Tibetan Royal Year of 2151 | Year of the Wood Dragon

འཛམ་གླིང་ས་ཕྱོགས་གང་སར་༸གོང་ས་མཆོག་ལ་རྒྱབ་སྐྱོར་གྱི་ལས་འགུལ་མུ་མཐུད་ཇེ་ཆེར་སྤེལ་བཞིན་པ།

Tibetan News Headlines

  • Local religious heads of Dharamsala come together to pray for successful knee treatment of Dalai Lama
  • Former MP Jigmey Jungney formally takes charge as Representative of Delhi Bureau
  • China’s Communist Party expels ex-defence ministers over corruption charges
  • Public poll calls for urgent reform in Tibetan democracy

རེས་གཟའ་པ་སངས། ༢༠༢༤།༠༦།༢༨

  • ༸གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལམ་ལྷོང་སླད་བོད་མི་ཙམ་མ་ཟད་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་གྱི་འགོ་ཁྲིད་རྣམས་ནས་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ།
  • ལྡི་ལི་སྐུ་ཚབ་དོན་གཅོད་ཀྱིས་དེ་རིང་དངོས་སུ་ལས་འཁུར་གྱི་ཐུགས་འགན་བཞེས་འདུག
  • རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་དམར་ཤོག་ཚོགས་པ་ནས་ཕྱིར་འབུད།
  • བོད་མིའི་བསམ་ཚུལ་བསྡུ་ལེན་གྱི་སྙན་ཐོ་དབུ་འབྱེད། 

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྙན་སྲུང་སྐྱོབ་དང་མགོན་པོ་མཆོག་ལ་གཞི་མེད་ལོག་འགྲེལ་གྱི་གསར་འགྱུར་སྤེལ་མཁན་གསར་ཁང་ཁག་ལ་ངོ་རྒོལ་གྱི་ལས་འགུལ་གཅིག་རྗེས་གཉིས་མཐུད་ཀྱིས་སྤེལ་བཞིན་པའི་ཁྲོད། ཨ་རིར་རྟེན་གཞི་བྱས་པའི་ Oregon མངའ་སྡེའི་གཙུག་ལག་སློབ་གྲྭ་གཙོས་ཧར་ཝར་ཌ་དང་ཁོ་ལོ་ར་ཌོ། ཨོས་ཕོ་ཌ། ཨོས་ལོ། ཁོ་ལམ་བི་ཡ་ལ་སོགས་པའི་གཙུག་ལག་སློབ་གྲྭ་ཆེན་མོ་དུ་མའི་བོད་རིག་པའི་མཁས་དབང་དང་སློབ་དཔོན་ཆེན་མོ་གྲངས་ ༣༥ ནས་རྒྱལ་སྤྱིའི་གསར་ལམ་ཚོས་གནད་དོན་ཞིག་ཡོངས་གྲགས་ཁྱབ་སྤེལ་མ་གནང་གོང་དོགས་ཟོན་ཆེན་པོ་གནང་དགོས་པ་དང་། ལྷག་པར་དུ་༸གོང་ས་མཆོག་གི་གནད་དོན་ལྟ་བུ་ཚོར་བ་རྣོ་བའི་གནད་དོན་རིགས་ལ་གོ་རྟོགས་ཕྲན་བུ་ཡོད་པ་དེ་འདང་ངེས་ཤིག་ཡོང་མི་སྲིད་སྟབས། གནད་དོན་གྱི་འབྱུང་ཁུངས་རྟོག་ཞིབ་དང་གསར་འགྱུར་ལ་ཉམས་ཞིབ་སྤུས་དག་གནང་སྟེ་བརྒྱུད་སྤེལ་བྱ་རྒྱུ་ནི་ལས་དོན་ཁྲོད་གཙོ་བོར་ངོས་འཛིན་བྱེད་དགོས་ཞེས་གསུངས་འདུག

