Tibetan Royal Year of 2151 | Year of the Wood Dragon

ཡིག་ཆ་མེད་པའི་བོད་མི་ཚོར་སྐྱབས་བཅོལ་ངོས་ལེན་ཡོང་བའི་ཞུ་གཏུགས་ལས་འགུལ།

Tibetan News Headlines

  • Dalai Lama arrives in New York City for a knee treatment
  • Tibetan spiritual leader commends PM Modi on inauguration of new Nalanda university campus
  • Tibetans mark World Music Day with celebration of banned music in Tibet
  • CTA organizes inaugural Tibetan Arts and Craft Festival in Dharamshala
  • Governing body meetings of Sambhota Tibetan schools society convenes in Mussoorie
  • Taiwan unites to reject China’s dangling of death sentence threat before ‘hardline separatists’

རེས་གཟའ་ཟླ་བ། ༢༠༢༤།༠༦།༢༤

  • ༸གོང་ས་མཆོག་ཞབས་པུས་སྨན་བཅོས་སླད་ཨ་རིར་ཞབས་སོར་བདེ་བར་འཁོད་པ།
  • ༸གོང་ས་མཆོག་གིས་སྲིད་བློན་མོ་དྷི་མཆོག་ལ་ Nalanda གཙུག་ལག་སློབ་གཉེར་ཁང་གསར་པ་དབུ་འབྱེད་ཐོག་འཚམས་འདྲི་མཛད་པ།
  • བོད་ནང་གི་གཞས་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་བརྒྱུད་འཛམ་གླིང་རོལ་དབྱངས་ཉིན་མོ་སྲུང་བརྩི།
  • བཞུགས་སྒར་དྷ་རམ་ས་ལར་བོད་ཀྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་ཐེངས་དང་པོ་ཚོགས་པ།
  • སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་དགུ་པ་དང་བཅུ་བདུན་གཉིས་སྐོང་ཚོགས།
  • རྒྱ་ནག་གིས་ཐའེ་ཝན་རང་བཙན་རྩོད་ལེན་པར་སྲོག་ཁྲིམས་གཅད་རྒྱུའི་ཁྲིམས་ཡིག་ལམ་སྟོན་སྤེལ་བར་ཐའེ་ཆབ་སྲིད་ཚོགས་པ་དབྱེས་མེད་ཀྱིས་རྐྱེོན་བརྗོད་གནང་བ།

