Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་ནང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཚགས་ཚུད་བྱུང་བ་ནི་རྒྱ་ནག་ལ་བརྡ་ལན་ཞིག་ཆགས་ཡོད། 

Tibetan News Headlines

  • India declines China’s request to resume flights after 4 years, says ‘no flights without border peace’
  • Tibetan parliament appoints Passang Tsering as member of the Public Service Commission
  • China named amongst countries with policy or pattern of government-sponsored trafficking
  • Alalamo: Jhola Techung’s ‘Gratitude Song to India’ and Toeshey ‘Dhakpa’

རེས་གཟའ་མིག་དམར། ༢༠༢༤།༠༦།༢༥

  • ས་མཚམས་སུ་ཞི་བདེ་སླར་གསོ་མ་བྱུང་བར་ཕྱོགས་གཉིས་ཀྱི་གནམ་གྲུའི་འགྲུལ་བཞུད་གཙོས་རྒྱུན་ལྡན་གྱི་འབྲེལ་ལམ་བསྐྱར་གསོ་ཐུབ་ཐབས་མེད་པ་གསུངས་འདུག
  • པ་སངས་ཚེ་རིང་ལགས་ལས་བྱེད་འདེམས་ལྷན་གྱི་ཚོགས་མིར་བསྐོ་གཞག
  • རྒྱ་ནག་ནང་དུ་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པའི་མི་ཚོང་ལས་དོན་བྱུང་བཞིན་པ་མངོན་གསལ་གནང་འདུག
  • ཨ་ལ་ལ་མོའི་ལེ་ཚན། ཇོ་ལགས་བཀྲས་ཆུང་ལགས་ཀྱིས་བླངས་པའི་དྲིན་ཆེན་རྒྱ་གར་དང་། དག་པ་ཤེལ་རི་དཀར་པོ།

ཁ་ས་དང་ཁ་ཉིན་བཅས་ཉིན་གྲངས་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་ ༡༩ ཡི་དབུ་ཁྲིད་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་བཅས་ལྷན་འཛོམས་ཐོག་ཚོགས་པའི་ G20 ལྷན་ཚོགས་ཐེངས་ ༡༨ པ་དེ་འགོག་རྐྱེན་གང་ཡང་མེད་པར་ཚགས་ཚུད་ངང་ནས་ཚོགས་ཐུབ་པར་མ་ཟད། རྒྱལ་སྤྱིའི་ཐོག་འཕྲད་བཞིན་པའི་དཀའ་ངལ་ཁག་ལ་ཐུན་མོང་གི་གདོང་ལེན་གནང་སྟངས་དང་། ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྒྱ་བསྐྱེད་གནང་རྒྱུ་སོགས་འཁོད་པའི་དོན་ཚན་བཅུ་ཅན་གྱི་སྤྱི་བསྒྲགས་ཤིག་སྤྱི་མོས་ཐོག་ནས་གཏན་འབེབས་གནང་ཐུབ་པ་བྱུང་ཡོད། 

རྒྱ་གར་གྱིས་མགྲོན་བདག་གནང་བའི་ G20 ལྷན་ཚོགས་དེ་ཉིད་ཚགས་ཚུད་པོ་བྱུང་བའི་གནད་དོན་དང་འབྲེལ་རྒྱལ་སྤྱིའི་དཔྱད་ཞིབ་པ་དང་དཔལ་འབྱོར་རིག་པ་བ། དེ་བཞིན་ཐབས་བྱུས་དང་ཕྱི་འབྲེལ་མི་སྣ་མི་ཉུང་བ་ཞིག་གིས་དེ་ནི་རྒྱལ་སྤྱིའི་ཐོག་རྒྱ་གར་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཆེ་མཐོང་རྒྱས་པའི་མཚོན་རྟགས་གལ་ཆེ་ཞིག་ཆགས་ཡོད་པ་མ་ཚད་པར་རྒྱ་ནག་མཚོན་ལ་རྒྱལ་སྤྱིའི་འབྲེལ་ལམ་དང་དཔལ་འབྱོར་གོང་འཕེལ། དེ་བཞིན་སྣེ་ཁྲིད་རྒྱལ་ཁབ་ཀྱི་མཚོན་རྟགས་སོགས་དང་འབྲེལ་ནས་བརྡ་ལན་ཆེན་པོ་ཞིག་ཀྱང་ཆགས་ཡོད་ཅེས་གསུང་བཞིན་འདུག བོད་དོན་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཀྱང་ལྷན་ཚོགས་ཐོག་རྒྱ་ནག་གཞུང་ནས་རྒྱ་གར་ལ་ཁྱད་གསོད་དང་སྦྲགས་ཏེ་ཞི་ཅིན་ཕིང་དངོས་སུ་མཉམ་ཞུགས་མ་བྱས་པ་དེས་ལྷན་ཚོགས་ལ་འགོག་རྐྱེན་གང་ཡང་བཟོ་ཐུབ་མེད་པར་སོགས་འགྲེལ་བརྗོད་དང་ཆབས་ཅིག རྒྱལ་སྤྱིའི་ཐོག་རྒྱ་གར་ལ་ཆེ་མཐོང་ཆེན་པོ་ཐོབ་སྟབས་རིམ་པས་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མི་དང་བོད་དོན་འཐབ་རྩོད་ལ་ནུས་པ་དང་གོ་སྐབས་གསར་པ་ཡོང་གི་རེད་ཅེས་གསུངས་སོང་།

