Tibetan Royal Year of 2151 | Year of the Wood Dragon

ཡུ་གུར་རང་དབང་རྡོག་རོལ་བཏང་བར་ཨ་རིས་རྒྱ་ནག་གི་ཕྱི་ཟོག་ནང་འདྲེན་བཀག་སྡོམ་རྒྱ་སྐྱེད་གཏོང་བ།

Tibetan News Headlines

  • Tibet Initiative deputy director detained at Hong Kong airport for 13 hours, barred from entry
  • Tibetan activist A-Nya Sengdra granted family visits but continues to be detained in Chinese custody
  • Australian Tibet advocates wrap up 13th annual lobbying event, presenting four-point agenda to officials
  • Chinese government appears to plan large-scale dam construction on the Yarlung Tsangpo River
  • China’s ‘disappeared’ foreign minister demoted to low-level publishing job, say former U.S. officials

རེས་གཟའ་ཟླ་བ། ༢༠༢༤།༠༩།༠༩

  • འཇར་མ་ནི་བོད་དོན་རྒྱབ་སྐྱོར་བ་ཞིག་ལ་ཧོང་ཀོང་ནང་དུ་འཛུལ་ཞུགས་ཐད་བཀག་སྡོམ།
  • ཨ་ཉག་སེང་སྒྲ་ལགས་ནང་མི་དང་ཐུག་འཕྲད་བྱེད་དུ་བཅུག་ཀྱང་ད་དུང་མུ་མཐུད་བཙོན་ཁང་ནང་ལུས་ཡོད་པ།
  • དོན་ཚན་བཞི་ཅན་སྒོ་ནས་ཨོསྟྲེ་ལི་ཡཱར་བོད་དོན་ཞུ་གཏུག་གི་ཉིན་མོ་ཐེངས་ ༡༣ པ་མཇུག་སྒྲིལ།
  • རྒྱ་གཞུང་གིས་ཡར་ཀླུང་གཙང་པོའི་སྟེང་ཆུ་མཛོད་ཆེ་གྲས་བརྒྱག་འཆར་ཡོད་པ་མངོན་གསལ།
  • གར་སོང་ཆ་མེད་དུ་གྱུར་བའི་ཇིན་ཀང་དཔེ་སྐྲུན་ཁང་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད་པ་བརྗོད་འདུག

ཨ་རིས་རྒྱ་གཞུང་ལ་ཡུ་གུར་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་སྐྱོན་འཛུགས་འོག་རྒྱ་ནག་གི་བཟོ་ཚོང་ལས་ཁང་ལྔ་ལྷག་གི་ཕྱི་ཟོག་ནང་འདྲེན་བྱེད་མི་ཆོག་པའི་བཀག་སྡོམ་རྒྱ་སྐྱེད་བཏང་འདུག

Uyghur Forced Labor Prevention Act

དེ་ཡང་ཁ་སང་ཕྱི་ཚེས་ ༨ ཉིན་ In Focus གསར་འགྱུར་བརྒྱུད་ལམ་གྱི་གནས་ཚུལ་སྤེལ་བའི་ནང་། ཨ་རིས་རྒྱ་གཞུང་ལ་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་རྐྱེན་རྒྱ་ནག་གི་བཟོ་གྲྭ་འཕར་མ་ལྔ་ནས་ཐོན་རྫས་ནང་འདྲེན་བྱེད་མི་ཆོག་པའི་བཀག་སྡོམ་རྒྱ་སྐྱེད་བཏང་བ་དང་། བཀའ་རྒྱ་འདི་ནི་ཨ་རིའི་ཁུལ་དུ་རྒྱ་ནག་ནས་བཙན་ཤེད་ཀྱིས་བཟོས་པའི་ཐོན་རྫས་རྣམས་མེད་པ་བཟོ་རྒྱུའི་འབད་བརྩོན་རྒྱ་ཆེན་ཞིག་གི་ཆ་ཤས་གཅིག་ཡིན་པ་དེ་ལྟར་ཡང་། རྒྱ་ནག་གཞུང་གིས་སྐྱོན་འཛུགས་བཀག་སྡོམ་དེ་རིགས་ཆབ་སྲིད་ཀྱི་ཀུན་སློང་བརྒྱུད་ནས་བྱས་པ་ཞིག་རེད་ཅེས་དགག་པ་བརྒྱབ་འདུག

