Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གི་དགག་བྱར་ལྟོས་མེད་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཐེ་ཝན་གྱི་སྲིད་འཛིན་གཉིས་མཇལ་འཕྲད།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

རྒྱ་ནག་གཞུང་གིས་དགག་བྱ་ཆེས་ཆེར་བྱས་པར་ལྟོས་མེད་ཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ Kevin McCarthy མཆོག་གིས་ཡུལ་དེའི་བརྒྱུད་ནས་ཕྱིར་ལོག་གནང་བཞིན་པའི་ཐེ་ཝན་གྱི་སྲིད་འཛིན་ Tsai IngWen མཆོག་དང་ལྷན་དུ་ California ནང་རྟེན་གཞི་བྱས་པའི་ཨ་རིའི་སྲིད་འཛིན་ཟུར་པ་ Ronald Reagan མཆོག་གི་དཔེ་མཛོད་ཁང་དུ་མཇལ་འཕྲད་གནང་འདུག

མཇལ་འཕྲད་གྲུབ་རྗེས་ཉིན་རྒྱབ་ཏུ་གསར་འགོད་ལྷན་ཚོགས་ཐོག་ཚོགས་གཙོ་མཆོ་ Kevin McCarthy མཆོག་གིས་ཐེ་ཝན་དང་ཨ་རིའི་མང་ཚོགས་དབར་གྱི་མཛའ་གྲོགས་ཀྱི་འདུ་ཤེས་དེ་བཞིན་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་། མང་གཙོ། དཔལ་འབྱོར་རང་དབང་རྒྱུན་གནས་སླད་གལ་གནད་ཡིན་སྐོར་དང་འབྲེལ། ཐེ་ཝན་དང་ལྷན་དུ་གྲོས་མོལ་མུ་མཐུད་གནང་རྒྱུར་རྒྱབ་སྐྱོར་བསྐྱར་ནན་གནང་འདུག

ཐེ་ཝན་སྲིད་འཛིན་ལྕམ་སྐུ་ Tsai IngWen མཆོག་གིས་ཚོགས་གཙོ་གཙོས་འདུ་འཛོམས་ཐོག་ཆེད་ཕེབས་གནང་བའི་ཨ་རིའི་ཆབ་སྲིད་ཚོགས་པ་དབྱེ་མེད་ཀྱི་གྲོས་ཚོགས་འཐུས་མིའི་རུ་ཁག་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ད་རེས་ཁོང་རྣམས་ཕེབས་པ་དང་རྒྱབ་སྐྱོར་གཡོ་བ་མེད་པ་གནང་བཞིན་པ་དེས་ཐེ་ཝན་མང་ཚོགས་ལ་ང་ཚོ་ཁེར་རྐྱང་མིན་པའི་བློ་བསྐྱེད་གནང་ཡོད་པར་གསུངས་འདུག

ཁ་སང་དབུ་ཁྲིད་གཉིས་པོ་མཇལ་འཕྲད་གནང་བཞིན་པའི་སྐབས་སུ་དཔེ་མཛོད་ཁང་གི་ཕྱི་ཕྱོགས་སུ་ཐེ་ཝན་གྱི་སྲིད་འཛིན་སྐུ་པར་དང་། ཁོང་ལ་རྒྱབ་སྐྱོར་གྱི་འབོད་ཚིག་འཁོད་པའི་འཕྲེད་དར་བསྣམས་ཏེ་དགའ་བསུ་ཞུ་མཁན་མང་དག་ཞིག་བྱུང་ཡོད་ཀྱང་ལ་ལས་སྲིད་འཛིན་ཁོང་ལ་ངོ་རྒོལ་གྱིས་རྒྱ་ནག་གི་སྐར་མ་ལྔ་ཅན་གྱི་དར་དམར་འཁྱེར་བར་མ་ཟད། མཁའ་དབྱིངས་སུ་རྒྱ་ནག་གཅིག ཐེ་ཝན་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་གནམ་གྲུ་ནས་འཕྲེད་དར་འཕྱར་བ་བྱུང་འདུག

དེའི་ཁྲོད་རྒྱ་ནག་གཞུང་གིས་ Tsai IngWen ནི་ཐེ་ཝན་དེ་ཉིད་རྒྱ་ནག་ནས་ཁ་བྲལ་གཏོང་རྒྱུའི་བསམ་བློ་ཡོད་མཁན་གྱི་ཁ་བྲལ་བ་ཞིག་ཡིན་པ་དང་། ཨ་རི་དང་ཐེ་ཝན་གཉིས་ཀྱི་བྱ་སྤྱོད་དེ་ནི་མཐའ་གཅིག་ཏུ་ནོར་བ་ཞིག་ཡིན་སྟབས་རྒྱ་ནག་གིས་རྒྱལ་ཁབ་ཀྱི་གནས་བབས་དང་ས་ཁོངས་བདག་དབང་སྲུང་སྐྱོབ་སླད་ངེས་པར་དུ་ཡ་ལན་བྱ་རྒྱུ་དང་། རྒྱ་ནག་རྒྱལ་སྲུང་ལས་ཁུངས་ཀྱི་ངོས་ནས་རྒྱ་ནག་གི་དམག་དཔུང་རྣམས་གྲ་སྒྲིག་ཡོད་སྐོར་བཤད་འདུག

དེ་བཞིན་ཁ་སང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ Antony Blinken མཆོག་གིས་འདས་པའི་ལོ་ཤས་ནང་ལྕམ་སྐུ་ Tsai ཁོང་འགྲུལ་བཞུད་སྐབས་ཨ་རིར་བཞུགས་ཞག་ཐེངས་ ༦ ཙམ་གནང་མྱོང་ཡོད་པ་ལྟར་དེ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ལས་དམིགས་བསལ་གང་ཡང་མིན་པ་དེ་ལྟར་ནའང་། རྒྱ་ནག་གཞུང་གིས་དོན་མེད་རྙོག་གླེང་བཟོ་དགོས་དོན་མེད་ཅེས་གསུངས་འདུག

ལྕམ་སྐུ་ Tsai Ingwen ཁོང་ཐེ་ཝན་ལ་ཕྱིར་ལོག་གནང་རྗེས་སྐུ་ཞབས་ Kevin McCarthy མཆོག་གིས་གསར་འགོད་ལྷན་ཚོགས་ཐོག་ཐེ་ཝན་གྱི་སྲིད་འཛིན་དང་ལྷན་དུ་བཀའ་མོལ་བྱུང་བའི་ཁྲོད། དང་པོ། ཨ་རིའི་ངོས་ནས་ཐེ་ཝན་ལ་གོ་མཚོན་ཚོང་འགྲེམས་མུ་མཐུད་ནས་བྱེད་དགོས་པ། དེའང་དུས་ཐོག་ཏུ་བྱེད་དགོས་ངེས་ཡིན་པ་དང་། གཉིས་པ། ཚོང་དང་འཕྲུལ་ལས་གཙོས་ཕན་ཚུན་ཚོང་འབྲེལ་རྒྱ་བསྐྱེད་དགོས་པ། གསུམ་པ། རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཕྱོགས་གཉིས་ཀྱི་བློ་མཐུན་རིན་ཐང་རྣམས་གོང་འཕེལ་གཏོང་དགོས་པ་བཅས་བརྒྱུད་ནས་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་དམ་ཟབ་གཏང་དགོས་པའི་ངེས་རྙེད་ཡོད་པ་གསུངས་འདུག པར་ཁག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་གནས།

Sunday 19/05/2024

Saturday 18/05/2024

Friday 17/05/2024

གསར་གནས།