གཞི་རྩའི་རྒྱ་གར་གྱིས་མགྲོན་བདག་གནང་བའི་ G20 ལྷན་ཚོགས་ཐོག་ཞི་ཅིན་ཕིང་དང་། ཨུ་རུ་སུའི་སྲིད་འཛིན་ Vladimir Putin གཉིས་མ་བཅར་བའི་གནད་དོན་དང་འབྲེལ་དཔྱད་ཞིབ་པ་ཁག་ཅིག་ནས་ལྷན་ཚོགས་ཀྱི་སྤྱི་བསྒྲགས་གཏན་འབེབས་གནང་རྒྱུ་སོགས་དང་འབྲེལ་ཏེ་དཀའ་ངལ་འཕྲད་སྲིད་པར་ཚོད་དཔག་གནང་ཡོད་ཀྱང་། ཚོགས་དུས་ཉིན་དང་པོ་རང་གི་ཐོག་དོན་ཚན་བཅུ་ཅན་གྱི་སྤྱི་བསྒྲགས་དེ་འགོག་རྐྱེན་གང་ཡང་མེད་པར་གཏན་འབེབས་གནང་ཐུབ་ཡོད་པ་དང་། སྤྱི་བསྒྲགས་ནང་རྒྱུན་གནས་དང་ཆ་སྙོམས་ལྡན་པའི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་གཏོང་ཐབས། ཀུན་ལ་ཕན་པའི་ཟས་བཅུད་དང་འཕྲོད་བསྟེན། ཤེས་ཡོན་བཅས་ཀྱི་ལས་དོན་ཐོག་མཉམ་རུབ་ཀྱི་ནུས་པ་བཏོན་རྒྱུ། རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་གནད་དོན་ཐོག་ཐུན་མོང་གི་འགན་བཞེས་སྟངས། འཛམ་གླིང་གི་དངུལ་ཁང་ཁག་གི་ལས་དོན་རྣམས་ཀུན་ལ་ཕན་ཐོགས་ཡོད་པ་ཞིག་བཟོ་རྒྱུ། འཕྲུལ་རིགས་དང་བརྡ་འཕྲིན་གྱི་ལས་དོན་རྒྱ་བསྐྱེད་གནང་ཐབས། ཕོ་མོ་འདྲ་མཉམ་དང་བེུད་ནུས་སྟོབས་ཀྱི་ལས་གཞིའི་ཐོག་ནུས་པ་རྒྱ་གང་ཆེར་གནང་རྒྱུ། དྲག་སྤྱོད་རིང་ལུགས་དང་ཁྲིམས་འགལ་གྱི་ལས་དོན་ལ་ཐུན་མོང་ཐོག་ནས་གདོང་ལེན་གནང་རྒྱུ་སོགས་ཁྱོན་དོན་ཚན་ཆེ་ཁག་བཅུ་དང་དོན་ཚན་ཁག་སོ་སོའི་ནང་ལ་ལས་དོན་གཉེར་སྟངས་དང་འབྲེལ་བའི་ནང་གསེས་དོན་ཚན་ཁག་ཅིག་བཀོད་འདུག

རྒྱ་གར་ནང་གི་ G20 ལྷན་ཚོགས་ཐོག་ཐག་གཅོད་གནང་བའི་གནས་ཚུལ་ཆེ་གྲས་གཅིག་ནི་རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག་གིས་གཙོ་སྐྱོང་ཐོག་གླིང་ཆེན་ཨ་ཕི་རི་ཀ་དང་དེའི་མཚོ་གླིང་ཐོག་ཡོད་པའི་རྒྱལ་ཁབ་ལྔ་བཅུ་ལྷག་ལས་གྲུབ་པའི་ African Union འམ་ཨ་ཕི་རི་ཀ་མཐུན་ཚོགས་དེ་ G20 ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་བཅུག་ཡོད་པ་དང་། དེ་ནི་དཔྱད་ཞིབ་པ་ཚོས་ལྷན་ཚོགས་མགྲོན་བདག་གནང་མཁན་རྒྱ་གར་དང་ G20 ལྷན་ཚོགས་གཉིས་ཀར་ཕན་པའི་གྲུབ་འབྲས་ཆེན་པོ་ཞིག་ལ་ངོས་འཛིན་གནང་གི་འདུག