ཨ་རིས་རྒྱ་ནག་གི་ཚོང་ལས་ཁང་བཀག་སྡོམ་རྒྱ་སྐྱེད་གཏོང་བའི་ཁོངས་སུ་ཧོང་ཀོང་དུ་རྟེན་གཞི་ Rare Earth Magnesium Technology Group Holdings ཞེས་མེག་ནི་སི་ཡམ་ཚོང་ལས་ཁང་གཅིག་དང་དེའི་ཡན་ལག དེ་བཞིན་ Century Sunshine Group Holdings ཞེས་ཚ་ལུད་ཚོང་ལས་ཁང་དང་། Manufacture Magnesium Fertilizer and Magnesium Alloy Products ཞེས་ལྕགས་རིགས་བསྲེས་སྦྱོར་བྱེད་མཁན་གྱི་ཚོང་ལས་ཁང་། རྒྱ་ནག་ཏུ་རྟེན་གཞི་ Zijin Mining Group Co. ཞེས་གསེར་དངུལ་གཏེར་ལས་བསྔོག་འདོན་གྱི་ཚོང་ལས་ཁང་། མ་ཟད་ Xinjiang Habahe Ashele Copper Co. ཞེས་ཤིན་ཅང་དུ་རྟེན་གཞི་ཟངས་རིགས་གཏེར་ལས་བསྔོག་འདོན་བྱེད་མཁན་གྱི་ཚོང་ལས་ཁང་བཅས་ཚུད་ཡོད་པ་རེད་འདུག

Uyghur Forced Labor Prevention Act

སྤྱིར་ཨ་རིའི་གཞུང་གིས་རྒྱ་ནག་གིས་ཤིན་ཅང་མངའ་ཁུལ་དུ་ཡུ་གུར་མི་རིགས་རྩ་མེད་གཏོང་བཞིན་པར་གདོང་ལེན་ཆེད་དུ་ཚོང་ལས་བཟོ་གྲྭ་འདི་དག་ Uyghur Forced Labor Prevention Act Entity List ཞེས་ཡུ་གུར་བཙན་ཤེད་ངལ་རྩོལ་འགོག་སྲུང་གི་ཁྲིམས་ཡིག་གི་ཐོ་གཞུང་དུ་བཅུག་ཡོད་པ་དང་། ཐོ་གཞུང་འདིའི་ནང་ད་ལྟ་ Cotton Apparel འམ་སྲིང་བལ་གྱི་གྱོན་ཆས་དང་། Automotive Parts འམ་རླངས་འཁོར་གྱི་ཆ་ཤས། དེ་བཞིན་ Vinyl Flooring ཞེས་རྫས་རིགས་མི་འདྲ་བས་ཞལ་བ་འདིང་བྱེད་དང་། Solar Panels ཞེས་ཉི་མའི་གློག་རྡུལ་དྲ་ཤེལ་སོགས་དང་འབྲེལ་བའི་བཟོ་གྲྭ་བདུན་ཅུ་ལྷག་ཡོད་པ་རེད།

