རྒྱ་གར་གཞུང་གིས་བོད་མིར་རྒྱ་གར་མི་མང་དང་གཅིག་མཚུངས་སྤྱི་ཚོགས་བདེ་དོན་གྱི་ཐོབ་ཐང་ཁག་གནང་རྒྱུའི་ཞལ་བཞེས་གནང་བ།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

རྒྱ་གར་དབུས་གཞུང་གི་ཁྲིམས་དོན་བློན་ཆེན་སྐུ་ཞབས་ Kiren Rijiju མཆོག་གིས་རྒྱ་གར་ནང་གནས་སྡོད་བྱེད་བཞིན་པའི་བོད་མི་ཚོར་དབུས་གཞུང་གི་སྤྱི་ཚོགས་བདེ་དོན་དང་འབྲེལ་བའི་ཐོབ་ཐང་ཁག་རྒྱ་གར་ཡུལ་མི་དང་གཅིག་མཚུངས་མཁོ་སྤྲོད་གནང་རྒྱུའི་ཞལ་བཞེས་གནང་བར་མ་ཟད་བོད་མི་ཚོར་ PAP ལ་སོགས་པའི་འགྲོ་འོང་གི་དཀའ་རིགས་འཕྲད་བཞིན་ཡོད་ཀྱང་རིམ་པས་སེལ་ཐབས་ཀྱི་དགོངས་གཞི་ཡོད་སྐོར་གསུངས་ཡོད།

ལོ་གསར་གྱི་ཉིན་གསུམ་པའི་ཐོག་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་གི་ཁྲིམས་དོན་བློན་ཆེན་སྐུ་ཞབས་ Kiren Rijiju མཆོག་གིས་དབུས་པའི་རྒྱ་གར་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ནང་པའི་སྐུ་ཚབ་ཚོགས་མི་ལྕམ་སྐུ་རིན་ཆེན་ལྷ་མོ་ལགས། དམིགས་བསལ་སྐུ་མགྲོན་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག རྒྱ་གར་ RSS ཚོགས་པའི་དབུ་ཁྲིད་སྐུ་ཞབས་ཨིན་དྷི་རེཤ་ལགས། བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་ལྡི་ལི་སྐུ་ཚབ་དོན་གཅོད་སོགས་ཆེད་ཕེབས་གནང་སོང་།

སྐབས་དེར་རྒྱ་གར་དབུས་གཞུང་གི་ཁྲིམས་དོན་བློན་ཆེན་སྐུ་ཞབས་ Kiren Rijiju མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཁག་ལ་བཀྲིན་རྗེས་དྲན་ཞུས་པ་དང་སྦྲགས། སྤྱིར་བོད་མི་རྣམས་ནི་སྐུ་ངལ་སྐྱོན་ཐུབ་མཁན་གྱི་མི་རིགས་ཤིག་ཡིན་པར་མ་ཟད། ཞི་བདེ་ལ་དགའ་ཞིང་ཚུལ་ཁྲིམས་སྲུང་མཁན་གྱི་མི་རིགས་ཤིག་རེད་ཅེས་གསུངས་ཏེ། རྒྱ་གར་མི་མང་གི་ངོས་ནས་བོད་མིའི་བཟང་པོའི་གཤིས་ཀ་དེ་དག་ངོས་འཛིན་གནང་བའི་ཐོག་ནས་འགྲོ་བ་མི་གཅིག་མཚུངས་ཡིན་པའི་ཆེ་མཐོང་ཡོང་ཐབས་སུ་སྤྱི་ཚོགས་བདེ་དོན་ཀྱི་དགོས་མཁོའི་ཆ་རྐྱེན་ཁག་འཐུས་ཚང་མཁོ་སྤྲོད་གནང་རྒྱུའི་ཞལ་བཞེས་གནང་ཡོད།

ཁོང་གིས་བོད་མི་བཙན་བྱོལ་བ་ཚོར་གཞིས་ཆགས་ཁག་ཏུ་ཕྱིར་སྐྱོད་སྐབས་  PAP ལ་སོགས་པའི་འགྲོ་འོང་གི་ཆོག་མཆན་ཞུ་རྒྱུར་དཀའ་ངལ་མང་དག་ཅིག་འཕྲད་ཀྱི་ཡོད་པ་དེ་དག་ཀྱང་དབུས་གཞུང་ནང་སྲིད་དང་ཕྱི་སྲིད་ལས་ཁུངས་གཉིས་ནས་ཐབས་ལམ་གང་ཡོད་ཐོག་ནས་རིམ་པས་སེལ་ཐབས་ཀྱི་དགོངས་གཞི་ཡོད་པར་གསུངས་སོང་།

