་ལྟར་ཡང་། ཨ་རིར་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་དེ་རིང་བསྒྲགས་གཏམ་ཞིག་འདོན་སྤེལ་བརྒྱུད། སྲིད་བློན་མཆོག་གིས་ད་རེས་རྒྱ་ནག་ནང་ཚོང་ལས་ཁེ་ཕན་ཁོ་ནའི་གཏམ་གླེང་མ་བྱས་པར་རྒྱ་ནག་དང་འཇར་མ་ནིའི་འབྲེལ་ལམ་དེ་ཉིད་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ལྡན་པ་དམིགས་དཔེ་ཡོད་པའི་ཐོག་མདུན་བསྐྱོད་བྱ་དགོས་པ་གསུངས་འདུག་ལ། འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏང་ན་རྒྱ་ནག་མི་མང་དང་འཇར་མ་ནིའི་ཕུག་རྒྱང་རིང་པོའི་ཁེ་ཕན་གཉིས་ཀར་ཕན་ཐོགས་ཡོད་པ་ཡང་འགྲེལ་བརྗོད་གནང་འདུག

Scholz visit China

རྩ་བའི་འཇར་མ་ནིའི་སྲིད་བློན་ Scholz མཆོག་དེ་སྔ་ཕྱི་ལོ་ ༢༠༢༢ ལོའི་ནང་དུའང་རྒྱ་ནག་ཏུ་ཆེས་མཐོའི་ཚོང་འབྲེལ་མི་སྣའི་ཚོ་ཁག་སྣེ་འཁྲིད་ཀྱིས་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་མྱོང་ཡོད་པ་དང་། འཇར་མན་གཞུང་གིས་དེ་རྗེས་རྒྱ་ནག་ཐོག་ཐབས་བྱུས་ཡིག་ཆ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱལ་ཁབ་དེའི་ངོས་ནས་ཚོང་འབྲེལ་ཐད་རྒྱ་ནག་ལ་གང་ཉུང་བརྟེན་རྒྱུ་དང་། དེ་བཞིན་ཐབས་བྱུས་ཁྲོད་འགྲོ་བ་མིའི་ཐོབ་ཐང་དེ་བཞིན་ནང་དོན་སྙིང་པོར་བཀོད་ཡོད་པ་རེད།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་འཇར་མན་ཡན་ལག་ལས་ཁུངས་ཀྱི་ངེས་སྟོན་པ་སྐུ་ཞབས་ Wenzel Michalski ལགས་ཀྱིས་སྲིད་བློན་ Scholz མཆོག་ནས་རྒྱལ་ཁབ་ཕན་ཚུན་དབར་གྱི་འབྲེལ་ལམ་གྱི་དབུས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ནན་པོའི་ངང་བཞག་སྟེ་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་དེ་དོན་དམ་ལག་ལེན་ཐོག་བསྐྱོད་དགོས་པ་དང་། འཇར་མ་ནིའི་གཞུང་ངོས་ནས་རང་གི་ཁས་ལེན་དམ་བཅའི་ཐོག་གནས་ཏེ་རྒྱ་གཞུང་དཔོན་རིགས་ཚོར་འགྲོ་བ་མིའི་ཐོབ་ཐང་ཐད་གནོན་ཤུགས་ཁ་གསལ་སྤྲོད་དགོས་ཅེས་གསུངས་འདུག

སྤྱིར་ཐེངས་འདིའི་འཇར་མན་སྲིད་བློན་གྱི་རྒྱ་ནག་གི་ཕྱོགས་བསྐྱོད་དང་བསྟུན། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་ཙམ་མ་ཟད། འཇར་མ་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ Tibet Initiative Deutchland དང་། འཇར་མ་ནིའི་ཧོང་ཀོང་རྒྱབ་སྐྱོར་ཚོགས་པ། འཇར་མ་ནིའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། དེ་བཞིན་རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ལ་སོགས་པའི་སྤྱི་དམངས་ཚོགས་སྡེ་ཁག་གཅིག་ནས་སྐུ་ཞབས་ Olaf Scholz མཆོག་ལ་ཟུང་སྦྲེལ་གྱིས་ཞུ་སྐུལ་ཕྱག་བྲིས་ཞིག་ཕུལ་སྟེ། བོད་དང་། ཤིན་ཅང། ཧོང་ཀོང་། ནང་སོག སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་པའི་སྐོར་སེམས་འཁུར་གྱིས་གླེང་སློང་བྱ་དགོས་པའི་ཞུ་སྐུལ་གནང་བ་མ་ཟད་། འཇར་མ་ནིའི་ནང་གནས་སྡོད་བོད་མི་དང་། ཡུ་གུར་གྱི་མི་མང་། ཧོང་ཀོང་མི་མང་། རྒྱ་ནག་མི་མང་སོགས་ཀྱི་གཞི་རྩའི་ཐོབ་ཐང་ཐད་ཞུ་གཏུགས་བྱ་དགོས་པའི་ཞུ་སྐུལ་ཡང་གནང་ཡོད་པ་རེད།