སུད་སི་ནང་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཞི་མཉམ་འབྲེལ་གྱིས། སུད་སི་ནང་འབྱོར་བའི་ཡིག་ཆ་མེད་པའི་སྐྱབས་བཅོལ་བོད་མི་ཚོར་སུད་སི་གཞུང་ནས་སྐྱབས་བཅོལ་ངོས་ལེན་ཡོང་བའི་ཆེད། མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་འགོ་བཙུགས་སོང།
ཕྱི་ལོ་༢༠༡༧ལོར་སུད་སི་ཕྱི་མི་ཞིབ་བཤེར་དོ་དམ་ལས་ཁུངས་ནས་བོད་མི་༣༠༠ལྷག་ལ་སྐྱབས་བཅོལ་གྱི་ཐོབ་ཐང་སྤྲོད་རྒྱུའི་ཆ་རྐྱེན་ཚང་མེད་པས་རང་གནས་སུ་ཕྱིར་ལོག་དགོས་ཞེས་བརྡ་ལན་སྤྲད་ཡོད་མ་ཟད།  ལྷག་པར་དུ་སུད་སིའི་ཕྱི་མི་ཞིབ་བཤེར་ལས་ཁུངས་ཀྱི་ LINGUA Analyses ཞེས་པའི་སུད་སི་ནང་སྐྱབས་བཅོལ་ཞུ་མཁན་ཚོའི་མི་རིགས་དང་རིག་གཞུང་། དེ་བཞིན་སྐད་ཡིག་སོགས་བརྒྱུད་ནས་དྲི་རྩད་བྱེད་མཁན་སྡེ་ཚན་ནས་འདྲི་གཅོད་བྱས་པའི་བརྒྱུད་རིམ་ཁྲོད་བོད་མི་སྐྱབས་བཅོལ་ཞུ་མཁན་ཚོར་ཡིག་ཆ་མ་རག་པའི་གནས་ཚུལ་རིམ་ཡང་ཐོན་ཡོད་པ་རེད།
ཉེ་ཆར་ཡིག་ཆ་མེད་པའི་སྐྱབས་བཅོལ་བོད་མི་ཚོའི་དཀའ་ངལ་སེལ་ཐབས་ཆེད།  སུད་སི་ནང་རྟེན་གཞི་བྱས་པའི་སུད་བོད་མཐུན་གྲོགས་དང་ སུད་སི་དང་ལིག་ཏན་སིཊ་ཡན་བོད་རིགས་མི་མང། ས་གནས་བོད་ཀྱི་བེུད་ཚོགས་པ། དེ་བཞིན་ཡུ་རོབ་གཞོན་ནུ་མཐུན་ཚོགས་བཅས་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་མཉམ་རུབ་ཀྱིས། སུད་སི་ནང་ཡིག་ཆ་མེད་པའི་བོད་མི་དེ་དག་གི་དཀའ་ངལ་སུད་སི་གཞུང་ནས་ངོས་བཞེས་ཀྱིས་འགྲོ་བ་མིའི་བདེ་རྩའི་ཐོག་སྐྱབས་བཅོལ་ངོས་ལེན་ཡོང་བའི་ཆེད་དྲ་ལམ་ནས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་འགོ་བརྩམས་སོང་།  ལས་འགུལ་གོ་སྒྲིག་གནང་མཁན་ཁོངས་སུ་ཡོད་པའི་སུད་སི་དང་ལིག་ཏན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་འཚམས་གདའ་ནོར་བུ་ལགས་ཀྱིས། ད་ལན་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་དེ་བཞིན་རིང་མིན་ཕྱི་ཟླ་གསུམ་པའི་ཚེས་༩ བར་སྤེལ་ནས། ཕྱི་ཚེས་༡༠ཉིན་མང་ཚོགས་མཚན་རྟགས་འཁོད་པའི་ཞུ་གཏུག་སྙན་ཞུ་དེ་རྒྱལ་ས་སྦན་ནང་ཡོད་པའི་སུད་སི་གཞུང་ལ་དབུལ་རྒྱུའི་འཆར་གཞི་ཡོད་པ་གསུངས་སོང་།ཡང་སུད་སི་བོད་མི་སྐྱབས་བཅོལ་ཚོགས་པའི་ཚོགས་གཙོ་ཤེས་ལེགས་ཚང་འཕྲིན་ལས་རྒྱལ་མཚན་ལགས་ཀྱིས། སུད་སི་ཕྱི་མི་ཞིབ་བཤེར་དོ་དོམ་ལས་ཁུངས་དང་རྒྱ་ནག་དབར་བཞག་པའི་གསང་བའི་གྲོས་མཐུན་དང། LINGUA Analyses སྡེ་ཚན་གྱི་ལས་དོན་བྱེད་ཕྱོགས་བཅས་ཀྱི་གནས་ཚུལ་བརྒྱུད་ལམ་ཏུ་ཕྱིར་གྱར་བྱུང་བ་བརྒྱུད་ནས། རྒྱ་ནག་གི་གནོན་ཤུགས་ཀྱིས་སུད་སི་ནང་དུ་བོད་མི་སྐྱབས་བཅོལ་ཞུ་མཁན་ཚོར་དཀའ་ངལ་འཕྲད་བཞིན་ཡོད་པ་དེ་གསལ་པོ་ཆགས་པ་རེད།
རྩ་བའི་སུད་སིར་ཁྱོན་ཡོངས་སུ་ད་ལྟའི་ཆར་བོད་མི་༧༠༠༠ ལྷག་ཡོད་པ་དང། སུད་སི་བོད་མི་སྐྱབས་བཅོལ་ཚོགས་པའི་གྲངས་ཐོ་ལ་གཞིགས་ན། ད་ལྟའི་ཆར་སུད་སི་ནང་ཡིག་ཆ་མེད་པའི་སྐྱབས་བཅོལ་བོད་མི་༣༠༠ ཡས་མས་ཤིག་ཡོད་པ་དང།  བོད་མི་དེ་དག་ཁྲོད་བྱིས་པ་ལོ་གཅིག་མ་ལོན་པ་དང། ལོ་ན་རྒན་ཤོས་༥༠ ཡན་ཆགས་ཀྱི་འདུག་པ་མ་ཟད། བོད་མི་དེ་དག་མང་ཆེ་བར་ཉུང་མཐའ་ཡང་ཡིག་ཆ་མ་རག་ནས་ལོ་༧་དང་༨ཕྱིན་པ་ཤ་སྟག་ཆགས་ཡོད་འདུག

 

འབྲེལ་ཡོད་གསར་གནས།

གསར་གནས།