Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་ནས་གནམ་སྡེ་སྒོར་མོ་ཆེའི་དོན་རྐྱེན་ལ་ངོས་ལེན་དང་འགན་འཁུར་དགོས་པར་བརྗོད་འདུག

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལ་ལྟ་ཞིབ་ཚོགས་པས་རྒྱ་གཞུང་གིས་དེ་སྔ་ ༡༩༨༩ ལོའི་ཟླ་ ༦ པར་པེ་ཅིང་གནམ་སྡེ་སྒོར་མ་ཆེའི་ཐང་ཆེན་དུ་ཡུལ་དེའི་མང་གཙོའི་ལས་འགུལ་བ་རྣམས་དམར་གསོད་བཏང་བའི་བྱ་སྤྱོད་ལ་ངོས་ལེན་དང་འགན་འཁུར་དགོས་པ་མ་ཟད་རྒྱ་གཞུང་གི་དབང་འཛིན་ལས་ཁུངས་ཀྱིས་འཕྲལ་མར་རྒྱ་ནག་སྐམ་ས་དང། ཧོང་ཀོང་། Macau བཅས་སུ་དྲན་གསོའི་བྱེད་སྒོ་སྤེལ་དུ་འཇུག་དགོས་པར་བརྗོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཆིངས་ཡིག་སྣ་མང་འཇོག་མཁན་རྒྱལ་ཁབ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད་པར་གསུངས་དོན་བཞིན། གནམ་སྡེ་སྒོར་མོ་ཆེའི་དོན་རྐྱེན་དང་འབྲེལ་ནས་སྨྲ་བརྗོད་རང་དབང་ལ་གུས་བརྩི་བྱས་ནས་འདུ་འཛོམས་རང་དབང་དང་དྲུག་པའི་ཚེས་ ༤ ཡི་གནད་དོན་དང་འབྲེལ་བཀག་ཉར་དང་དོགས་འདྲི་མཚམས་འཇོག་དགོས་པ་དང་གནམ་སྡེ་སྒོར་མོའི་ཨ་མ་དང་ཐུག་འཕྲད་ཀྱི་དགོངས་སེལ་ཞུས་ཏེ་རྐྱེན་ལམ་དུ་ཤོར་བའི་མི་སྣའི་མིང་གཞུང་ཁྱབ་བསྒྲགས་བྱས་པ་དང་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་སྐྱིན་ཚབ་འོས་འཚམས་སྤྲོད་དགོས་པ། དྲུག་བཞིའི་དོན་རྐྱེན་ལ་བརྟག་དཔྱད་གནང་ཆོག་པ་དང་མགྱོགས་མྱུར་སྤྱི་དམངས་ལ་བརྟག་དཔྱད་བྱས་པའི་སྡོམ་ཚིག་ཁྱབ་བསྒྲགས་བྱེད་དགོས་པ། དེ་བཞིན་ ༡༩༨༩ ལོའི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་དབང་གིས་རྒྱང་འབུད་བཏང་བའི་མི་དམངས་རྣམས་རང་དབང་གི་སྒོ་ནས་ཕྱིར་ལོག་གནང་ཆོག་པ་མ་ཟད་ཞི་བའི་ལས་འགུལ་བར་ཁྲིམས་དང་མི་མཐུན་པར་སྲོག་ལ་ཐུག་པའི་དྲག་སྤྱོད་པའི་སྲིད་གཞུང་དང་དམག་དོན་དཔོན་རིགས་ཚང་མར་ཉེས་ཆད་གཅོད་དགོས་པའི་དགོས་འདུན་བཏོན་འདུག

འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་རྒྱ་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་བྱས་པའི་བྱེད་སྤྱོད་ལ་བཀག་འགོག་དེ་བས་མང་བ་བྱེད་ཀྱི་ཡོད་ཀྱང་། ད་དུང་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་རྒྱ་གཞུང་ལ་གནོན་ཤུགས་སྤྲད་ནས་གནམ་སྡེ་སྒོར་མོའི་དམར་གསོད་ཁས་ལེན་དང་འབྲེལ་འགན་འཁྲི་འཁུར་རྒྱུའི་རེ་བ་ཆེད་བཏོན་དགོས་པར་བརྗོད་འདུག

