Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་ཐེ་ཝན་རང་བཙན་ཟེར་བ་ནི་གྲུབ་ཐབས་མེད་པ་ཞིག་ཡིན་པའི་ཉེན་བརྡ་བཏང་འདུག

Tibetan News Headlines

  • Tibetan spiritual leader heads to America for a knee treatment
  • Former Sikyong Lobsang Sangay speaks on Reincarnation and Geopolitics in Delhi
  • State oracle Nechung issues prayer recitation notice for Dalai Lama’s upcoming knee treatment
  • China’s suppression of Tibetan protests over hydropower discussed at side-event of UN human rights council
  • US Congressional delegation calls on PM Narendra Modi after visit to Dharamshala

རེས་གཟའ་པ་སངས། ༢༠༢༤།༠༦།༢༡

  • ༸གོང་ས་མཆོག་ཨ་རིར་ཞབས་པུས་སྨན་བཅོས་སླད་བཞུགས་སྒར་ནས་ཆིབས་ཐོན་མཛད་སོང་།
  • རྒྱ་གར་གཞུང་ངོས་ནས་སྐུའི་ཡང་སྲིད་གནད་དོན་ཐད་ཐེ་བྱུས་གནང་རྒྱུ་མེད་པར་ཨ་རིས་འཛིན་པའི་སྲིད་བྱུས་དེར་རྒྱབ་སྐྱོར་གནང་དགོས།
  • གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དུ་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་འགྲོ་གང་ཆེ་གསོག་སྒྲུབ་དགོས་པ།
  • རྒྱལ་ཚོགས་ཀྱི་ལྷན་ཚོགས་དང་བསྟུན་ཁམས་སྡེ་དགེའི་གནད་དོན་ཐད་ཟུར་ཚོགས་ཞིག་ཚོགས་གནང་འདུག
  • བཞུགས་སྒར་ནས་ཕྱིར་ཐོན་རྗེས་ཨ་རིའི་སྐུ་ཚབ་རུ་ཁག་ནས་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་དང་མཇལ་འཕྲད་གནང་འདུག

ཁ་སང་རེས་གཟའ་ཟླ་བ་སྤྱི་ཚེས་ ༤ ཉིན་ཐེ་ཝན་གྱི་སྲིད་འཛིན་གསར་པ་སྐུ་ཞབས་ Lai Ching-te མཆོག་ནས་ལས་ཁུར་དམ་འབུལ་བཞེས་མ་ཐག་ཏུ་རྒྱ་གཞུང་གིས་ཐེ་ཝན་རྒྱལ་ཁབ་ནང་ཆབ་སྲིད་ཀྱི་འགྱུར་ལྡོག་གང་བྱུང་མིན་ལ་ལྟོས་མེད་མཚོ་གླིང་དེ་ཉིད་རྒྱ་ནག་གི་ཆ་ཤས་ཡིན་པའི་ལངས་ཕྱོགས་ལ་འགྱུར་བ་གཏན་ནས་མེད་པ་དང་། ཐེ་ཝན་རང་བཙན་འཐབ་རྩོད་ཀྱི་གནད་དོན་ནི་གྲུབ་ཐབས་མེད་པ་ཞིག་ཡིན་པའི་ཉེན་བརྡ་བཏང་འདུག

China warns Taiwan

དེ་ཡང་རྒྱ་ནག་གཞུང་གིས་ཐེ་ཝན་རྒྱལ་ཁབ་དེ་ཉིད་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་ཚུལ་དང་སྦྲགས། དུས་དང་རྣམ་པ་ཀུན་ཏུ་དམག་དོན་ནུས་ཤུགས་བེད་སྤྱོད་ཀྱིས་ཐེ་ཝན་ལ་དབང་སྒྱུར་བྱ་རྒྱུའི་སྡིགས་ར་སྐུལ་བཞིན་ཡོད་པའི་ཁྲོད།  ཁ་སང་ཡུལ་དེའི་སྲིད་འཛིན་གསར་པ་ Lai Ching-te མཆོག་དང་སྲིད་འཛིན་གཞོན་པ་ Hsia Bi-khim མཆོག་གཉིས་ཀྱིས་ཐེ་ཝན་རྩ་ཁྲིམས་ཀྱི་དགོངས་དོན་ལྟར་ལས་ཁུར་དམ་འབུལ་བཞེས་པ་མ་ཟད། སྲིད་འཛིན་ Lai ཡིས་སྐབས་དེར་ཁོང་གི་གཞུང་འཛིན་ངོས་ནས་ཐེ་ཝན་གྱི་ས་ཁོངས་བདག་དབང་སྲུང་སྐྱོབ་ཐད་ཆོད་སེམས་བརྟན་པོ་ཡོད་པ་དང་། རྒྱ་ནག་ངོས་ནས་ཀྱང་ཐེ་ཝན་མི་མང་གི་མངོན་འདོད་ལ་བརྩི་འཇོག་བརྒྱུད་མི་མང་གིས་བདམས་པའི་ཁྲིམས་མཐུན་གྱི་སྲིད་གཞུང་དང་མཉམ་ལས་གནང་དགོས་པ་དང་། ཕྱོགས་གཉིས་ཀྱི་དཀའ་ངལ་ཁག་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ། དེ་བཞིན་ཐེ་ཝན་ལ་དྲག་རྒོལ་མཚམས་འཇོག་དགོས་སྐོར་གསུངས་ཡོད་པ་རེད།

