Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་རྒྱལ་མཚམས་བརྒལ་ནས་ཁེ་ན་ཌར་ཡོད་པའི་རྒྱ་རིགས་ཚོར་དྲག་གནོན་དང་དོགས་སྲུང་བྱེད་བཞིན་པ་ར་འཕྲོད།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

Think tank Second Street ཞེས་པའི་བློ་མཛོད་བསྟི་གནས་ཁང་གིས་ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཞིབ་འཇུག་སྙན་ཐོ་གསར་པ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གཞུང་གིས་ཁེ་ན་ཌར་གནས་སྡོད་རྒྱ་རིགས་གཙོས་ཁུལ་དེར་སློབ་གཉེར་གནང་བཞིན་པའི་རྒྱ་རིགས་མཐོ་རིམ་སློབ་མ་རྣམས་ཀྱི་ཆོས་དད་རང་དབང་ཐད་ལ་མུ་མཐུད་དམ་དྲག་དང་། རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱས་པ་མ་ཟད། ཁོང་རྣམས་ཁ་གྲག་ཏུ་མི་འཇུག་པར་ཞེད་སྣང་དང་དངངས་སྐྲག་འོག་གནས་སྡོད་བཅུག་གི་ཡོད་པ་གསལ་འདོན་གནང་འདུག

CCP harassing Chinese diaspora in Canada,

དེ་ཡང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། Think tank Second Street ཞེས་པའི་བློ་མཛོད་བསྟི་གནས་ཁང་གིས་ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཞིབ་འཇུག་སྙན་ཐོ་གསར་པ་ཞིག་འདོན་སྤེལ་གནང་བའི་ནང་། ཁེ་ན་ཌར་སློབ་གཉེར་གནང་བཞིན་པའི་རྒྱ་རིགས་མཐོ་རིམ་སློབ་མ་གཙོས་གཞན་ཁུལ་དེར་བཅའ་སྡོད་གནང་མཁན་རྒྱ་རིགས་ ༢༦ ལ་དམིགས་བསལ་བཅར་འདྲི་ཞུས་པའི་ཁྲོད། རྒྱ་གཞུང་གིས་མུ་མཐུད་རྒྱལ་མཚམས་བརྒལ་ནས་ཁུལ་དེར་ཡོད་པའི་རྒྱ་རིགས་གཙོས་ཚོགས་སྡེ་ཁག་ལ་འཇིགས་སྐུལ་དང་དོགས་སྲུང་བྱེད་བཞིན་པའི་དངོས་ཡོད་གནས་སྟངས་མངོན་གསལ་གནང་འདུག་པ་དང་། ལྷག་པར་ཁུལ་དེར་གནས་སྡོད་ནང་པ་དང་ཡེ་ཤུའི་ཆོས་ལུགས་པ། དེ་བཞིན་ Falun Gong ཉམས་ལེན་པ་རྒྱ་རིགས་ཚོར་རྒྱ་གཞུང་ནས་འཇིགས་སྐུལ་དང་། དོགས་སྲུང་། བརྙས་བཅོས་སོགས་བྱས་ཏེ་ཁོང་རྣམས་ཞེད་སྣང་ཅན་གྱི་ཁོར་ཡུག་ཏུ་གནས་ཡོད་སྐོར་འགྲེལ་བརྗོད་གནང་འདུག

མ་ཟད། བཅར་འདྲི་ཁྲོད་མིང་གསལ་མ་གནང་བའི་རྒྱ་རིགས་ཞིག་གིས་ཁོ་པ་  Falun Gong ཉམས་ལེན་པ་ཞིག་ཡིན་པའི་རྒྱུ་མཚན་གྱིས། ཁོང་ལ་མིང་མེད་ཁ་པར་འབྱོར་བ་དང་། རྒྱ་གཞུང་གསང་བའི་མི་སྣས་འདྲ་པར་ལེན་པ། དེ་བཞིན་རྗེས་དེད་བཏང་བ་སོགས་དམིགས་སུ་བཀར་ནས་སྡིགས་ར་སྐུལ་གྱི་ཡོད་པ་དང་ཆབས་ཅིག འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་རང་དབང་ཐད་ལས་འགུལ་སྤེལ་མཁན་གྱི་རྒྱ་རིགས་ཚོར་རྒྱལ་མཚམས་བརྒལ་ནས་ཡུལ་དེའི་ས་ཐོག་ཏུ་དྲག་གནོན་དང་སུན་གཙེར། འཇིགས་སྐུལ་དང་རྒོལ་རྡུང་གཏོང་རྒྱུ་ཡིན་པ་སོགས་ཀྱི་ཉེན་བརྡ་བཏང་ཡོད་སྐོར་མངོན་གསལ་གནང་འདུག

