Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་རྒྱལ་ཡོངས་ནང་པའི་གྲངས་ཉུང་མི་རིགས་ཀྱི་ཚོགས་མི་རིན་ཆེན་ལྷ་མོ་ལགས་བཞུགས་སྒར་དུ་འཚམས་གཟིགས།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

དེ་རིང་རྒྱ་གར་རྒྱལ་ཡོངས་ནང་པའི་གྲངས་ཉུང་མི་རིགས་ཀྱི་ཚོགས་མི་རིན་ཆེན་ལྷ་མོ་ལགས་ཀྱིས་གཙོས་པའི་ཕྱག་རོགས་ཁག་ཅིག་བཞུགས་སྒར་དྷརྨ་སཱ་ལཱར་ཆེད་ཕེབས་ཀྱིས་བཀའ་སྤྱི་གཉིས་སུ་འཚམས་གཟིགས་གནང་སོང་།

རྒྱ་གར་རྒྱལ་ཡོངས་ནང་པའི་གྲངས་ཉུང་མི་རིགས་ཀྱི་ཚོགས་མི་རིན་ཆེན་ལྷ་མོ་ལགས་ད་ཆ་རྒྱ་གར་ཧི་མཱ་ཅལ་མངའ་སྡེ་ནང་གཞུང་འབྲེལ་ལས་དོན་སླད་ཆེད་ཕེབས་གནང་བ་དང་བསྟུན་དེ་རིང་སྔ་དྲོ་ཁོང་དང་ཁོང་གི་སྒེར་དྲུང་གཙོས་ཕྱག་རོགས་ཁག་གཅིག་བཅས་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་སུ་འཚམས་གཟིགས་གནང་སོང་།

སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དབུས་སྤྱི་འཐུས་རྒྱུན་ལས་དང་ཚོགས་དྲུང་ལས་ཁུངས་ཀྱིས་ཁོང་སྤྱི་འཐུས་ལྷན་ཚོགས་སུ་ཕེབས་བསུའི་སྣེ་ལེན་ཞུས་ཏེ་གྲོས་ཚོགས་སུ་གདན་ཞུ་གནང་སྟེ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་སོགས་ངོ་སྤྲོད་ཞིབ་རྒྱས་གནང་བ་དང་དེ་རྗེས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་བོད་མིའི་རྩ་དོན་དང་འབྲེལ་བའི་བཀའ་མོལ་གནང་ཡོད།

ལྷན་རྒྱས་ཀྱི་མཇལ་མོལ་དེའི་ཐོག་སྤྱི་འཐུས་ཚོགས་གཞོན་མཆོག་གིས་སྐུ་མགྲོན་རྣམ་པར་བོད་ཀྱི་འདས་མ་ད་གསུམ་གྱི་ལོ་རྒྱུས་སྙིང་བསྡུས་དང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། དེ་བཞིན་གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར་སོགས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་ངོ་སྤྲོད་ཞིབ་ཕྲ་གནང་རྗེས། ལྕམ་རིན་ཆེན་ལྷ་མོ་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་དང་གཞིས་བྱེས་བོད་མི་མང་ཚོགས་ཀྱི་མངོན་འདོད་ལྟར་མགོན་པོ་གང་༸ཉིད་མཆོག་༸སྐུ་འཚོ་བཞུགས་སྐབས་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཚོག་ཐུབ་པའི་སྨོན་འདུན་ཞུས་སོང་།

རིན་ཆེན་ལྷ་མོ་ལགས་སུ་ཐེངས་འདིའི་འཚམས་གཟིགས་དང་འབྲེལ་ནས་བཅར་འདྲི་ཞུས་པར། ཁོང་ཁ་སང་ཧི་མཱ་ཅལ་མངའ་སྡེའི་མན་ཌི་དང་ཀངྒ་རཱ་རྫོང་ཁོངས་གཉིས་སུ་གཞུང་འབྲེལ་ལས་དོན་སླད་ཆེད་ཕེབས་གནང་ཡོད་པ་ལྟར་༸རྒྱལ་བའི་བཞུགས་སྒར་དུ་ཕེབས་ཡིན་སྐོར་གསུངས་པ་དང་། ལྷག་དོན་ཀངྒ་རཱ་འབྱོར་ནས་བཞུགས་སྒར་དྷརྨ་སཱ་ལྰ་དང་མེག་གྷན་གཉིས་སུ་འཚམས་གཟིགས་གནང་མ་ཐུབ་ཚེ་རང་ཉིད་ཀྱི་གཞུང་འབྲེལ་ལས་དོན་དེ་ཆ་མ་ཚང་བ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་གསུངས་ཏེ། ཐེངས་འདིའི་འཚམས་གཟིགས་ཁྲོད་༸གོང་ས་མཆོག་དང་མཇལ་མོལ་ཞུ་རྒྱུ་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་འགྲོ་ལུགས་ལ་གཟིགས་ཞིབ་ཀྱིས་བཙན་བྱོལ་བོད་མིའི་གནས་སྟངས་རྒྱུས་ལོན་གནང་ནས་བོད་མིའི་དཀའ་ངལ་གང་མགྱོགས་སེལ་བར་རྒྱ་གར་གཞུང་ལ་རམས་འདེགས་གནང་སྐྱོང་ཡོང་བའི་འབདོ་སྐུལ་ཞུ་རྒྱུ་ཡིན་ལ། གནད་དོན་དེའི་ཐོག་ཁོང་ཉིད་བོད་མི་དང་མཉམ་དུ་ཡོད་ཅེས་གསུངས་ཡོད།

རིན་ཆེན་ལྷ་མོ་ལགས་དང་ཁོང་གི་ཕྱག་རོགས་རྣམས་ནས་དེ་རིང་སྔ་དྲོར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་གནས་ཆུང་སྒྲ་དབྱངས་གླིང་གི་གྲྭ་ཚང་དང་དགའ་གདོང་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་དྷ་ས་བོད་ཀྱི་དཔེ་མཛོད་ཁང་། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་། བཀའ་ཤག་བཅས་སུ་འཚམས་གཟིགས་གནང་བ་དང་ཉིན་རྒྱབ་ཏུ་དྷ་སྟེང་བོད་ཁྱིམ་སློབ་གྲྭ་དང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བཅས་སུ་གཟིགས་སྐོར་གྲུབ་རྗེས་ཕྱི་དྲོ་བོད་ཀྱི་ཟློས་གར་ཚོགས་པར་འཚམས་གཟིགས་དང་སང་ཉིན་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་རྒྱས་མཇལ་མོལ་གནང་རྒྱུ་རེད་འདུག པར་བོད་མིའི་སྒྲིག་འཛུགས་དང་སྤྱི་འཐུས་ལྷན་ཚོགས།

འབྲེལ་ཡོད་གསར་གནས།

གསར་གནས།