China warns Taiwan

དེ་འབྲེལ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Wang Wenbin གྱིས་ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོ་དང་འབྲེལ་ནས་དྲི་བར་ལན་འདེབས་བྱས་སྐབས། ཐེ་ཝན་རང་བཙན་ཟེར་བ་ནི་རྩ་བ་ནས་གྲུབ་ཐུབ་ཐབས་མེད་པ་ཞིག་ཡིན་སྐོར་བརྗོད་པ་མ་ཟད།  འཕྲེད་དར་དང་ཆ་ལུགས་གང་སྟོན་མིན་ལ་མ་ལྟོས་པར་ཐེ་ཝན་རང་བཙན་འཐབ་རྩོད་འམ་མཚོ་གླིང་དེ་ཉིད་རྒྱ་ནག་དང་ཁ་བྲལ་ཐབས་ཀྱི་འཐབ་རྩོད་དེར་དུས་ནམ་ཡང་དོན་གོ་ཆོད་རྒྱུ་མིན་པ་དང་། རྒྱལ་ཁབ་འགའ་ཞིག་ནང་དུ་ཆབ་སྲིད་པ་ཁག་གཅིག་གིས་ཐེ་ཝན་གྱི་གནད་དོན་ཐད་ཐེ་བྱུས་བྱེད་བཞིན་པ་ནི་རྒྱ་ནག་རྒྱལ་ཁབ་ནང་གི་ཆབ་སྲིད་གནད་དོན་ལ་ཐེ་གཏོགས་བྱས་པ་ཡིན་པའི་སྐྱོན་བརྗོད་བྱས་འདུག

དེ་བཞིན་པེ་ཅིང་དུ་ཡོད་པའི་ཐེ་ཝན་ལས་དོན་ལས་ཁུངས་ཀྱིས་ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོ་མ་འཚོགས་གོང་ནས་ཐེ་ཝན་རང་བཙན་དང་ཞི་བདེ་ཞེས་པ་ནི་མེ་དང་ཆུ་ནང་བཞིན་ཡིན་པའི་ཉེན་བརྡ་བཏང་བ་མ་ཟད། Xinhua གསར་ཁང་གི་སྤེལ་བའི་གནས་ཚུལ་ནང་ལས་ཁུངས་དེའི་མགྲིན་ཚབ་པ་ Chen Binhua ཡིས། སྲིད་འཛིན་ Lai མཆོག་གི་དམ་འབུལ་གསུང་བཤད་དེ་ཉིད་ཧ་ཅང་ཉེན་ཁ་ཅན་ཞིག་ལ་འགྲེལ་བརྗོད་དང་འབྲེལ། དེའང་ཁོང་གི་སྣེ་འཁྲིད་པའི་ཐེ་ཝན་གཞུང་ངོས་ནས་ཁ་བྲལ་རིང་ལུགས་ཀྱི་བསམ་བློ་གོང་འཕེལ་དང། རྒྱ་ནག་སྐམ་ས་དང་ཐེ་ཝན་མཚོ་གླིང་ཕན་ཚུན་དབར་གདོང་ཐུག་བརྒྱུད་སྐུལ། དེ་བཞིན་ཕྱིའི་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་འོག་རང་བཙན་འཐབ་རྩོད་བྱེད་ཐབས་ཀྱི་རྣམ་པ་གསལ་པོ་བཏོན་ཡོད་སྐོར་བརྗོད་པ་མ་ཟད་སྲིད་འཛིན་ Lai མཆོག་གིས་གསུང་བཤད་དེའི་བརྒྱུད། ཐེ་ཝན་མང་ཚོགས་ཀྱི་ཞི་བདེ་དང་ཡར་རྒྱས་ཀྱི་མངོན་འདོད་ལ་སྣང་མེད་བཏང་ཡོད་པའི་སྐྱོིན་འཛུགས་བྱས་འདུག

China warns Taiwan

སྤྱིར་ཁ་སང་ཐེ་ཝན་གྱི་སྲིད་འཛིན་གསར་པས་ལས་ཁུར་དམ་འབུལ་བཞེས་པ་དང་དུས་མཚུངས། རྒྱ་གཞུང་གིས་ཨ་རིའི་འགོག་སྲུང་ཚོང་ལས་ཁང་ ༣ ལ་ཐེ་ཝན་དམག་དོན་ཆེད་དུ་གོ་མཚོན་ཚོང་འབྲེལ་བྱས་ཀྱི་ཡོད་པའི་ཉེས་མིང་འོག་སྲིད་དོན་ཉེས་ཆད་བཀལ་ཡོད་པ་དང་། མ་ཟད་རྒྱ་གཞུང་གི་སྤྱི་ཚོགས་དྲ་གནས་ Weibo ནང་ཐེ་ཝན་གྱི་སྲིད་འཛིན་དམ་འབུལ་དང་འབྲེལ་བའི་ Hashtag འམ་དེ་འབྲེལ་གནས་ཚུལ་ཡོངས་སུ་རྫོགས་པ་དྲ་རྒྱ་དེའི་ནང་ཚོགས་ཞུགས་ཡོད་པ་མང་ཚོགས་ས་ཡ་མང་པོར་ཤེས་རྟོགས་མ་བཅུག་པར་བཀག་འགོག་དོ་དམ་བྱས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།