རྒྱ་གཞུང་གི་རྒྱལ་མཚམས་ལས་བརྒལ་བའི་གསང་མྱུལ་དོགས་སྲུང་དང་དངུལ་འབོར་བསླུ་བྲིད་ཀྱི་བྱ་འགུལ་ཐེར་འདོན།

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

རྒྱ་གཞུང་གིས་ཉེ་བའི་ལོ་ཤས་ནང་རྒྱལ་མཚམས་ལས་བརྒལ་ཏེ་རང་དང་ལྟ་སྤྱོད་མི་མཐུན་མཁན་གྱི་རྒྱལ་སྤྱིའི་གསར་འགོད་པ་དང་། ཤེས་ཡོན་མི་སྣ། ལས་འགུལ་བ་སོགས་ཀྱི་ཐོག་གསང་མྱུལ་དོགས་སྲུང་གི་ལས་གཞི་ཞིག་སྤེལ་བཞིན་ཡོད་པ་མ་ཟད།  ལྷོ་ཤར་ཨེ་ཤི་ཡའི་ཁུལ་དུ་མགོ་སྐོར་བསླུ་བྲིད་ཀྱི་ལྟེ་གནས་འཛུགས་སྐྲུན་བརྒྱུད་ལོ་རེར་ཨ་རིའི་མི་མང་ནས་ཉུང་མཐར་ཨ་སྒོར་ཐེར་འབུམ་བཅུ་ལྷག་རྐུ་འཁྱེར་བྱེད་ཀྱིན་ཡོད་པ་ཐེར་འདོན་གནང་འདུག

Chinese Transnational surveillance and Scam Centers

དེ་ཡང་ཁ་སང་ཕྱི་ཚེས་ ༡༩ ཉིན་དབྱིན་ཡུལ་ནང་གི་ The Telegraph  གསར་ཤོག་གིས་འདོན་སྤེལ་གནང་བའི་གནས་ཚུལ་ནང་གསལ་ལྟར་ན།   རྒྱ་གཞུང་གིས་ཉེ་བའི་ལོ་ཤས་ནས་བཟུང་ Dynamic Control Platform ཞེས་མིས་བཟོས་རིག་ནུས་ཀྱི་ཁྱད་ཆོས་ལྡན་པའི་དྲྭ་ཐོག་གསང་མྱུལ་དོགས་སྲུང་གི་བྱ་ར་ཞིག་གི་བརྒྱུད་རང་དང་ལྟ་སྤྱོད་མི་མཐུན་པའི་རྒྱ་ནག་ཐོག་ཞིབ་འཇུག་བྱེད་མཁན་གྱི་རྒྱལ་སྤྱིའི་གསར་འགོད་པ་དང་། འགྲོ་བ་མིའི་ཐོབ་ཐང་ཐོག་སྙན་ཐོ་འདོན་སྤེལ་གནང་མཁན་གྱི་ཤེས་ཡོན་མི་སྣ།  དེ་བཞིན་ཆབ་སྲིད་གནད་དོན་དང་འབྲེལ་བའི་རྒྱ་ནག་ཐེར་འདོན་གནང་མཁན་གྱི་ལས་འགུལ་བ་སོགས་དམིགས་དབེན་དུ་བཟུང་ནས་ཁོང་རྣམས་ཀྱི་འགྲོ་སྡོད་སྤྱོད་གསུམ་ལ་རྒྱལ་མཚམས་ལས་བརྒལ་ཏེ་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པ་མངོན་གསལ་བྱུང་འདུག་པ་མ་ཟད།  དྲྭ་ཐོག་གསལ་མྱུལ་གྱི་བྱ་ར་དེས་དམིགས་དབེན་བཟུང་ས་ཁོངས་སུ་ The Telegraph  གསར་ཤོག་གི་གསར་འགོད་པ་རྒན་པ་ Sophia Yan ལགས་ཀྱང་ཚུད་ཡོད་པ་རེད་འདུག 

གནས་ཚུལ་ནང་གསལ་ཐེངས་འདིའི་རྒྱ་གཞུང་གི་དྲྭ་ཐོག་ངན་བྱུས་སྐོར་གྱི་གནས་ཚུལ་དེ་ཉིད་ཐོག་མར་ NetAskari ཞེས་རྒྱ་ནག་ལ་དམིགས་པའི་དྲྭ་རྒྱའི་བདེ་འཇགས་སྐོར་རང་དབང་ཅན་གྱི་ཞིབ་འཇུག་གནང་མཁན་རུ་ཁག་གིས་ཤེས་རྟོགས་བྱུང་བ་དང་དེའི་རྗེས་ The Telegraph གསར་ཤོག་གིས་དབྱེ་ཞིབ་དང་བརྒྱུད་སྐུལ་གནང་བ་ཞིག་རེད་འདུག  དྲྭ་ཐོག་གསལ་མྱུལ་དེས་དམིགས་དབེན་བཟུང་གཙོ་བོ་ཨ་རི་དང་། དབྱིན་ཡུལ། ཁེ་ན་ཌ།  ཨོ་གླིང་། ནིའུ་ཛི་ལེནཌ་རྒྱལ་ཁབ་ཀྱི་མི་སེར་ཚོ་ཡིན་པ་མ་ཟད།  དོགས་སྲུང་གི་བྱ་ར་དེ་ཕལ་ཆེར་ཕྱི་ལོ་ ༢༠༢༡ ནས་བཟུང་འགོ་འཛུགས་བྱས་ཟིན་པ་ཞིག་ཡིན་པ་དེ་ལྟར་ཡང་།  དྲྭ་ཐོག་སྟེགས་བུ་དེ་ཉིད་དངོས་སུ་གཞུང་འབྲེལ་ཐོག་བེད་སྤྱོད་བྱེད་པར་ཡོངས་བསྒྲགས་བྱེད་ཡོད་མེད་དང་ཡང་ན་ད་དུང་ཡར་རྒྱས་གཏོང་རྒྱུ་ལྷག་ཡོད་མེད་ཤེས་ཚོད་ཐིག་གི་མེད་པ་རེད་འདུག     བདེ་འཇགས་དབྱེ་ཞིབ་པ་ཚོས་བརྗོད་དོན་ལྟར་ན།  བྱ་འགུལ་དེ་ནི་རྒྱ་གཞུང་གིས་དྲྭ་རྒྱའི་ཚོད་འཛིན་དང་ལྟ་སྲུང་ལག་རྩལ་གྱི་ནུས་པ་མཐོ་བ་བེད་སྤྱོད་བྱས་ཏེ་རང་དང་ལྟ་སྤྱོད་མི་མཐུན་མཁན་གྱི་སྐྱོན་བརྗོད་པ་རྣམས་རྗེས་འདེད་གཏོང་རྒྱུ་དང་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་ངན་ཕྱོགས་གཏམ་གླེང་དག་བསྒྱུར་བ་གཏོང་ཐབས་ཀྱི་དཔེ་མཚོན་ཞིག་ཡིན་པ་རེད་འདུག