རྒྱ་ནག་གཞུང་གིས་སྐྱོན་འཛུགས་དེ་ཚོར་དགག་པ་ནན་ཏན་བྱས་ཡོད་ཀྱང་། ཨ་རིའི་གཞུང་འབྲེལ་ལས་བྱེད་པ་ཚོས་རྒྱ་གཞུང་གིས་ཤིན་ཅང་ཁུལ་དུ་ཡུ་གུར་དང་དེ་མིན་གྱི་ཁ་ཆེའི་གྲངས་ཉུང་མི་རིགས་ཀྱི་མི་མང་གི་ཆེད་དུ་ངལ་རྩོལ་བསྒྱུར་བཀོད་ཁང་གསར་འཛུགས་བྱས་ཡོད་ཅེས་བཤད་ཡོད་པ་དེ་ལྟར་ཡང་། ཝ་ཤིན་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ཞིག་གིས་སྐྱོན་འཛུགས་དེ་ཚོ་ནི་རྫུན་གཏམ་ཚབས་ཆེན་ཞིག་ཡིན་པར། དེ་ནི་ཨ་རིའི་ཆབ་སྲིད་པ་ཚོས་ཤིན་ཅང་ཁུལ་གྱི་བརྟན་བརླིང་གཏོར་བཤིག་དང་རྒྱ་ནག་གི་ཡར་རྒྱས་བཀག་འགོག་བྱེད་ཆེད་དུ་ལག་ཆ་ལྟ་བུར་བེད་སྤྱོད་གཏོང་གི་ཡོད་པར་བཤད་འདུག་པ་དང་། རྒྱ་ནག་གཞུང་གིས་རང་ཉིད་ཀྱི་ཁེ་ལས་ཚོའི་ཁྲིམས་མཐུན་གྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

Rare Earth Magnesium Technology Group Holdings

རྩ་བའི་ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གིས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༣ ཉིན་ཤིན་ཅང་ནང་བཙན་དབང་གིས་ངལ་རྩོལ་ལས་རིགས་མཚམས་འཇོག་བྱ་རྒྱུར་དམིགས་པའི་ Uyghur Forced Labor Prevention Act ཞེས་ཤིན་ཅང་ནས་ཐོན་པའི་དངོས་ཟོག་བཀག་སྡོམ་གྱི་ཁྲིམས་འཆར་ལ་མཚན་རྟགས་བཀོད་དེ་ཁྲིམས་སུ་བཅས་པ་ལྟར་ཨ་རིའི་གཞུང་གིས་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༡ ནས་བཟུང་ཁྲིམས་གཞི་དེ་དངོས་སུ་ཕྱག་བསྟར་གྱིས་དབུ་འཛུགས་གནང་ཡོད་པ་རེད།

དེའི་བར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་དམིགས་བསལ་སྐུ་ཚབ་ལྷན་ཚོགས་ནས་རྒྱ་ནག་དཔོན་རིགས་ཚོར་ཁྲིམས་མཐུན་མིན་པའི་ཉེས་འཛུགས་ཀྱིས་བཙོན་འཇུག་གསང་ཉར་བྱས་པའི་ཡུ་གུར་སྨན་པའི་གནད་དོན་ཐད་རྒྱ་གཞུང་ལ་སེམས་འཚབ་ཀྱིས་ཕྱག་བྲིས་ཞིག་ཕུལ་འདུག

UN special rapporteurs
UN special rapporteurs

དེ་ཡང་ཁ་སང་ཕྱི་ཚེས་ ༨ ཉིན་ ANI གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གཞུང་ནས་དེ་སྔ་ཕྱི་ལོ་ ༢༠༡༩ ལོར་དྲག་སྤྱོད་རིང་ལུགས་དང་འབྲེལ་བ་ཡོད་པར་ཉེས་འཛུགས་ཀྱིས་ཁྲིམས་མཐུན་མ་ཡིན་པར་བཙོན་འཇུག་བྱས་པའི་ཡུ་གུར་བ་སྨན་པ་གྲགས་ཆེན་ལྕམ་སྐུ་ Gulshan Abbas ལགས་ད་ལྟའི་ཆར་རྒྱ་ནག་ཏུ་ལོ་ངོ་ ༢༠ ཡི་ཁྲིམས་ཆད་མྱོང་བཞིན་པར། ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་དམིགས་བསལ་སྐུ་ཚབ་ལྷན་ཚོགས་ནས་རྒྱ་གཞུང་ལ་སྨན་པ་ཁོང་ཁྲིམས་འགལ་གྱིས་འཛིན་བཟུང་བཙོན་འཇུག་བྱས་པ་མ་ཟད་ཁོང་གར་ཡོད་ཀྱི་གནས་ཚུལ་གསང་ཉར་བྱས་ནས་ཁོང་གི་ནང་མི་ཚོར་བརྡ་ལན་གང་ཡང་མ་སྤྲད་པའི་གནད་དོན་ཐད་སེམས་འཚབ་བཏོན་པ་དང་འབྲེལ། སྨན་པ་ཁོང་ལ་ཁྲིམས་མཐུན་གྱི་གྱོད་ཞིབ་རང་དབང་སྤྲད་དགོས་པའི་འབོད་སྐུལ་གྱི་ཕྱག་བྲིས་ཞིག་ཕུལ་འདུག