རྒྱནག་གི་རྒྱལ་སྤྱིའི་འབྲེལ་ལམ་དང་ཚོང་འབྲེལ་ཐོག་ཉམས་ཞིབ་གནང་མཁན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་བསྟན་འཛིན་ལྷ་སྒྲོན་ལགས་ཀྱིས་ཨ་ཕི་རི་ཀའི་ནང་རྒྱ་ནག་གཞུང་གི་ཤུགས་རྐྱེན་ཆེན་པོ་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་གར་གྱིས་ཨ་ཕི་རི་ཀ་མཐུན་ཚོགས་ G20 ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་བཅུག་པ་དེ་ནི་རྒྱ་གར་གྱི་ཐབས་བྱུས་ནུས་པ་མཚོན་པ་མ་ཚད་པར་རིམ་པས་རྒྱ་གར་དང་ཨ་ཕི་རི་ཀའི་ཡུལ་གྲུ་ཁག་གི་དབར་ཚོང་གི་འབྲེལ་ལམ་གཏིང་ཟམ་རྒྱ་ཆེར་འགྲོ་རྒྱུའི་རེ་བ་ཡོད་པར་གསུངས་སོང་།    

གཞན་ཡང་རྒྱ་གར་ནང་ཚོགས་པའི་ G20 ལྷན་ཚོགས་ཐོག་འདུ་འཛོམས་བྱུང་བའི་ཚོགས་མི་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་། ཆེད་དུ་མགྲོན་འབོད་ཞུས་པའི་རྒྱལ་ཁབ་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གི་དབུ་ཁྲིད་དང་སྐུ་ཚབ་མི་སྣའི་དབར་རྒྱལ་ཁབ་ཕྱོགས་གཉིས་ཀྱི་གནད་དོན་དང་མ་འོངས་ལས་འཆར་སོགས་ལ་གྲོས་བསྡུར་གནང་ཡོད་པ་དང་། དེ་དག་ཁྲོད་ནས་གནད་འགག་ཆེ་བ་ཞིག་ནི་ཨ་རིའི་སྲིད་འཛིན་ Joe Biden མཆོག་དང་རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག དེ་བཞིན་ཡུ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ Ursula von der Leyen མཆོག་བཅས་ཀྱིས་ཡོངས་གྲགས་གནང་བའི་རྒྱ་གར་དང་དཀྱིལ་ཤར་ཡུག་གྲུ དེ་བཞིན་ཡོ་རོབ་བཅས་དབར་ཚོང་འབྲེལ་བརྒྱུད་ལམ་གསར་པ་ཞིག་བསྐྲུན་རྒྱུའི་ལས་འཆར་དེ་ཆགས་ཡོད།  

སྲིད་འཛིན་ Biden མཆོག་གིས་དེ་འབྲེལ་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་མགྱོགས་པོ་ཐུག་འཕྲད་ཡོང་བའི་རེ་བ་ཡོད་ཅེས་གསུངས་པ་དང་ད་ལྟའི་ཆར་ཞི་ཅིན་ཕིང་རྒྱ་ནག་གི་དཔལ་འབྱོར་གཙོས་གནད་དོན་མང་པོའི་དོ་སྣང་འཕར་མ་ཞིག་བྱེད་དགོས་པའི་གནས་སྟངས་འོག་ནས་ཐེ་ཝན་ལ་དམག་རྒྱག་རྒྱུ་དཀའ་བ་དང་། ཨ་རིའི་ངོས་ནས་རྒྱ་གར་ཞི་བདེ་རྒྱ་མཚོ་ཁུལ་གྱི་རྒྱལ་ཁབ་རྣམས་དང་མཐུན་གྲོགས་གནང་རྒྱུ་དང་། དཔལ་འབྱོར་གྱི་ལས་གཞིའི་ཐོག་རྒྱབ་སྐྱོར་གནང་བ་ནི་རྒྱ་ནག་ཟུར་ཕུད་བྱས་པའི་ཐབས་བྱུས་ཤིག་མིན་པར་དེ་ནི་རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བ་ཡོད་པ་ཞིག་རེད་ཅེས་གསུངས་འདུག

གཞི་རྩའི་ G20 ལྷན་ཚོགས་དེ་ནི་ཐོག་མར་ཕྱི་ལོ་ ༡༩༩༩ ལོར་གསར་འཛུགས་གནང་བའི་རྒྱལ་སྤྱིའི་དབུ་ཁྲིད་མང་ཤོས་མཉམ་ཞུགས་གནང་སའི་ལྷན་ཚོགས་ཆེ་ཤོས་དང་། ལྷན་ཚོགས་ཀྱི་དགོས་དམིགས་གཙོ་བོ་ནི་དཔལ་འབྱོར་གཙོས་རྒྱལ་སྤྱིའི་ཐོག་འཕྲད་བཞིན་པའི་ངལ་བ་ཁག་སེལ་ཐབས་གནང་རྒྱུ་སོགས་ཡིན་པ་དང་། ལོ་རྗེས་མའི་ G20 ལྷན་ཚོགས་དེ་ Brazil ནང་འཚོགས་གཏན་ཁེལ་ཡོད་པ་རེད། 

འབྲེལ་ཡོད་གསར་གནས།

གསར་གནས།