Tibetan Royal Year of 2151 | Year of the Wood Dragon

འདས་ལོར་རྒྱ་གར་གྱི་མང་ཚོགས་བརྒྱ་ཆ་ ༤༣ ནས་རྒྱ་ནག་གིས་བཟོས་པའི་ཅ་དངོས་གཅིག་ཀྱང་ཉོས་མི་འདུག

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

ཁ་སང་རེས་གཟའ་མིག་ཉིན་ Localcircles ཞེས་སྤྱི་ཚོགས་དྲ་ལམ་བརྒྱུད་མང་ཚོགས་ཀྱི་བསམ་ཤོག་བསྡུ་རུབ་གནང་མཁན་ཚོང་ལས་ཁང་གི་གྲུབ་དོན་ཞིག་འདོན་སྤེལ་གནང་བའི་ནང་འདས་ལོར་ལ་དྭགས་ཀྱི་གྷལ་ཝན་ཁུལ་དུ་ཆགས་པའི་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་ཕྱོགས་གཉིས་ཀྱི་མཐའ་མཚམས་དམག་མིའི་དབར་དྲག་པོའི་གདོང་ཐུག་བྱུང་བ་ནས་བཟུང་རྒྱ་གར་གྱི་མང་ཚོགས་བརྒྱ་ཆ་ ༤༣ གྱིས་རྒྱ་ནག་ནས་བཟོ་སྐྲུན་བྱས་པའི་ཅ་དངོས་རིགས་ཉོ་མཚམས་བཞག་གནང་པ་མ་ཟད་རྒྱ་ནག་གི་ཅ་དངོས་ཉོ་མཁན་ཁྲོད་ནས་བརྒྱ་ཆ་ ༦༠ ཡིས་འདས་ལོའི་ནང་ཁྱོན་སྣེ་ཁ་གཉིས་ལས་མང་བ་ཉོས་མེད་པར་གསལ་འདུག

ཚོང་ལས་ཁང་དེས་འདས་ལོར་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་ཁྲོད་རྒྱ་གར་གྱི་མང་ཚོགས་ནས་རྒྱ་ནག་གིས་བཟོས་པའི་ཅ་དངོས་ཉོ་ཡི་ཡོད་མེད་དང་འབྲེལ་བའི་དྲ་ཐོག་བསམ་ཤོག་བསྡུ་རུབ་གནང་བའི་གྲུབ་དོན་དེའི་ནང་གསལ་ལྟར་ན། འདས་ལོའི་ཕྱི་ཟླ་ལྔ་པ་ནས་བཟུང་སྟེ་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་རྩོད་རྙོག་ཇེ་ཆེར་ཕྱིན་ཏེ་ཕྱི་ཟླ་དྲུག་པའི་ནང་དུ་ལ་དྭགས་ Galwan རི་གཤོངས་སུ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་མཐའ་མཚམས་དམག་མིའི་དབར་གདོང་ཐུག་བྱུང་སྟེ་རྒྱ་གར་གྱི་དམག་མི་ ༢༠ ཙམ་ཞིག་འདས་གྲོངས་སུ་གྱུར་བའི་གནད་དོན་དེ་བྱུང་བ་ནས་བཟུང་རྒྱ་གར་གྱི་མང་ཚོགས་བརྒྱ་ཆ་ ༤༣ གྱིས་རྒྱ་ནག་གིས་བཟོས་པའི་ཅ་དངོས་གཅིག་ཀྱང་ཉོས་མེད་པར་གསལ་བ་དང་ཡང་དེའི་ཁྲོད་རྒྱ་ནག་གི་ཅ་དངོས་ཉོ་མཁན་ཁག་ཅིག་གིས་ཡ་ལན་གནང་བའི་ཁོངས་སུ་བརྒྱ་ཆ་ ༦༠ ཡིས་རྒྱ་ནག་གི་ཅ་དངོས་སྣེ་ཁག་ཅིག་ནས་གཉིས་བར་ཡོད་པ་དང་བརྒྱ་ཆ་ ༡༤ ཡིས་སྣེ་ཁག་གསུམ་ནས་བཞི། དེ་བཞིན་བརྒྱ་ཆ་ ༧ གྱིས་སྣེ་ཁག་ལྔ་ནས་བཅུ་བར་དང་དེ་མིན་བརྒྱ་ཆ་གཉིས་ཀྱིས་སྣེ་ཁག་བཅོ་ལྔ་ཉོས་ཡོད་པ་སོགས་བརྗོད་འདུག འོན་ཀྱང་བརྒྱ་ཆ་བཅུས་དེ་འབྲེལ་ཐོག་གང་ཡང་གསུངས་མི་འདུག