Chinese Transnational surveillance
པར་དབང་། The Telegraph

དེའི་བར་ན་ཁ་སང་ཕྱི་ཚེས་ ༡༩ ཉིན་མོ་དེར་ US House Select Committee on China འམ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་རང་གི་དྲྭ་གནས་ཐོག  རྒྱ་གཞུང་གིས་ཨ་རིའི་མི་སེར་དམིགས་དབེན་དུ་བཟུང་ནས་མགོ་སྐོར་བསླུ་བྲིད་བརྒྱུད་དངུལ་འབོར་ཆེན་པོ་རྐུ་འཁྱེར་བྱེད་བཞིན་ཡོད་པའི་སྐོར་གྱི་ཞིབ་འཇུག་སྙན་ཐོག་ཞིག་འདོན་སྤེལ་གནང་བའི་ནང་།  རྒྱ་ནག་དང་ཐད་ཀར་འབྲེལ་བ་ཡོད་པའི་ནག་ཉེས་ཅན་གྱི་ལྟེ་གནས་ཁག་གིས་དྲྭ་ཐོག་ནས་ཨ་རིའི་མི་སེར་ལ་རྒྱལ་ཁབ་གཞན་དུ་ལས་ཀའི་གོ་སྐབས་ཡོད་ཚུལ་སོགས་ཐབས་ཤེས་འདྲ་མིན་གྱི་མགོ་སྐོར་བསླུ་བྲིད་ཀྱི་ཁྱབ་བསྒྲགས་སྤེལ་བའི་བརྒྱུད་གང་ཟག་དེ་དག་ནས་དངུལ་འབོར་ཆེན་པོ་བླངས་ཏེ་ཡུལ་གཞན་དུ་བཙན་ཁྲིད་བྱས་པའམ་དབང་ཤེད་ཐོག་ངལ་རྩོལ་དུ་བཅུག་བཞིན་ཡོད་པ་ཐེར་འདོན་གནང་འདུག་པ་དང་།  མགོ་སྐོར་བསླུ་བྲིད་བྱེད་མཁན་གྱི་ལྟེ་གནས་དེ་དག་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ Burma དང་ Cambodia ནང་དུ་རྟེན་གཞི་བྱས་ཡོད་པ་མ་ཟད།  དེ་དག་གིས་ལོ་རེར་ཉུང་མཐར་ཨ་རིའི་མི་སེར་ནས་ཨ་སྒོར་ཐེར་འབུམ་ ༡༠ ལྷག་རྐུ་འཁྱེར་བྱེད་ཀྱི་ཡོད་པ་མངོན་གསལ་གནང་འདུག 

ཞིབ་འཇུག་སྙན་ཐོ་དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ John Moolenaar ལགས་དང་དམིགས་བསལ་ཚོགས་མི་ Ro Khanna ལགས་གཉིས་ཀྱིས་འདོན་སྤེལ་གནང་བ་ཞིག་རེད་འདུག་ལ།  ཚོགས་ཆུང་གི་ཚོགས་གཙོས་གསུང་དོན་ལྟར་ན།  རྒྱ་ནག་དང་གཏིང་ཟབ་ཀྱི་འབྲེལ་བ་ཡོད་པའི་མགོ་སྐོར་བསླུ་བྲིད་ཀྱི་ལྟེ་གནས་དེ་དག་ནི་གཡོ་སྒྱུ་དང་། མི་ཚོང་། དྲྭ་རྒྱའི་ནག་ཉེས། ཁྲིམས་འགལ་དངུལ་རྩིས་སོགས་ཀྱི་ཚོགས་པ་ཆེན་པོ་ཞིག་ཡིན་པ་དང་།  དེ་དག་གིས་ཨ་རི་མི་སེར་ལ་གནོད་འཚེ་ཆེན་པོ་གཏོང་བཞིན་ཡོད་པ་མ་ཟད།  རྒྱལ་ཁབ་ཀྱི་བདེ་འཇགས་ལའང་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པའི་ཉེན་བརྡ་བཏང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།