Think tank Second Street

དེ་བཞིན་ཁག་གཅིག་གིས་ཁོང་ཚོའི་རླངས་འཁོར་གྱི་འཁོར་ལོའི་ཕུ་བཏོལ་བ་དང་། འགའ་ཤས་ཀྱིས་ཁོང་ཚོའི་ཁྱིམ་ནང་གང་བྱུང་བསྔོག་བཤེར་བྱས་ཡོད་པ་ཙམ་མ་ཟད། ཁུལ་དེར་གནས་སྡོད་རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་གྱི་རྒྱ་རིགས་མང་ཆེ་བས་རྒྱ་ནག་ཏུ་ཡོད་པའི་རང་གི་ནང་མི་སྤུན་མཆེད་རྣམས་དམིགས་སུ་བཀར་ནས་སྡིགས་ར་སྐུལ་གྱི་ཡོད་པ་དང་རྒྱ་གཞུང་གིས་དེ་ལྟ་བུའི་རྒྱལ་མཚམས་བརྒལ་བའི་དྲག་གནོན་དེས་རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོས་རྒྱ་ནག་ཏུ་ཡོད་པའི་རང་གི་ནང་མིའི་བདེ་འཇགས་ལ་སེམས་འཚབ་དང་འབྲེལ་རྒྱ་ནག་གི་དགོས་འདུན་ཁག་ལ་བཙན་ཤེད་ཀྱིས་ཁས་ལེན་བྱེད་དུ་འཇུག་པའམ་ཡང་ན་ཁ་གྲག་ཏུ་མི་བཅུག་པ་བཟོས་ཀྱི་ཡོད་པ་མངོན་གསལ་གནང་འདུག

གནད་དོན་དེ་དང་འབྲེལ། ཞིབ་འཇུག་སྙན་ཐོ་དེ་ཉིད་འདོན་སྤེལ་གནང་མཁན་སྐུ་ཞབས་ Dom Lucyk ལགས་ཀྱིས་རྒྱ་ནག་དམར་ཤོག་གིས་རྒྱལ་མཚམས་བརྒལ་ནས་ཁེ་ན་ཌའི་མི་སེར་ལ་ཡུལ་དེའི་ས་ཐོག་ཏུ་དྲག་གནོན་དང་སུན་གཙེར། འཇིགས་སྐུལ་སོགས་ཀྱི་བྱ་འགུལ་ཤུགས་ཆེ་སྤེལ་ཡོད་པ་དེ་ལྟར་ཡང་། ས་གནས་ཀྱི་ཉེན་རྟོག་པ་དང་། སྒྲིག་ཁྲིམས་ལྟ་སྲུང་བྱེད་མཁན་ཚོས་ཁོང་རྣམ་པར་སྲུང་སྐྱོབ་དེ་ཙམ་བྱུང་མེད་པ་འགྲེལ་བརྗོད་ཀྱིས། ཁེ་ན་ཌའི་གཞུང་གིས་རྒྱ་གཞུང་གི་བྱེད་བབ་འདིའི་ཐད་གདོང་ལེན་གྱི་ཁྲིམས་ཡིག་གཏན་འབེབས་ཡོང་བ་དང་། རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་དམིགས་འབེན་དུ་གྱུར་པའི་སྡེ་ཁག་ལ་སྲུང་སྐྱོབ་དགོས་པ་སོགས་ཀྱི་ཞུ་སྐུལ་གནང་འདུག

