Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་གཞུང་གིས་འཕགས་བོད་ས་མཚམས་སུ་གཞིས་གྲོང་ཡར་རྒྱས་དང་འཛུགས་སྐྲུན་གྱི་ལས་གཞི་དབུ་འབྱེད།

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

ཉེ་ཆར་ཕྱི་ཟླ་ ༢ ནང་རྒྱ་གར་དབུས་གཞུང་གིས་མཐའ་མཚམས་ཀྱི་ས་ཁུག་ཁག་སྲ་བརྟན་བཟོ་རྒྱུ་སོགས་ལ་དམིགས་ཏེ་འདི་ལོ་ནས་བཟུང་ཡོང་རྒྱུའི་ལོ་བཞིའི་ནང་ཨ་རུ་ནཱ་ཅལ་མངའ་སྡེ་དང་འབྲས་ལྗོངས། ཧི་མཱ་ཅལ། དེ་བཞིན་ཨུཏྟར་ཁནྜ་དང་རྒྱ་གར་དབུས་འཛིན་སྐྱོང་མངའ་ཁུལ་གྱི་ས་གནས་ལ་དྭགས་བཅས་ཀྱི་ནང་ཡོད་པའི་འཕགས་བོད་ཀྱི་ས་མཚམས་ས་ཁུལ་གྱི་གཞིས་གྲོང་ཁག་ཡར་རྒྱས་གོང་འཕེལ་དང་། མི་མང་གི་འཚོ་ཐབས་དང་འབྲེལ་བའི་འཛུགས་སྐྲུན་གྱི་ལས་གཞི་རྒྱ་བསྐྱེད་གནང་ཆེད་ཧིན་སྒོར་ས་ཡ་སྟོང་ཕྲག་བཞི་བཅུ་ཞེ་བརྒྱད་ཅན་གྱི་གཞིས་གྲོང་ལས་གཞི་ Vibrant Villages Programme ཞེས་པ་ཞིག་གཏན་འབེབས་གནང་བ་དེ་ཁ་སང་དངོས་སུ་དབུ་འབྱེད་དང་སྦྲགས། རྒྱ་གར་གྱིས་རང་ཉིད་ཀྱི་མངའ་ཁོངས་སུ་ཡོད་པའི་ས་ཆ་སོར་གང་ཡང་ཧམ་འཛུལ་ལ་བཀག་སྡོམ་གནང་ངེས་ཡིན་ཞེས་ནན་བརྗོད་གནང་འདུག

རྒྱ་ནག་གཞུང་གིས་རྒྱ་གར་བྱང་ཤར་ཁུལ་གྱི་མངའ་སྡེ་ཨ་རུ་ནཱ་ཅལ་དེ་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་སོགས་བཤད་དེ་རྒྱ་གར་གཞུང་ལ་དགག་པ་སྣ་ཚོགས་བྱས་ཡོད་མེད་ལ་ལྟོས་མེད། རྒྱ་གར་དབུས་ནང་སྲིད་བློན་ཆེན་སྐུ་ཞབས་ Amit Shah ལགས་དངོས་སུ་མངའ་སྡེ་དེར་ཕེབས་ཏེ་ཁུལ་དེའི་ Anjaw རྫོང་ཁོངས་སུ་ཡོད་པའི་རྒྱ་གར་གྱི་མཐའ་མཚམས་ཀྱི་གཞིགས་གྲོང་ Kibithoo ལ་གཞིས་གྲོང་ཡར་རྒྱས་དང་འཛུགས་སྐྲུན་གྱི་ལས་གཞི་དབུ་འབྱེད་གནང་ཡོད་པ་དང་། སྐབས་དེར་བློན་ཆེན་མཆོག་གིས་ Kibithoo གཞིས་གྲོང་ཡར་རྒྱས་གནང་རྒྱུའི་ལས་གཞི་ནི་དབུས་གཞུང་གི་གཞིས་གྲོང་ལས་གཞིའི་ཆ་ཤས་དང་པོ་དེ་ཡིན་པ་ལས་མཐའ་མ་དེ་མིན་པ་དང་། Kibithoo གཙོས་པའི་མཐའ་མཚམས་ཀྱི་གཞིས་གྲོང་ཁག་ཡར་རྒྱས་དང་། ས་གནས་སུ་འཛུགས་སྐྲུན་ལས་གཞི་སྤེལ་རྒྱུ་ནི་རྒྱ་གར་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན་སྟབས་སྲིད་བློན་མོ་དཱི་མཆོག་གིས་ཀྱང་ལས་གཞི་འདི་ཉིད་གནད་འགག་ཆེན་པོར་ངོས་འཛིན་གནང་བཞིན་ཡོད་ཅེས་གསུངས་འདུག

