Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་དབྱར་རྩ་དགུན་འབུ་སྐྱེས་ཡུལ་མང་པོ་སྡེབ་ཉོ་བྱེད་བཞིན་པར་བོད་མིར་དཀའ་ངལ།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

ཉིན་ཤས་གོང་ནས་བོད་ཀྱི་ས་གནས་གང་སར་དབྱར་རྩ་དགུན་འབུ་བརྐོ་དུས་སླེབས་ཡོད་པ་དང་། འདི་ལོ་སྔར་དང་མི་འདྲ་བར་ས་གནས་གང་སར་དབྱར་རྩ་དགུན་འབུ་རྐོ་མཁན་མི་གྲངས་ལྡབ་གསུམ་ཙམ་མང་དུ་ཕྱིན་ཡོད་པ་མ་ཟད་དབྱར་རྩ་དགུན་འབུ་སྐྱེས་ཡུལ་ལའང་རིན་གོང་སྔར་ལས་ཆེ་རུ་སོང་འདུག

དབྱར་རྩ་དགུན་འབུ་ཐོན་ཁུངས་ལེགས་ཤོས་གྲས་མཚོ་སྔོན་གྱི་ས་ཕྱོགས་མང་ཆེ་བ། དཔེར་ན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་སྒོ་མོ་གཡུ་ཚ་སྡེ་བའི་མཐའ་འཁོར་བཅས་མཚོ་སྔོན་ཕྱོགས་ཀྱི་ས་གནས་ཁག་དང་མགོ་ལོག་ས་རྨ་ཆེན་གངས་རིའི་གཡས་གཡོན་བཅས་དབྱར་རྩ་དགུན་འབུ་ཡག་པོ་ཡོད་སའི་ས་གནས་དེ་དག་འཚོང་བཞིན་ཡོད་པ་རེད་འདུགརྣམ་ཀུན་སའི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་ ༡༦༠༠༠ ཅན་ལ་ཟླ་བ་གཉིས་ཀྱི་རིང་དབྱར་རྩ་དགུན་འབུ་བརྐོ་ཚེ་ས་རིན་རྒྱ་སྒོར་ཁྲི་ ༡༥༠ ལ་ཚོང་གི་ཡོད་པ་དང་ད་ལོ་ས་གནས་དེར་རིན་གོང་ཧ་ཅང་འཕར་ཏེ་ས་ཞིང་རྨི་གྲུ་བཞི་མ་ ༡༦༠༠༠ ལ་རིན་གོང་རྒྱ་སྒོར་ཁྲི་ ༣༠༠ ལ་འཚོང་བཞིན་ཡོད་པ་རེད་འདུག

ས་ཆ་དེ་དག་ལྡེབ་ཉོ་བྱེད་མཁན་དེ་དག་པེ་ཅིང་དང་ཧྲང་ཧེ་ཟི་ལིང་སོགས་ནས་ཚོང་པ་ཆེན་པོ་དང་རྒྱུ་ཆེན་ཡོད་པ་དེ་འདྲ་ཡིན་པ་དང་དེ་དག་གིས་མི་གྲངས་ ༣༠༠ དང་། ༤༠༠ ལ་ཉིན་གླ་སྤྲད་ནས་དབྱར་རྩ་དགུན་འབུ་ཡོད་སའི་ས་ཆ་དེ་ལྡེབ་ཉོ་བྱེད་བཞིན་ཡོད་སྟབས་དེ་སྔོན་དབྱར་རྩ་དགུན་འབུ་རྐོ་མཁན་བོད་མི་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་འདུག

ཀོང་པོ་རྨི་ལི་ཕྱོགས་སུ་ལོ་ལྟར་དབྱར་རྩ་དགུན་འབུ་ཡག་པོ་སྐྱེས་ཡུལ་ཞིག་ཡིན་པ་དང་འདི་ལོ་ནི་སྔོན་དང་མ་འདྲ་བའི་རྒྱ་ནག་ནང་ཁུལ་ནས་རྒྱ་མི་དབྱར་རྩ་དགུན་འབུ་རྐོ་མཁན་མང་པོ་སླེབས་རྐྱེན་ས་གནས་མི་མང་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་འདུག

ལོ་ལྟར་ཀོང་པོ་ (རྨི་ལི་ཤན) རྒྱ་སྡེ་གྲོང་ཚོའི་ཉེ་འགྲམ་དང་འོ་རིང་ཤིང་སོགས་སུ་དབྱར་རྩ་དགུན་འབུ་ཡག་པོ་རེར་རྒྱ་སྒོར་ ༨༠ དང་འབྲིང་ཙམ་ལ་རྒྱ་སྒོར་ ༥༠ དེ་ལས་ཞན་པར་སྒོར་ ༣༥ བཅས་འཚོང་བཞིན་ཡོད་འདུག

དེ་སྔ་ས་གནས་དེའི་མི་མང་ས་གནས་གཞན་ལ་དབྱར་རྩ་དགུན་འབུ་བརྐོ་བར་སོང་ཚེ་མི་རེ་རེ་ནས་ས་རིན་རྒྱ་སྒོར་ ༢༥༠༠ རེ་ས་བདག་ལ་སྤྲད་འཐུས་ཡོད་པ་དང་ད་ལོ་རྒྱ་སྒོར་ ༤༥༠༠ ཙམ་འཕར་ཡོད་པ་རེད་འདུག

ཟི་ཁྲོན་སེལ་ཤུལ་ནས་ཡིན་པའི་བོད་མི་ཞིག་གིས་ཁོང་རང་ཉིད་ལ་ནང་མི་བཞི་ཡོད་པ་དང་ལོ་ལྟར་དཔྱིད་དུས་ཤར་བ་ནས་དབྱར་རྩ་དགུན་འབུ་བརྐོས་ནས་ཞོར་ལས་གནང་གི་ཡོད་པ་དང་ད་ལྟའི་ཆར་ཁོང་གི་ནང་མི་བཞི་པོ་མགོ་ལོག་ཏུ་དབྱར་རྩ་དགུན་འབུ་བརྐོ་བར་ཡོང་ཡོད་པ་དང་། ས་ཆའི་བདག་པོར་ཟླ་བ་གཉིས་ཀྱི་རིང་ས་རིན་རྒྱ་སྒོར་ ༨༠༠༠ སྤྲད་དགོས་སྐོར་གསུངས་སོང་།

དེ་མིན་དེ་སྔོན་བོད་ཁུལ་དུ་དབྱར་རྩ་དགུན་འབུ་རྐོ་སྐབས་དང་བསྟུན་ནས་བོད་ཁུལ་གྱི་ས་གནས་མང་པོར་ཕྱི་ནས་མིས་བཟོས་པའི་དབྱར་རྩ་དགུན་འབུ་རྫུན་བཟོ་མང་པོ་ཚོང་མཁན་བྱུང་བ་དང་བོད་ཁུལ་ཚོང་པ་མང་པོ་ཞིག་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།