Linda Sun & Chris Hu
Linda Sun & Chris Hu

དེའི་བར་ན། BBC གཙོས་གཞན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གཅིག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་འདིའི་ཚེས་ ༣ ཉིན་ཨ་རིའི་ནེའུ་ཡོག་མངའ་སྡེའི་སྤྱི་ཁྱབ་ Kathy Hochul ལགས་ཀྱི་ལས་དྲུང་ཟུར་པ་ Linda Sun ཟེར་བས་ནིའུ་ཡོག་མངའ་སྡེའི་ཕྱི་འབྲེལ་གསང་བ་གཙོས་གཞན་གལ་ཆེའི་ཆབ་སྲིད་ཚོགས་འདུ་སོགས་ཀྱི་ཐོག་གནས་ཚུལ་བསྡུ་རུབ་བྱས་ཏེ་རྒྱ་ནག་གི་གསང་བའི་ལས་ཁུངས་ལ་མཁོ་སྤྲོད་བྱས་པ་ཙམ་མ་ཟད། ཁུལ་དེའི་མཐོ་རིམ་ལས་སྣེ་ཚོའི་མཛད་རིམ་ཁག་ལ་ཐེ་བྱུས་ཀྱིས་ཨ་རིའི་དཔོན་རིགས་དང་ཐེ་ཝན་གྱི་དཔོན་རིགས་མཇལ་འཕྲད་གནང་རྒྱུར་འགོག་རྐྱེན་བཟོས་ཡོད་པ་སོགས་ཀྱི་ནག་ཉེས་འོག་འཛིན་བཟུང་བྱས་འདུག

Linda Sun
Linda Sun

དེ་ཡང་ཁོ་མོར་རྒྱ་གཞུང་ཆེད་གསང་མྱུལ་བྱས་སྐོར་ནག་ཉེས་འཛུགས་མཁན་ཨ་རིའི་གཞུང་གི་ཁྲིམས་རྩོད་པ་ Breon Peace ལགས་ཀྱིས་ལོ་ན་ ༤༡ ལ་སོན་པའི་རྒྱ་རིགས་བུད་མེད་ Linda Sun ཟེར་བས་ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་ཨ་རིའི་ནེའུ་ཡོག་མངའ་སྡེའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་དཔལ་འབྱོར་འཛུགས་སྐྲུན་ལས་ཁུངས་སུ་གནད་འགག་ཆེ་བའི་གོ་གནས་བཟུང་ཡོད་པ་དང་། ལྷག་པར་ཁོ་མོས་ནེའུ་ཡོག་མངའ་སྡེའི་སྤྱི་ཁྱབ་ཟུར་པ་དང་ལས་ཐོག་སྤྱི་ཁྱབ་ Kathy Hochul ལགས་རྣམ་གཉིས་ཀྱི་ལས་དྲུང་ཡང་བྱས་མྱོང་ཡོད་པ་དང་ཆབས་ཅིག དུས་ཡུན་དེའི་ཁྲོད་ཁོ་མོས་རྒྱ་ནག་གསང་བའི་ལས་ཁུངས་ཀྱི་བཀོད་ཁྱབ་འོག་ཨ་རིའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་གསང་གནད་གཙོས་གཞན་གལ་ཆེའི་ཆབ་སྲིད་ཚོགས་འདུ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གྱིས་རྒྱ་ནག་གཞུང་ཚབ་ཡན་ལག་ལ་མཁོ་སྤྲོད་བྱས་ཡོད་པ་ཙམ་མ་ཟད། རྒྱ་ནག་རྒྱལ་ཁབ་ཀྱི་དཔལ་འབྱོར་ཁེ་ཕན་ལ་དམིགས་ནས་ནེའུ་ཡོག་མངའ་སྡེ་གཞུང་དང་སྤྱི་ཁྱབ་སོགས་ཀྱི་བཀའ་འཁྲོལ་མེད་པར་གཞུང་འབྲེལ་ལས་ཤོག་ཐོག་ཏུ་མགྲོན་ཤོག་བཏང་ནས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོ་ཨ་རིར་མགྲོན་འབོད་བྱས་ཡོད་པ་དང་། ལྷག་དོན་ཐེ་ཝན་གྱི་དཔོན་རིགས་ཚོར་ཁུལ་དེའི་དཔོན་རིགས་དང་ལྷན་དུ་མཇལ་འཕྲད་གནང་རྒྱུར་འགོག་རྐྱེན་བཟོས་ཡོད་པ་སོགས་མངོན་གསལ་གནང་འདུག་ལ། ཁྲིམས་འགལ་གྱི་ལས་དོན་སྤེལ་བར་རྒྱ་ནག་གཞུང་གིས་ Linda Sun ལ་ཨ་སྒོར་ས་ཡ་མང་པོའི་ཚོང་ལས་ཀྱི་ཁེ་ཕན་སྤྲོད་ཡོད་པ་གསུངས་འདུག