ལྷག་དོན་བློན་ཆེན་མཆོག་ནས་ཁུལ་དེར་ཡོད་པའི་དེ་སྔ་ ༡༩༦༢ ལོའི་རྒྱ་དཀར་གཉིས་ཀྱི་དམག་འཁྲུག་ཁྲོད་འདས་གྲོངས་སུ་ཕྱིན་པའི་དམག་མི་རྣམས་ཀྱི་རྗེས་དྲན་གྱི་ས་ཚིགས་ཏུ་འདས་པོ་རྣམས་ལ་གུས་འདུད་དང་སྦྲགས། ད་ལྟའི་ཆར་མཐའ་མཚམས་ཁག་ཏུ་ Indo-Tibetan Border Police ཞེས་འཕགས་བོད་ས་མཚམས་ཀྱི་ཉེན་རྟོག་རུ་ཁག་དང་མཐའ་སྲུང་དམག་མི་རྣམས་གཏན་པོ་ཡོད་པར་མ་ཟད། ཕྱིའི་རྒྱལ་ཁབ་ཚོས་ཀྱང་རྒྱ་གར་གྱི་མཐའ་མཚམས་ཁག་ཏུ་ཧམ་འཛུལ་གྱི་བྱ་སྤྱོད་སྤེལ་བའི་དུས་ཚོད་དེ་ནི་ཡོལ་ཟིན་པ་ཞིག་རེད། རྒྱ་གར་གྱི་ངོས་ནས་ཀྱང་རང་ཉིད་ཀྱི་མངའ་ཁོངས་སུ་ཡོད་པའི་ས་ཆ་སོར་གང་ཡང་ཧམ་འཛུལ་ལ་བཀག་སྡོམ་གནང་ངེས་ཡིན་ཞེས་ནན་བརྗོད་གནང་འདུག

གཞི་རྩའི་རྒྱ་གར་དབུས་ནང་སྲིད་བློན་ཆེན་སྐུ་ཞབས་ Amit Shah ལགས་རྒྱ་གར་བྱང་ཤར་ཁུལ་དུ་མ་ཕེབས་པའི་གོང་ལ་རྒྱ་ནག་གཞུང་ནས་ཨ་རུ་ནཱ་ཅལ་མངའ་སྡེའི་ས་གནས་ཁག་གཅིག་ལ་མིང་གསར་པ་བཏགས་པའི་གནས་སྟངས་བྱུང་བར་མ་ཟད། སྐུ་ཞབས་ Amit Shah ལགས་ཁུལ་དེར་ཕེབས་ཏེ་གཞིས་གྲོང་ཡར་རྒྱས་དང་འབྲེལ་བའི་ལས་གཞི་དབུ་འབྱེད་གནང་བ་དེ་ནི་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་བྱས་པ་ཞིག་ཡིན་སྟབས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་ཐེབས་ངེས་རེད་ཅེས་བཤད་ཡོད།

རྒྱ་གར་གཞུང་ནས་མཐའ་མཚམས་ཁག་ཏུ་གཞིས་གྲོང་ཡར་རྒྱས་ཀྱི་ལས་གཞི་དངོས་སུ་དབུ་འབྱེད་གནང་བ་དང་འབྲེལ་དཔྱད་ཞིབ་པ་ཁག་གཅིག་གིས་འཛུགས་སྐྲུན་གྱི་ལས་གཞི་དེ་དག་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་ཀྱང་། ལས་གཞི་དེས་རང་བྱུང་ཁོར་ཡུག་གི་གནས་སྟངས་ལ་དོ་ཕོག་ཐེབས་མིན་ལ་དགོངས་བཞེས་གནང་གལ་ཡིན་པ་དང་། ལ་ལས་འཕགས་བོད་གཉིས་ཀྱི་མཐའ་མཚམས་སུ་རྒྱ་གར་གི་ངོས་ནས་འཛུགས་སྐྲུན་དང་གཞིས་གྲོང་གི་ལས་གཞི་མ་སྤེལ་བའི་གོང་དུ་རྒྱ་ནག་གཞུང་ནས་བོད་ཀྱི་མཐའ་མཚམས་ས་ཁུལ་མི་ཉུང་བ་ཞིག་ལ་གཞིས་གྲོང་གསར་རྒྱག་མང་དག་ཅིག་བྱས་ཟིན་པ་སོགས་གསུངས་འདུག

རྒྱ་གར་གཞུང་གིས་དབུ་འབྱེད་གནང་བའི་ Vibrant Villages Programme ཞེས་པའི་གཞིས་གྲོང་ཡར་རྒྱས་ཀྱི་ལས་གཞིའི་ཁྲོད་ཨ་རུ་ནཱ་ཅལ་མངའ་སྡེ་དང་འབྲས་ལྗོངས། ཧི་མཱ་ཅལ། དེ་བཞིན་ཨུཏྟར་ཁནྜ་དང་རྒྱ་གར་དབུས་འཛིན་སྐྱོང་མངའ་ཁུལ་གྱི་ས་གནས་ལ་དྭགས་བཅས་ཀྱི་ནང་ཡོད་པའི་འཕགས་བོད་ཀྱི་ས་མཚམས་ས་ཁུལ་གྱི་གཞིས་གྲོང་ཁག་ཏུ་ཡོད་པའི་མི་སེར་རྣམས་ཀྱི་འཚོ་ཐབས་ཡར་རྒྱ་དང་ས་གནས་སོ་སོར་ཆུ་དང་གློག དྲ་རྒྱ། དེ་བཞིན་རྒྱ་ལམ་གསར་རྒྱག་སོགས་གནང་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།