Tibetan Royal Year of 2151 | Year of the Wood Dragon

ཡོ་རོབ་རྒྱལ་ཁབ་ཁག་ཏུ་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༦༢ སྲུང་བརྩི།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

ཁ་སང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༢ དང་འབྲེལ་ནས་འཛམ་གླིང་ཤར་ནུབ་གང་སར་བཞུགས་པའི་བོད་མི་ཚོས་ལས་འགུལ་སྣ་མང་སྤེལ་ཡོད་པ་ལྟར། ཡོ་རོབ་ཁུལ་དུ་ཆར་རླུང་དང་གནམ་གཤིས་གྲངས་ངར་ལ་མ་ལྟོས་པར་སུད་སི་དང་དབྱིན་ཡུལ། ཕ་རན་སི། ཨི་ཊ་ལི། འཇར་མི་ནི། ཨོ་སི་ཊི་རི་ཡ། ཧང་གེ་རི། སྦེལ་ཇེམ། དེ་བཞིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་སོགས་ཀྱི་ནང་བོད་མི་དང་བོད་དོན་སྐྱོར་བ་རྣམས་ཀྱིས་རྣམ་པ་འདྲ་མིན་ཐོག་ནས་ལས་འགུལ་སྤེལ་ནས་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད།
སུད་སི་ལྟ་བུར་ཆ་མཚོན་ན་ཁ་སང་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་དང་ཡོ་རོབ་གཞོན་ནུ་མཐུན་ཚོགས། སུད་སི་ས་གནས་བེུད་ལྷན་ཚོགས་བཅས་ཀྱིས་སྣེ་ཁྲིད་གནང་སྟེ་སུད་སི་གྲོང་ཁྱེར་ཇི་ནི་ཝའི་རྒྱལ་ཚོགས་མདུན་ཐང་དངཛུ་རིག་རྒྱ་ནག་གཞུང་ཚབ་ཡན་ལག་ཡན་ལས་ཁུངས་མདུན་ངོས། དེ་བཞིན་རྒྱལ་ས་སྦན་བཅས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་རྣམས་ནས་བོད་ཀྱི་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་འཕྱར་ནས་རྒྱ་གཞུང་ལ་ཞི་བའི་སྐད་འབོད་གནང་བ་དང་སྦྲགས་ད་བར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་པ་ཡོངས་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་ཞུས་ཏེ་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད་པ་རེད།སྐབས་དེར་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱིས་ད་བར་བོད་དོན་ཆེད་སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་བློས་བཏང་ལ་དྲན་གསོ་དང་མྱ་ངན་གུས་འདུད་མཚོན་ཆེད་སྤུར་སྒམ་ཐོག་རྒྱལ་གཅེས་པ་རྣམས་ཀྱི་ལོ་རྒྱུས་དང་སྐུ་པར་སྒྲིག་གཤོམ་གནང་སྟེ་གཞི་རྒྱ་ཆེ་བའི་སྤུར་སྒམ་འགྲེམས་སྟོན་བརྒྱུད་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་འདུག
ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞི་སྲས་ཚང་བཀྲིས་མཚོ་མོ་ལགས་ཀྱིས་ད་ལྟའི་ཆར་སྐྱབས་བཅོལ་བོད་མི་འདུ་སྡོད་ཆེ་བའི་ཡོ་རོབ་རྒྱལ་ཁབ་ཕ་རན་སི་ནང་ཕ་རན་སི་བོད་རིགས་ཚོགས་པ་དང་ས་གནས་གཞོན་ནུ། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྣེ་ཁྲིད་འོག་རྒྱལ་ས་པ་རི་སིར་ས་གནས་གཞུང་འབྲེལ་མི་སྣ་གཙོས་བོད་མི་དང་བོད་དོན་རྒྱབ་སྐྱོར་ཁྱོན་མི་གྲངས་ ༡༥༠༠ ལྷག་འདུ་འཛོམས་ཀྱིས་གཞི་རྒྱ་ཆེ་བའི་ཞི་བའི་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། དེ་བཞིན་བོད་མི་ཚོས་གཏམ་བརྗོད་ཀྱི་ལམ་ནས་ས་གནས་མང་ཚོགས་ལ་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་དྲག་གནོན་དང་མནར་གཅོད་དམར་གསོད་གཏོང་བཞིན་པའི་བྱ་སྤྱོད་ཁག་མངོན་གསལ་གནང་ཡོད་པར་གསུངས་ཡོད། ཡོ་རོབ་རྒྱལ་ཁབ་སྦེལ་འཇམ་ནང་དུ་གསུམ་བཅུའི་དུས་དྲན་སྐབས་བོད་མི་ཚོས་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་ཞི་བའི་སྐད་འབོད་གནང་སྐབས་སུ་རྒྱ་ནག་གི་གཞུང་ཚབ་ཁང་དུ་བསྒྲེངས་པའི་རྒྱ་ནག་གི་རྒྱལ་དར་རང་བཞིན་ཐོག་མར་ཟགས་པའི་གནས་ཚུལ་ཡང་བྱུང་འདུགདེ་བཞིན་ཁ་སང་དབྱིན་ཡུལ་ནང་ས་གནས་སུ་ནད་ཡམས་དང་གཞུང་གིས་བཀག་བསྐྱིལ་གནང་བའི་གནས་སྟངས་ལ་གཞིགས་ཏེ་དབྱིན་ཡུལ་དོན་གཅོད་དང་ས་གནས་བོད་རིགས་ཚོགས་པ། བོད་རང་དབང་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་བོད་མི་སྒེར་བཅས་སོ་སོས་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་དྲ་ཐོག་བགྲོ་གླེང་ལས་རིམ་དང་ཞི་བའི་གོམ་བགྲོད། བོད་ཀྱི་རྒྱལ་དར་སྒྲེང་འཛུགས། རྒྱ་ནག་གཞུང་ཚབ་ལ་དགོས་འདུན་ཡིག་ཆ་འགྲེམས་སྤེལ་གནང་བ་སོགས་ཀྱི་ལས་འགུལ་སྣ་མང་སྤེལ་བའི་ཐོག་ནས་ཉིན་མོ་དེ་སྲུང་བརྩི་ཞུས་འདུགགཞན་ཡང་ཁ་སང་ཅེཀ་སྤྱི་མཐུན་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཚོགས་གཞོན་སྐུ་ཞབས་ Jiri Ruzicka ལགས་ཀྱིས་གཙོས་པའི་གྲོས་ཚོགས་འཐུས་མིས་གྲོས་ཚོགས་ཀྱི་ཁང་སྟེང་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་བསྒྲེངས་འཛུགས་ཀྱིས་བོད་མིའི་གསུམ་བཅུ་དུས་དྲན་སྲུང་བརྩི་ཞུས་འདུག ཨི་ཊ་ལི་གྲོས་ཚོགས་ནང་ཨི་ཊ་ལི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག བོད་མིའི་གསུམ་བཅུ་དུས་དྲན་སྲུང་བརྩི་དང་འབྲེལ་ནས་གཞུང་འབྲེལ་གནད་ཡོད་མི་སྣ་གདན་ཞུས་ཀྱིས་གསར་འགོད་ལྷན་ཚོགས་སྐོང་ཚོགས་གནང་འདུགའཇར་མི་ནི། ཨོ་སི་ཊི་རི་ཡ། ཧང་གེ་རི། སྦེལ་ཇེམ། ཨར་ལེན་ཊ་སོགས་ཀྱི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་རྣམས་ཀྱིས་ཀྱང་ས་གནས་སོའི་གནས་བབ་ལ་གཞིགས་པའི་རྔམ་སྟོན་ཁྲོམ་སྐོར་དང་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཞི་བའི་སྐད་འབོད། ས་གནས་སོ་སོའི་གྲོང་སྡེ་ལས་ཁུངས་མདུན། རང་ཁྱིམ་བཅས་སུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱིས་རྣམ་པ་འདྲ་མིན་ཐོག་ནས་ལས་འགུལ་སྤེལ་ནས་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།