Linda Sun
Linda Sun

ཕྱོགས་མཚུངས་ལོ་ན་ ༤༠ ལ་སོན་པའི་ཁོ་མོའི་བཟའ་ཟླ་ Chris Hu ཡིས་རྒྱ་ནག་གཞུང་གིས་ཁོ་མོར་ཁྲིམས་འགལ་གྱི་དངུལ་སྨར་སྤྲད་པ་ཁག་ཁྲིམས་མཐུན་གྱི་དངུལ་སྒོར་གཙང་མར་བསྒྱུར་བར་མཐུན་རྐྱེན་སྦྱར་ཡོད་པའི་ནག་ཉེས་བཙུགས་ཏེ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དེ་ལྟར་ཡང་། ཁ་ཉིན་རེས་གཟའ་མིག་དམར་ཉིན་ Linda Sun དང་ཁོ་མོའི་བཟའ་ཟླ་ Chris Hu གཉིས་ཀས་ཁྲིམས་ཁང་དུ་ནག་ཉེས་དེ་དག་ངོས་ལེན་བྱས་མེད་པའི་ཁར་དངུལ་གྱི་གཏའ་མ་བཞག་ནས་གནས་སྐབས་གློད་བཀྲོལ་ཡང་ཐོབ་ཡོད་པ་མངོན་གསལ་གནང་འདུག

Linda Sun & Chris Hu
Linda Sun & Chris Hu

གཞི་རྩའི་གནད་དོན་དཔྱད་ཞིབ་པ་ཁག་གཅིག་གིས་ཨ་རིའི་ས་ཚིགས་ཐོག་རྒྱ་ནག་གཞུང་གིས་གསང་མྱུལ་གྱི་ལས་དོན་སྤེལ་བ་ད་རེས་ཐོག་མ་ཆགས་ཀྱི་མེད་པ་དེ་ལྟར་ཡང་། ད་རེས་ Linda Sun ལྟ་བུ་ཨ་རིའི་ནེའུ་ཡོག་མངའ་སྡེའི་སྤྱི་ཁྱབ་ཀྱི་ཕྱག་རོགས་བྱས་མྱོང་མཁན་ཞིག་གིས་རང་གི་ལས་གནས་དེ་བེད་སྤྱོད་ཀྱིས་ཁུལ་དེའི་གཞུང་དམངས་གཉིས་ཀྱི་ཁྲོད་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་མངོན་འདོད་དང་མཐུན་པའི་འཁྱོག་བཤད་དྲིལ་བསྒྲགས་སྤེལ་ཐབས་བྱེད་བཞིན་པ་དེ་ནི་རྒྱ་ནག་གཞུང་གིས་ཨ་རིའི་སྒྲིག་འཛུགས་ཁག་ལ་སོ་མྱུལ་གྱི་ལས་དོན་རྒྱ་ཆེན་པོ་སྤེལ་གྱི་ཡོད་པའི་རྣམ་པ་ཞིག་མཚོན་གྱི་ཡོད་པ་དང་།  གནས་ཚུལ་འདི་དག་གིས་རྒྱ་གཞུང་གིས་ཨ་རི་ནང་དངུལ་གྱི་འགྲོ་གྲོན་ཕོན་ཆེན་བཏང་ནས་གསང་བའི་ཚོགས་པ་འཛུགས་བཞིན་པ་དང་། ལྷག་པར་གསང་མྱུལ་གྱི་ལས་དོན་རྒྱ་སྐྱེད་གཏང་ཆེད་ཡུལ་དེའི་ནང་གནད་འགག་ཆེ་བའི་གོ་གནས་བཟུང་མཁན་ཚོར་དངུལ་སྤྲོད་ནས་སོ་ཉུལ་བྱེད་དུ་མཇུག་བཞིན་པའི་གནད་དོན་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་སྐོར་མངོན་གསལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།