འགྲོ་བ་མིའི་ཐོབ་ཐང་བལྟ་ཞིབ་ཚོགས་པས་རྒྱ་ནག་གཞུང་གིས་སྐམ་ས་ཆེན་མོར་གནམ་སྡེ་སྒོར་མོ་ཆེའི་དུས་ཚིགས་མ་བསླེབ་གོང་གི་གཟའ་འཁོར་ཁ་ཤས་ཀྱི་སྔ་རོལ་ནས་དོགས་ཟོན་ཆེན་པོ་བྱ་རྒྱུ་དང་ཁོ་ཚོས་གནམ་སྡེ་སྒོར་མོའི་སྐྱེད་མ་དང་ཉེ་འབྲེལ་རྣམས་ཀྱི་གཙོས་ལས་འགུལ་བ་དང་གསར་འགོད་པ། རྩོམ་པ་པོ་བཅས་ལ་བཙན་གྱིས་ཚོད་འཛིན་དང་དམ་བསྒྲགས། དེ་བཞིན་བརྒྱུད་ལམ་གང་སར་སྐད་ཆ་ཤོད་མི་ཆོག་པ་སོགས་ཀྱི་འཇིགས་སྐུལ་བྱས་དང་བྱེད་མུས་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་གནམ་སྡེ་སྒོར་མོ་ཆེའི་གནད་དོན་དེ་དྲང་བདེན་གྱི་སྒོ་ནས་དར་སྤེལ་གཏོང་རྒྱུའི་རེ་བ་བཏོན་ཡོད་རུང་མུ་མཐུད་སྣང་མེད་དུ་བཏང་བ་མ་ཟད་ཡོ་རོབ་མཐུན་ཚོགས་དང་ཨ་རིའི་ངོས་ནས་ལོ་མང་རིང་གནམ་སྡེ་སྒོར་མོའི་གནད་དོན་དང་འབྲེལ་ནས་བཀག་སྡོམ་བྱས་པ་ཁག་ཅིག་ཉམས་ཞན་དུ་བཏང་བ་སོགས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནམ་སྡེ་སྒོར་མོ་ཆའི་དྲག་གནོན་དང་འབྲེལ་བའི་འཐབ་རྩོད་ལ་རྒྱུན་སྐྱོང་དང་མཉམ་རུབ་སོགས་ཀྱི་ནུས་པ་མི་འདང་བར་བརྟེན་ནས་རྒྱ་གཞུང་གིས་འཛེམས་བག་མེད་པར་མུ་མཐུད་དེ་བཙན་གནོན་བྱེད་བཞིན་ཡོད་པ་དང་ཤིན་ཅང་གི་ཁུལ་དུ་ཡུ་གུར་བ་ཁྲི་བརྒྱ་ཙམ་ལ་ད་དུང་ཡང་བཀག་སྐྱིལ་བྱེད་པ་བཞིན་པ། དེ་བཞིན་ཧོང་ཀོང་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་བཅའ་ཁྲིམས་དང་འགལ་བའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྒྲིག་ལག་བསྟར་བྱས་ཏེ་གཞི་རྩའི་རང་དབང་ལ་འགོག་རྐྱེན་ཡོད་པ་ཐེར་འདོན་གནང་འདུག

རྒྱ་ནག་གཞུང་ནས་དམར་གསོད་ཀྱི་འགན་འཁྲི་དང་ལེན་གཏན་ནས་བྱེད་མྱོང་མེད་པའི་ཁར་དཔོན་རིགས་སུ་ཞིག་གིས་དམར་གསོད་བཏང་བའི་བཅའ་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་ཀྱང་བྱེད་མྱོང་མེད་པ་དང་དོན་རྐྱེན་དེ་དག་ལ་བརྟག་དཔྱད་བྱེད་འདོད་མེད་པ་མ་ཟད་དམར་གསོད་བཏང་བ་དང་། རྨས་སྐྱོན་ཕོག་པ། གར་སོང་ཆ་མེད་དུ་གྱུར་པའམ་བཙོན་ལ་བཅུག་པའི་གྲངས་ཚད་ཁྱབ་བསྒྲགས་བྱེད་འདོད་མེད་ཀྱང་གནམ་སྡེ་སྒོར་མོ་ཆེའི་ཨ་མས་པེ་ཅིང་དང་གྲོང་ཁྱེར་གཞན་ཁག་ཏུ་དྲག་གནོན་ལས་འགུལ་སྤེལ་སྐབས་བསད་པའི་མི་གྲངས་ ༢༠༢ ཡིན་སྐོར་ཟིན་བྲིས་བཀོད་ཡོད་པར་འགྲེལ་བརྗོད་གནང་འདུག