རྒྱ་ནག་གིས་བཟོས་པའི་ཅ་དངོས་རིགས་ཉོ་དགོས་དོན་ཇི་ཡིན་ནམ་ཞེས་བཀའ་འདྲི་ཞུས་པའི་ལན་འདེབས་སུ་མང་ཚོགས་བརྒྱ་ཆ་བདུན་བཅུས་རྒྱ་ནག་གི་ཅ་དངོས་དེ་དག་བེད་སྤྱོད་ལ་དཔག་པའི་རིན་གོང་ལྡན་པ་དང་བརྒྱ་ཆ་ ༢༦ གིས་རིན་གོང་ལྡན་པ། བརྒྱ་ཆ་གཉིས་ཀྱིས་རྒྱུ་ཆ་ཡག་པ་དང་བརྒྱ་ཆ་དགུས་འགྲན་ཟླ་མེད་པ། ཡང་བརྒྱ་ཆ་ ༡༣ གྱིས་རིན་གོང་དང་རྒྱུ་ཆ་གཉིས་ཀ་ལྡན་པ། དེ་བཞིན་བརྒྱ་ཆ་ ༨ ཀྱིས་རིན་བབ་དང་འགྲན་ཟླ་མེད་པ་གཉིས་ཀ་ལྡན་ཡོད་སྐོར་སོགས་འགྲེལ་བརྗོད་གནང་འདུག་ཀྱང་བརྒྱ་ཆ་ ༡༩ ནས་དེ་འབྲེལ་ཐོག་དགོངས་ཚུལ་གསུངས་མི་འདུག

ཐེངས་འདིར་དྲ་ཐོག་བསམ་ཤོག་བསྡུ་རུབ་འདིར་རྒྱ་གར་གྱི་རྫོང་འདྲ་མིན་ ༢༨༡ གི་མང་ཚོགས་ ༡༧༨༠༠ ལྷག་གིས་ཡ་ལན་གནང་ཡོད་པ་དང་དེའི་ཁོངས་བརྒྱ་ཆ་ ༦༧ སྐྱེས་པ་དང་བརྒྱ་ཆ་ ༣༣ བུད་མེད་ཆགས་ཀྱི་འདུག

སྔ་ལོ་ཕྱི་ཟླ་ ༡༡ ནང་རྒྱ་ནག་གི་ཅ་དངོས་དང་འབྲེལ་བའི་དྲ་ཐོག་བསམ་ཤོག་བསྡུ་ལེན་གཞན་ཞིག་གནང་བའི་གྲུབ་དོན་དུ་རྒྱ་གར་གྱི་མང་ཚོགས་བརྒྱ་ཆ་ ༧༡ གིས་རྒྱ་ནག་གིས་བཟོས་པའི་ཅ་དངོས་རིགས་ཉོ་ཡི་མེད་པ་དང་དེའི་ཁྲོད་ཉོ་མཁན་ཁག་ཅིག་ནི་གཙོ་བོ་གོང་ཚད་ཉུང་ངུའི་ཤུགས་རྐྱེན་ལ་བརྟེན་ནས་ཡིན་པར་བཀོད་འདུག

རྒྱ་གར་སྲིད་གཞུང་གི་ངོས་ནས་རྒྱ་ནག་གི་ཅ་དངོས་རིགས་རྒྱ་གར་གྱི་ཚོང་རར་བཀག་སྡོམ་གནང་བ་མ་ཟད་རྒྱལ་ནང་གི་བདེ་འཇགས་སྲུང་སྐྱོབ་ཀྱི་དགོས་མཁོ་དང་བསྟུན་ནས་སྔ་རྗེས་སུ་རྒྱ་ནག་གིས་བཟོས་པའི་མཉེན་ཆས་ ༡༠༠ ལྷག་བཀག་སྡོམ་བྱས་པ་དང་དེ་བཞིན་མཐའ་མཚམས་ཁག་ཏུ་ཕྱོགས་གཉིས་ཀྱི་དམག་དཔུང་

འགྲེམས་འཇོག་ཤུགས་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་མཐའ་མཚམས་སུ་དམག་འཁྲུག་འབྱུང་སྲིད་པར་ཚོད་དཔག་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།