Tibetan Royal Year of 2151 | Year of the Wood Dragon

འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཀྱི་རྒྱུ་གཙོ་བོ་སེམས་བཟང་པོ་བྱ་དགོས་ཞེས་བཀའ་སྩལ་འདུག

Tibetan News Headlines

  • Dalai Lama congratulates Taiwan’s new President Lai Ching-te
  • Taiwan independence is ‘dead end’: China warns Taiwan’s new President
  • See us not only as victims but also as partners: Sikyong in Paris
  • Citizen journalist who reported on covid outbreak missing after scheduled release from prison
  • Taiwan President’s swearing-in Ceremony and CTA delegation: Interview with Representative Kelsang Gyaltsen

རེས་གཟའ་མིག་དམར། ༢༠༢༤།༠༥།༢༡

  • ༸གོང་ས་མཆོག་གིས་ཐའེ་ཝན་གྱི་སྲིད་འཛིན་གསར་པར་འཚམས་འདྲི་མཛད་པ།
  • རྒྱ་གཞུང་གིས་ཐེ་ཝན་རང་བཙན་ཟེར་བ་ནི་གྲུབ་ཐབས་མེད་པ་ཞིག་ཡིན་པའི་ཉེན་བརྡ་བཏང་འདུག
  • ང་ཚོ་ནི་གནོད་འཚེ་ཕོག་ཡུལ་ཞིག་ཏུ་མི་བལྟ་བར་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་མཁན་གྱི་མཉམ་ལས་པ་ཞིག་ལ་བརྩི་དགོས།
  • ཏོག་དབྱིབས་གཉན་རིམས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གྱི་རྒྱ་རིགས་གསར་འགོད་པ་ཞིག་གར་སོང་ཆ་མེད་དུ་གྱུར་འདུག
  • ཐེ་ཝན་གཞུང་འཛིན་གསར་པ་དང་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ཀྱི་འཚམས་གཟིགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བལ་ཡུལ་ཤར་ཁུམ་བུའི་ཉེ་འདབས་ས་ཁུལ་ཁག་ནས་ཕེབས་པའི་དད་ལྡན་མི་མང་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་དང་སྦྲགས། འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་མ་ཎིའི་ལྗགས་ལུང་བཀྲིན་སྩལ་ཡོད་པ་མ་ཟད། འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཐོབ་རྒྱུའི་རྒྱུ་གཙོ་བོ་དེ་སེམས་པ་བཟང་པོ་བྱ་རྒྱུ་དེ་ཡིན་པ་བཀའ་སློབ་བཀའ་དྲིན་སྩལ་འདུག

དེ་རིང་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བལ་ཡུལ་ཤར་ཁུམ་བུའི་ཉེ་འདབས་ཀྱི་ས་ཁུལ་ཁག་ཅིག་ནས་ཕེབས་པའི་དད་ལྡན་མི་མང་རྣམས་ལ་མཇལ་ཁ་སྩལ་ཐོག མགོན་པོ་༸གང་ཉིད་མཆོག་གིས་འཕགས་པ་སྤྱན་རས་གཟིགས་དང་འཇམ་དཔལ་དབྱངས། ཕྱག་ན་རྡོ་རྗེ་གསུམ་པོ་ནི་སངས་རྒྱས་ཐམས་ཅད་ཀྱི་བརྩེ་བ་དང་། མཁྱེན་པ། ནུས་པ་བཅས་ཀྱི་རང་གཟུགས་མཚོན་གྱི་ཡོད་པ་བཀའ་སྩལ་དང་སྦྲགས། འཕགས་པ་སྤྱན་རས་གཟིགས་ལ་མཚོན་ན་ང་ཚོ་བོད་གངས་ཅན་ལྗོངས་ལ་ཐུན་མོང་མ་ཡིན་པའི་ལས་འབྲེལ་ཡོད་པའི་ལྷ་སྐལ་ཞིག་ཡིན་པ་དང་། ང་ཚོ་བོད་པ་ཚོས་རྒྱུན་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་འདོན་པ་དང་གསོལ་བ་འདེབས་ཀྱི་ཡོད་སྐོར་བཀའ་སྩལ་དང་འབྲེལ། འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཐོབ་རྒྱུའི་རྒྱུ་གཙོ་བོ་དེ་སེམས་པ་བཟང་པོ་བྱ་རྒྱུ་དེ་ཡིན་སྟབས། དེ་གལ་ཆེན་པོ་ཡིན་པའི་ལམ་སྟོན་བཀའ་དྲིན་སྩལ་འདུག

མ་ཟད་མགོན་པོ་༸གང་ཉིད་མཆོག་གིས་མཇལ་བཅར་མི་མང་རྣམས་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་མ་ཎིའི་ལྗགས་ལུང་བཀྲིན་སྩལ་ཡོད།

རྩ་བའི་དཔལ་ལྡན་དགའ་ལྡན་ཕོ་བྲང་གིས་ཡོངས་གྲགས་གནང་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ལྟར་ན། རིང་མིན་ཟླ་བ་ ༧ ནང་ལ་དྭགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ། དེ་ཚེས་ ༢༡ ནས་ ༢༢ བར་ཁུལ་དེའི་ཞི་བ་ཚལ་གསུང་ཆོས་ར་བར་རྒྱས་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་དང་། ཕྱི་ཚེས་ ༢༣ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་བཀྲིན་སྩལ་རྒྱུ་མ་ཟད། ལ་དྭགས་ནང་ཚོགས་དང་དགོན་ཚོགས་ཐུན་མོང་ནས་བརྟན་བཞུགས་བསྡུས་པ་ཞིག་བསྟར་འབུལ་ཞུ་གཏན་ཁེལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།