གཞི་རྩའི་ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༤ པར་སློབ་མ་དང་ངལ་རྩོལ་བ། དེ་བཞིན་མི་གཞན་དག་བཅས་ཀྱིས་པེ་ཅིང་གནམ་སྡེ་སྒོར་མོ་ཆེའི་ཐང་ཆེན་དང་རྒྱ་ནག་གི་གྲོང་ཁྱེར་གཞན་ཁག་ཅིག་ཏུ་ཞི་བདེའི་འདུ་འཛོམས་བྱས་ཏེ་གཏམ་བརྗོད་རང་དབང་དང་། འགན་འཁྲི་རྩད་གཅོད་ལམ་ལུགས། རུལ་སུངས་མཇུག་སྒྲིལ་དགོས་པའི་འབོད་སྐུལ་བྱས་པར་བརྟེན་ལོའི་དེའི་ཟླ་༥ པའི་ཟླ་མཇུག་ནས་རྒྱ་ནག་སྲིད་གཞུང་གིས་གནམ་སྡེ་སྒོར་མོ་ཆེའི་དམར་གསོད་ཆེན་པོར་སྐུལ་འདེད་ཀྱིས་ཉིན་རེ་ནས་ཉིན་རེར་ཛ་དྲག་ཏུ་བཏང་སྟེ་དམ་བསྒྲགས་ཀྱི་བཀའ་རྒྱ་ཡང་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད་ཟླ་ ༦ ཚེས་ ༣ དང་ཚེས་ ༤ ཉིན་དམག་མིས་མེ་མདའ་བརྒྱབ་ནས་གྲངས་ལས་འདས་པའི་ཞི་བའི་འས་འགུལ་བ་དང་ཟུར་ནས་ལྟ་མཁན་རྣམས་བསད་ཡོད་པ་དང་། པེ་ཅིང་དུ་མི་ཁག་ཅིག་གིས་དམག་དཔུང་གི་རླངས་འཁོར་རུ་ཁག་ལ་འཐབ་རྒོལ་དང་རླངས་འཁོར་མེར་བསྲེགས་ནས་དམག་ཕྱོགས་ཀྱི་གཏུམ་སྤྱོད་བྱེད་སྤྱོད་ལ་ཡ་ལན་བྱེད་ཀྱི་ཡོད་པ་དང་། ༡༩༨༩ ལོར་མང་གཙོའི་ལས་འགུལ་བ་མཐའ་མ་དེ་ ༢༠༡༦ ལོར་བཙོན་གྲོལ་ཐོབ་ཡོད་ཀྱང་ལས་འགུལ་བ་གཞན་མང་པོ་ཞིག་མང་གཙོའི་ལས་དོན་མུ་མཐུད་ནས་སྤེལ་སྟབས་སླར་ཡང་བཙོན་འཇུག་བྱེད་མུས་ཡིན་པ་ལྟར་དེའི་ནང་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་དྲྭ་ཚིགས་ ༦༤ ཞེས་པ་དེ་གསར་བཟོ་གནང་མཁན་ Huang Qi ཕྱི་ལོ་ ༢༠༡༩ ལོར་ཕྱི་རྒྱལ་ལ་རྒྱལ་ཁབ་ཀྱི་གསང་བ་མཁོ་སྤྲོད་བྱས་པའི་ཉེས་མིང་འོག་ལོ་ ༡༢ ཀྱི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། Huang Qi བདེ་ཐང་གི་གནས་ཚུལ་དང་འབྲེལ་ནས་མཁལ་ནད་དང་གློ་རླུང་སྐྲངས་པ། གློ་བའི་ཚ་ནད་སོགས་ན་ཚ་ཚབས་ཆེན་འགའ་ཕོག་ཡོད་ཀྱང་འོས་འཚམས་ཀྱི་སྨན་བཅོས་ཞུས་མེད་པ་སོགས་བཀོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།