༸གོང་ས་མཆོག་ནི་གདོང་ལེན་དང་འཐབ་རྩོད་ཁྲོད་ཀྱི་དབུ་ཁྲིད་ཡང་དག་ཅིག་དང་འཛམ་གླིང་ཡོངས་ལ་སྙིང་རྗེ་ལམ་སྟོན་མཛད་མཁན་གྱི་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་གྱི་སློབ་དཔོན་ཆེན་མོ་ཞིག་ཡིན་སྟབས། ༸གོང་ས་མཆོག་ལ་མཚན་སྨད་ཞུས་པའི་གནད་དོན་དེ་ནི་མགོན་པོ་༸གང་ཉིད་མཆོག་གི་དགུང་ལོའི་བབ་ལ་གཞིགས་ཏེ་ཆེད་དུ་༸གོང་ས་མཆོག་གི་མཚན་གནས་ལ་གནོད་འཚེ་བཏང་བ་ཞིག་དང་། བོད་མི་དང་ཧི་མཱ་ལ་ཡའི་མི་རིགས་ལ་གནོད་འཚེ་བཏང་བ་ཞིག་ཀྱང་ཡིན་པར་མ་ཟད། རྒྱལ་སྤྱིའི་ནང་པ་ཡོངས་ལ་གནོད་འཚེ་བཏང་བ་ཞིག་ཡིན་པར་གསུངས་ཡོད།

དེ་མཚུགངས་སུ་རྒྱ་གར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་ Iqbal Singh Lalpura ལགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་ཁག་གི་དབུ་ཁྲིད་དང་སྐུ་ཚབ་མི་སྣ་སོགས་དང་ལྷན་དུ་ཚོགས་འདུ་བསྐོང་ཚོགས་གནང་སྟེ་རྒྱ་གར་དབུས་དྲིལ་བསྒྲགས་བློན་ཆེན་སྐུ་ཞབས་ Anurag Singh Thakur མཆོག་གི་མཚན་ཐོག་ཏུ་གསར་ལམ་ཁག་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གཞུང་རྣམས་ལ་གུས་བརྩི་ཞུ་དགོས་པའི་འབོད་སྐུལ་གྱི་ཞུ་སྙན་ཞིག་ཕུལ་བ་དང་སྦྲགས། བརྒྱུད་ལམ་ཁག་ནས་གནས་ཚུལ་བརྒྱུད་སྤེལ་གནང་སྐབས་ངེས་པར་དུ་རྟོག་ཞིབ་དང་གོ་རྟོགས་ཚད་ལྡན་ཡོད་པའི་སྒོ་ནས་སྤེལ་རྒྱུའི་ལམ་སྟོན་ཞིག་གནང་སྐྱོང་ཡོང་བ་དང་། ལྷག་དོན་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་འབྲེལ་བའི་གནས་ཚུལ་སྤེལ་སྐབས་དེ་བས་གཟབ་ནན་གནང་གནད་ཆགས་ཡོད་པ་སོགས་ཀྱི་བཀོད་ཁྱབ་ལམ་སྟོན་གནང་དགོས་ཞེས་ཞུ་སྐུལ་གནང་འདུག

དེ་བཞིན་ཕྱི་ཚེས་  ༢༢ ཉིན་མོན་རྟ་ཝང་ཁུལ་དུ་རྟ་དབང་མི་མང་དང་བླང་ཚོགས་པ་ཞིག་ཆེད་འཛུགས་ཀྱིས་མོན་ཡུལ་ཟེ་ལ་ཡན་གྱི་མི་མང་དང་བོད་མི་བཅས་ཁྱོན་མི་མང་ཆིག་ཁྲི་ལྷག་འདུ་འཛོམས་ཀྱིས་༸གོང་ས་མཆོག་ལ་མཚན་ཤས་བཟོ་ཐབས་བྱེད་མཁན་ཀུན་ལ་ངོ་རྒོལ་དང་ང་ཚོ་༸གོང་ས་མཆོག་དང་ལྷན་དུ་ཡོད་ཅེས་པའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་བ་དང་ཆབས་ཅིག་ཏུ་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་གྱི་བརྒྱུད་ལམ་དང་བརྙན་འཕྲིན་འཁྲབ་སྟོན་པ་བཅས་ནས་འཕྲལ་མར་༸གོང་ས་མཆོག་དང་མགོན་པོ་༸གང་ཉིད་མཆོག་གི་དད་ལྡན་པ་ཡོངས་ལ་དགོངས་སེལ་མ་ཞུས་ཚེ་མོན་རྟ་ཝང་ཁུལ་དུ་བརྒྱུད་ལམ་དེ་དག་བཀག་སྡོམ་དང་སྒྱུ་རྩལ་བ་དེ་དག་གི་གློག་བརྙན་བཅས་པར་མཐའ་གཅིག་ཏུ་ངོ་རྒོལ་གྱིས་བཀག་སྡོམ་དོ་ནན་གནང་རྒྱུའི་ཐག་གཅོད་གནང་འདུག