Gulshan Abbas
Gulshan Abbas

དེ་བཞིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ཟུར་པ་ལྕམ་སྐུ་ Michelle Bachelet ལགས་ཀྱིས་བོད་རང་སྐྱོང་ལྗོངས་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ཞིབ་འཇུག་གནང་བའི་དཔྱད་ཞིབ་སྙན་ཐོ་ཞིག་གི་ནང་རྒྱ་ནག་ཏུ་ཁྲིམས་མཐུན་མིན་པའི་འཛིན་བཟུང་བཀག་ཉར་ཁྱབ་གདལ་གྱིས་རང་དབང་འཕྲོག་པའི་ཡུ་གུར་བ་ཁ་བྲལ་དུ་ཕྱིན་པ་དང་ནང་མི་ཉེ་འབྲེལ་གར་ཡོད་ཀྱི་གནས་སྟངས་ཤེས་རྟོགས་མེད་པ་མང་པོ་མངོན་རྒྱུ་ཡོད་པ་ཕྱིར་བསྒྲགས་གནང་ཡོད་པ་དང་། དེ་བཞིན་རྒྱ་ནག་ཏུ་ཁྲིམས་དང་འགལ་བའི་བཙོན་འཇུག་ནང་ཚུད་པའི་ཡུ་གུར་གཙོས་ཁ་ཆེ་སྤྱི་ཚོགས་རྣམས་གསང་སྦས་ཀྱི་གར་སོང་ཆ་མེད་དུ་གྱུར་ནས་ནང་མི་སྤུན་མཆེད་ཁ་བྲལ་དུ་སོང་བ་གྲངས་ལས་འདས་པ་ཡོད་པས། དེ་ཡང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་རང་གི་ནང་མི་སྤུན་མཆེད་ཡོད་མཁན་ཚོས་དམིགས་བསལ་མྱོང་དགོས་ཀྱི་ཡོད་པ་གསལ་འདོན་གནང་འདུག

གཞི་རྩའི་ཕྱི་ལོ་ ༢༠༡༨ ཟླ་དགུ་པའི་ཚེས་ ༥ ཉིན་ཨ་རིར་གནས་སྡོད་བྱེད་མཁན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་སྨན་པ་ Gulshan Abbas ལགས་ཀྱི་གཅུང་མོ་ Rushan Abbas ལགས་ནས་ཨ་རིར་རྟེན་གཞི་བྱས་པའི་ Hudson གཙུག་ལག་སློབ་ཁང་དུ་མང་ཚོགས་འདུ་འཛོམས་ཡོད་སར་རྒྱ་ནག་ནང་དུ་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་འགྲོ་བཞིན་པར་སྐྱོན་བརྗོད་བྱས་པས། ཉིན་གྲངས་དྲུག་རྗེས་སུ་ཕྱི་ཚེས་ ༡༡ ཉིན་སྨན་པ་ Gulshan ལགས་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་འདུག

Rushan Abbas
Rushan Abbas

འབྲེལ་ཡོད་གསར་གནས།

གསར་གནས།