རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཕྱི་ཕྱོགས་སུའང་དམ་བསྒྲགས་བྱེད་དགོས་པར་བཤད་འདུག

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

རྒྱ་ནག་གཞུང་གི་དབུས་བདེ་འཇགས་གསང་དབང་ལས་ཁུངས་ཀྱི་མགོ་ཁྲིད་ Chen Wenqing གྱིས་རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་གཙོས་གྲངས་ཉུང་མི་རིགས་ཐོག་སྔར་ལྷག་དམ་བསྒྲགས་བྱེད་དགོས་པའི་ངན་སྐུལ་བྱས་འདུག

South China morning Post གསར་ཤོག་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཟླ་ ༨ ཚེས་ ༢༢ དང་ ༢༤ བཅས་སུ་རྒྱ་ནག་གཞུང་གི་དབུས་བདེ་འཇགས་གསང་དབང་ལས་ཁུངས་ཀྱི་མགོ་ཁྲིད་ Chen Wenqing གྱིས་རྒྱ་གཞུང་གིས་དབྱེ་བའི་ཀན་སུའུ་ཞིང་ཆེན་ཁུལ་དུ་ལྟ་སྐོར་དུ་བསྐྱོད་པ་དང་སྦྲགས། རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་དང་ཡུ་ནན་ཞིང་ཆེན། དེ་བཞིན་ Qinghai ཀན་སུའུ་ཞིང་ཆེན་སོགས་ཀྱི་དཔོན་རིགས་དང་ཐུག་འཕྲད་ཀྱིས་རྒྱ་ནག་གཞུང་གི་ངོས་ནས་བོད་རང་སྐྱོང་ལྗོངས་གི་ཁོངས་སུ་མ་གཏོགས་པའི་ཞིང་ཆེན་སོགས་ཀྱི་ནང་ལའང་སྔར་ལྷག་དམ་བསྒྲགས་བྱེད་དགོས་པར་ངན་སྐུལ་བྱས་པར་མ་ཟད། རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་པའི་ཁ་བྲལ་རིང་ལུགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་གཞི་བཟོ་མཁན་ཚོའི་ཐོག་ལ་ལངས་ཕྱོགས་གསལ་པོ་བཟོ་དགོས་ལུགས་སོགས་བཤད་འདུག

ཁོ་པས་ཞིང་ཆེན་ཆེན་པོ་བཞི་པོ་དེ་དག་གི་དཔོན་རིགས་རྣམས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་ལྷིང་ལ་དམིགས་ཏེ་ས་གནས་དེ་དག་ཏུ་ཡོད་པའི་བོད་མི་གཙོས་གྲངས་ཉུང་མི་རིགས་ཐོག་སྔར་ལས་ལྷག་པའི་དམ་བསྒྲགས་ཚད་མེད་བྱེད་དགོས་པ་སོགས་ཀྱི་ངན་སློབ་བསྐྱར་ནན་བྱས་འདུག

ལྷག་དོན་ཁོ་པས་བོད་དང་ཤིན་ཅང་ནང་དེ་སྔ་རྒྱ་གཞུང་གིས་དམ་བསྒྲགས་ཤུགས་ཆེར་བྱས་པའི་དབང་གིས་རྒྱ་གཞུང་ལ་ངོ་རྒོལ་གྱི་གདོང་ལེན་གནང་མཁན་མེད་པ་ལྟ་བུར་ཆགས་ཡོད་པར་ལུང་འདྲེན་གྱིས་ཞིང་ཆེན་དེ་དག་གི་དཔོན་རིགས་ཚོས་ཀྱང་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་སྐུལ་མ་བཏང་འདུག File Photo:South China morning Post

འབྲེལ་ཡོད་གསར་གནས།

Sunday 08/11/2026

Saturday 07/11/2026

Friday 06/11/2026

གསར་གནས།