དེ་བཞིན་འབུམ་སྡེ་ལའི་རྫོང་དུ་མི་མང་སྟོང་ཕྲག་ཁ་ཤས་ཤིག་རེས་གཟའ་སྤེན་པ་ཉིན་ངོ་རྒོལ་གནང་འདུག་པར་མ་ཟད་ཧི་མཱ་ཅལ་མངའ་སྡེ་ནང་གི་ཀུ་ནུ་བ་དང་གར་ཤ།སྤི་སྟི། རྒྱ་གར་བ། བོད་མི་བཅས་མི་མང་སྟོང་ཕྲག་བཞི་མ་ཟིན་ཙམ་གྱིས་མ་ན་ལིའི་ཁྲོམ་གཞུང་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་འདུག

རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་མུམ་སྦའེ། ཨ་རིའི་ནིའུ་ཡོག ཤཱི་ཁ་གོ། བོས་ཊོན། ཁེ་ལོ་ཕོ་ནི་ཡ། དེ་བཞིན་ཕ་རན་སི། ནི་ཐར་ལན་ཌི། ཨོ་སི་ཊི་ཡ། དེ་བཞིན་ཨོ་སི་ཊོ་ལི་ཡ་སོགས་སུའང་ང་ཚོ་༸གོང་ས་མཆོག་དང་མཉམ་དུ་ཡོད་ཅེས་པའི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་དང་སྤེལ་མུས་ཁྲོད་ཁག་གཅིག་གིས་ད་རེས་ཀྱི་གནད་དོན་དེ་རྐྱེན་ངན་གྲོགས་སུ་འགྱུར་ཐབས་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་ལྟར་བོད་མི་རྣམས་ཀྱི་རྡོག་རྩ་གཅིག་སྒྲིལ་འདི་ལྟ་བུའི་ནུས་པ་དེ་ཉིད་མུ་མཐད་རྒྱུན་འཁྱོངས་གནང་སྟེ་བོད་དོན་འཐབ་རྩོད་སླད་སྤྱོད་དགོས་པའི་ཞུ་སྐུལ་གནང་མཁན་འདུག

དེའི་བར་ན་བོད་མིའི་སྒྲིག་འཛུགས་བཀའ་དྲུང་ཡིག་ཚང་གིས་བོད་མིའི་འདུ་སྡོད་ཁག་ཏུ་ཞི་བའི་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་ཁྲོད་དྲག་རྩུབ་ཀྱི་རྣམ་འགྱུར་དང་ཚིག་རྩུབ་ཤོར་ཐལ་ཕྱིན་པའི་གནས་ཚུལ་རེ་ཟུང་སྙནསེང་ཞུ་མཁན་བྱུང་སྟབས། ལས་འགུལ་གྱི་དམིགས་པ་དོན་འཁྱོལ་དང་བོད་མི་སྤྱིའི་མཚན་མཐོང་ལ་དོ་ཕོག་མི་ཡོང་བའི་སྒོ་ནས་དགོས་འདུན་འདོན་སྐབས། རྒྱ་གཞུང་གི་མགོ་སྐོར་འོག་ཏུ་ཚུད་མི་རུང་བ་དང་། རྒྱ་གཞུང་གི་ལག་ཆ་ཆགས་མི་ཉན་པ། དངོས་ཡོད་གནས་སྟངས་རྟོགས་སླད་བརྙན་ཐུང་ཆ་ཚང་གཟིགས་དགོས་པའི་འབོད་སྐུལ་ཞུ་རྒྱུ། དེ་བཞིན་༸གོང་ས་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞི་དང་༸སྐུ་ཚེ་ཧྲིལ་པོའི་མཛད་འཕྲིན་ཁག་ངོ་སྤྲོད་ཐུབ་གནང་དགོས་པའི་ལམ་སྟོན་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།