བོད་སྒར་བསམ་ཡས་གླིང་གི་ལོ་གསར་མཛད་སྒོའི་ཐོག་རྒྱ་གར་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ནང་པའི་ཚོགས་མི་ལྕམ་སྐུ་རིན་ཆེན་ལྷ་མོ་ལགས་ཀྱིས་རྒྱ་གར་གཞུང་མང་གཉིས་ཀྱིས་ད་བར་བོད་མི་ཚོར་མཐུན་འགྱུར་གང་ཐུབ་གནང་མུས་ཡིན་པར་ཐུགས་རྗེ་ཆེ་ཞེས་དང་། རྒྱ་གར་གྱི་ནང་པ་ཚོའི་ངོས་ནས་བོད་མིའི་ཞི་བའི་འཐབ་རྩོད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ཅེས་གསུངས་པར་མ་ཟད། ལྷག་པར་བོད་མི་ཚོ་སྐྱབས་བཅོལ་བ་ཞིག་ཡོན་པར་ལྟོས་མེད་རྒྱ་གར་ནང་གི་གདན་ས་དང་མགོན་སྡེ་གྲྭ་ཚང་ཁག་ཏུ་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་སློབ་མ་བརྒྱ་ཆ་བདུན་ཅུ་ལྷག་ཡོད་པ་དེ་དག་ལ་ཤེས་ཡོན་དང་ཟས་གོས་གནས་མལ་སོགས་ཀྱི་མཐུན་རྐྱེན་བསྐྲུན་བཞིན་པར་ཐུགས་རྗེ་ཆེ་ཞེས་སོགས་གསུངས་ཡོད། 

དམིགས་བསལ་སྐུ་མགྲོན་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་མང་ཚོགས་ལ་ལོ་གསར་རྟེན་འབྲེལ་གྱི་འཚམས་འདྲི་གནང་བ་དང་འབྲེལ། བདེ་བ་འདོད་པ་དེ་ང་ཚོའི་མངོན་འདོད་གཅིག་མཚུངས་ཡིན་སྟབས་ཚང་མས་ཆོས་མཐུན་གྱི་མི་ཚེ་བཟང་པོ་ཞིག་ཡོང་ཐབས་གནང་དགོས་པ་དང་ལྷག་པར་དུ་ང་ཚོ་བཙན་བྱོལ་བ་ཡིན་པའི་ཆ་ནས་གོ་སྐབས་དམ་འཛིན་གྱིས་སོ་སོའི་ཆོས་དང་རིག་གཞུང་བཅས་པ་མི་ཉམས་རྒྱུན་འཛིན་གནང་གལ་ཡིན་པར་ལམ་སྟོན་གནང་སོང་བ་དང་ཆབས་ཅིག ཆིག་སྒྲིལ་ནི་སྟོབས་ཤུགས་ཀྱི་རྩ་བ་ཡིན་པའི་དྲན་སྐུལ་སོགས་ཀྱང་གནང་ཡོད། 

དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་སྐུ་མགྲོན་རྣམས་ལ་བོད་གཞུང་མང་གཉིས་ཀྱི་ཚབ་ཞུས་ཏེ་ལོ་གསར་ལ་དགའ་བསུའི་འཚམས་འདྲི་གནང་བ་དང་། ད་བར་བོད་དོན་ཐོག་ཞལ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་བར་བཀྲིན་ཆེ་ཞེས་དང་། རྒྱ་གར་དབུས་གཞུང་གི་ཁྲིམས་དོན་བློན་ཆེན་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཇི་ལྟར་གདན་ཞུ་ཕུལ་བ་ལྟར་ཆེད་ཕེབས་གནང་ཡོད་པ་དང་། དེ་བཞིན་གནད་ཡོད་ཀྱི་སྐུ་མགྲོན་གཞན་བཅས་བོད་ཀྱི་གནམ་ལོ་གསར་བཞད་ཀྱི་མཛད་སྒོར་ཆེད་ཕེབས་གནང་ཡོད་པ་བཅས་ནི་གནད་འགག་ཆེན་པོ་ཞིག་ཡིན་སྐོར་གསུངས་སོང་།

བོད་སྒར་བསམ་ཡས་གླིང་གི་ལོ་གསར་མཛད་སྒོའི་ཐོག་ས་གནས་ཀྱི་ཚོགས་སྐྱིད་ཁག་གཅིག་ནས་བོད་ཀྱི་རྐང་བྲོ་གླུ་གཞས་གཟིགས་འབུལ་ཞུས་པ་མ་ཟད། ཧི་མཱ་ལ་ཡའི་རིག་གཞུང་དུས་སྟོན་ཞེས་པ་ཞིག་ཚོགས་སྲོལ་ཡོད་པ་ལྟར་སྐུ་མགྲོན་རྣམས་མཛད་སྒོར་ལྷན་ཞུགས་གནང་ཡོད་པ་རེད། 

འབྲེལ་ཡོད་གསར་གནས།

གསར་གནས།