Scholz visit China

གནས་ཚུལ་ཐོན་ཁག་ལ་གཞིགས་ན། ཨི་རན་གྱིས་ཨིཛ་རེལ་ལ་དམག་འཛིངས་བྱས་པའི་གནད་དོན་དང་འབྲེལ། ད་རེས་སྲིད་བློན་ Scholz མཆོག་གི་རྒྱ་ནག་ནང་གི་འཚམས་གཟིགས་ལ་གནད་དོན་དེས་དོ་ཕོག་གང་ཙམ་གཏོང་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་། སྲིད་བློན་མཆོག་གིས་རྒྱ་ནག་ནང་འབྱོར་མ་ཐག་ཨི་རན་གྱིས་ཨིཛ་རེལ་ལ་དམག་འཛིངས་བྱེད་པ་དེར་སྐྱོན་བརྗོད་ནན་པོ་བྱས་ཡོད་པ་དང་འབྲེལ། འཇར་མ་ནིས་གཞུང་འབྲེལ་མི་སྣས་སྐྱིལ་ཤར་ཁུལ་དུ་འཁྲུག་རྫིངས་ཀྱི་གནས་སྟངས་ཇེ་ཆེར་འགྲོ་བཞིན་པ་དེ་ཞི་འཇམ་ཡོང་ཕྱིར་རྒྱ་གཞུང་གིས་མཐུན་འགྱུར་བྱ་ཐུབ་སྲིད་པའི་འགྲེལ་བརྗོད་གནང་བཞིན་ཡོད་པ་རེད།

གང་ལྟར་ཐེངས་འདིའི་འཚམས་གཟིགས་ཁྲོད་ཡོ་རོབ་སྤྱི་མཐུན་ཚོགས་པས་རྒྱ་ནག་གི་གློག་གི་འགྲུལ་འཁོར་ཐད་གཞུང་གི་རོགས་དངུལ་ཐོག་དཔྱད་ཞིབ་ཞིག་བྱས་ཡོད་པར་འཇར་མ་ནིས་རྒྱབ་སྐྱོར་གང་ཙམ་བྱ་ཡི་ཡོད་མེད་བལྟས་བཞིན་ཡོད་པ་དང་། སྲིད་བློན་མཆོག་གིས་ཁ་སང་ Chongqing ནང་འཇར་མ་ནིའི་ཚོང་ལས་ཁང་ཁག་གཅིག་ལ་འཚམས་གཟིགས་དང་། དེ་རིང་ Shanghai གྲོང་ཁྱེར་ནང་རྒྱ་ནག་གིས་དགོས་མཁོ་ལས་ལྷག་པས་ཚོང་གི་ཐོན་སྐྱེད་བཏོན་རྒྱུ་དང་ཡོ་རོབ་གྱི་ཁྲོམ་རྭའི་ནང་རིན་གོང་ཆུང་བའི་ཐོན་སྐྱེད་སྤུངས་ཕྱོགས་ཀྱི་གནད་དོན་ཐད་ཉེན་བརྡ་བཏང་བ་དང་འབྲེལ། རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཚོང་འབྲེལ་ཁྲོད་དྲང་ཚུགས་ལྡན་པའི་འགྲན་བསྡུར་དགོས་གལ་ཆེ་བའི་སྐོར་གསུངས་བཤད་གནང་འདུག

མ་ཟད་ཁོང་གི་གསུངས་བཤད་དེའི་ཁྲོད་རྒྱ་ནག་གིས་ཐེ་ཝན་ལ་དམག་རྒོལ་བྱེད་སྲིད་པའི་གནད་དོན་ཐད་སེམས་ཚབ་ཀྱི་རྣམ་པ་དང་བཅས། བཙན་དབང་སྒོ་ནས་རྒྱལ་ཁབ་ཀྱི་ས་མཚམས་རྒྱ་སྐྱེད་བྱ་རྒྱུ་མེད་པའི་འགྲེལ་བརྗོད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།