Tibetan Royal Year of 2152 | Year of the Wood Snake

རྒྱ་ནག་གཞུང་ཚབ་ཁང་གི་གཞུང་འབྲེལ་དགོང་ཚིགས་ལ་ངོ་རྒོལ་གནང་བ།

Tibetan News Headlines

  • ‘India well prepared to retaliate if Pakistan decides to escalate,’ Ajit Doval tells Chinese foreign minister
  • Bharat Tibbat Sahyog Manch (BTSM), Pan-India Tibet Support Group, Celebrates 26th Anniversary
  • Autonomous University of Madrid Hosts Seminar on the Life and Works of Renowned Tibetan Writer and Filmmaker Pema Tseden
  • Over 15,000 Kilograms of Aid Grain Distributed to Nomadic Households Affected by Ladakh Thunderstorm
  • Tibetan Youth Wins at Superhuman Battleground MMA Event in Bangalore
  • CCP Agent Posed as Stanford Student for Years in Espionage Operation, Targeted AI Researchers

རེས་གཟའ་ཕུར་བུ། ༢༠༢༥།༠༥།༠༨

  • པ་ཀི་སི་ཐན་གྱི་འཁྲུག་རྩོད་ཇེ་ཆེར་གཏོང་རྒྱུའི་ཐག་གཅོད་ལ་རྒྱ་གར་ནས་ཕར་རྒོལ་བྱ་རྒྱུར་གྲ་སྒྲིག་ཨང་གསར་ཡིན།
  • རྒྱ་གར་དང་བོད་གཉིས་དཔུང་པ་མཉམ་གཤིབ་ཀྱི་མདུན་སྐྱོད་བྱེད་ཀྱི་ཡོད་ཅེས་གསུངས་འདུག
  • སི་པན་གཙུག་ལག་སློབ་གཉེར་ཁང་ཞིག་གི་ནང་བོད་ཀྱི་འཁྲབ་ཁྲིད་པ་གྲགས་ཅན་དམ་པ་པདྨ་ཚེ་བརྟན་ལགས་ཀྱི་རྩོམ་རིག་དང་གློག་བརྙན་སྐོར་ལྷན་ཚོགས་གོ་སྒྲིག་གནང་བ།
  • ར་ལུག་སེམས་ཅན་ཤི་སྐྱོན་གྱི་གོད་ཆགས་ཕོག་པའི་ལ་བྱང་འབྲོག་པའི་ཁྱིམ་ཚང་ཚོར་འབྲུ་ཀི་ལོ་ ༡༥༠༠༠ ལྷག་བགོ་འགྲེམས་གནང་བ།
  • བོད་རིགས་གཞོན་སྐྱེས་ཤིག་ལ་ MMA དྲག་རྩལ་འགྲན་སྡུར་ཞིག་གི་ནང་རྒྱལ་ཁ་ཐོབ་འདུག
  • རྒྱ་ནག་གི་གསང་མྱུལ་བས་སི་ཊེན་ཕོཌ་གཙུག་ལག་སློབ་གཉེར་ཁང་དུ་གསང་མྱུལ་གྱི་ལས་དོན་སྤེལ་བཞིན་པ་གསལ་འདོན།

དབྱིན་ཡུལ་ནང་གི་བོད་མི་དང་ཡུ་གུར་བ། ཧོང་ཀོང་བ་སོགས་རྒྱ་གཞུང་གི་བཙན་བཟུང་འོག་ཡོད་པའི་མི་རིགས་ཁག་གི་ཚོགས་པ་ཟུང་སྦྲེལ་གྱིས་ཁུལ་དེར་ཚོགས་པའི་རྒྱ་ནག་གཞུང་ཚབ་ཁང་གི་གཞུང་འབྲེལ་དགོང་ཚིགས་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག

ཁ་ཉིན་རེས་གཟའ་ཉི་མའི་ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊན་ནང་གི་ InterContinental གསོལ་མགྲོན་ཁང་དུ་དབྱིན་ཡུལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་པ་ Zheng Zeguang གཙོས་གཞུང་འབྲེལ་ལས་བྱེད་ཁག་ཅིག་མཉམ་ཞུགས་ཀྱིས་འཚོགས་ལ་ཉེ་བའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགོ་ཚུགས་ནས་མི་ལོ་ ༧༤ འཁོར་བའི་དུས་སྟོན་སྲུང་བརྩི་སྔ་རོལ་དང་སྦྲགས་ཏེ། གཞུང་འབྲེལ་གྱི་དགོང་ཚིགས་གོ་སྒྲིག་བྱས་པ་ལྟར་དབྱིན་ཡུལ་ནང་གི་བོད་རིགས་ཚོགས་པ་དང་ Global Alliance for Tibet & Persecuted Minorities དེ་བཞིན་ཧོང་ཀོང་རང་དབང་དང་ཡུ་གུར་གྱི་ཐོབ་ཐང་རྩོད་ལེན་ཚོགས་པ་སོགས་རྒྱ་ནག་གི་བཙན་བཟུང་འོག་ཡོད་པའི་མི་རིགས་རྣམས་ཀྱི་ཚོགས་པ་འགས་ཟུང་འབྲེལ་གོ་སྒྲིག་གནང་སྟེ་གསོལ་མགྲོན་ཁང་གི་ཕྱི་ཕྱོགས་སུ་ཞི་ཅིན་ཕིང་གི་སྲིད་འཛིན་ལས་ཡུན་རིང་བོད་དང་ཤིན་ཅང་། ཧོང་ཀོང་། རྒྱ་ནག་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་སོགས་ཕྱོགས་ཡོངས་ནས་དམ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་པའི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བ་ལས་བཟང་ཕྱོགས་ཀྱི་འགྱུར་བ་ཕྲན་བུ་ཙམ་ཡང་ཕྱིན་མེད་པར་སྐྱོན་བརྗོད་ཀྱིས་དུས་སྟོན་སྲུང་བརྩི་ཞུ་མི་ཆོག་པ་དང་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་མཚམས་འཇོག་དགོས་པ། དེ་བཞིན་བོད་དང་ཡུ་གུར། ཧོང་ཀོང་བཅས་ལ་རང་དབང་སྤྲོད་དགོས་པའི་ཞི་བའི་སྐད་འབོད་གནང་འདུག

ལས་འགུལ་དེ་དང་འབྲེལ་ཡུ་གུར་གྱི་ཐོབ་ཐང་རྩོད་ལེན་པ་ལྕམ་སྐུ་ Rahima Mahmut ལགས་ཀྱིས་དྲ་ལམ་ཐོག་ཏུ་ཉེ་ལམ་དབྱིན་ཡུལ་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ལས་ཁང་གི་ལས་བྱེད་རྣམས་ནས་གསོལ་མགྲོན་ཁང་ཞིག་ཏུ་འཚོགས་ལ་ཉེ་བའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགོ་ཚུགས་ནས་མི་ལོ་ ༧༤ འཁོར་བའི་རྒྱལ་སྟོན་ཉིན་མོ་དང་བསྟུན་དགོང་ཚིགས་ཤིག་གོ་སྒྲིག་བྱས་པར་བོད་མི་དང་ཡུ་གུར་བ། ཧོང་ཀོང་བ་སོགས་ཀྱི་མི་རིགས་རྣམས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་རྒྱ་ནག་གི་སྲིད་དབང་སྒེར་གཅོད་པ་དང་མི་རིགས་རྩ་གཏོར་གྱི་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་ཉིན་མོ་དེ་སྲུང་བརྩི་ཞུ་དོན་གང་ཡང་མེད་ཅེས་ནན་བརྗོད་གནང་འདུག་པ་དང་ཆབས་ཅིག དབྱིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་ལས་འགུལ་བ་རྣམས་ཀྱིས་ཉིན་དེར་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་དགུང་ཚིགས་ཀྱི་ལས་རིམ་ལ་མཉམ་ཞུགས་བྱས་པའི་རྒྱ་ནག་གི་གཞུང་ཚབ་ལས་བྱེད་ཁྲོད་བོད་དང་ཧོང་ཀོང་། ཡུ་གུར་རང་དབང་བཅས་ཀྱི་སྐོར་གསལ་གོ་ཐུབ་པ་ཞིག་བཟོས་ཡོད་ཅེས་གསུངས་འདུག

ཤེས་རྟོགས་བྱུང་བར་དབྱིན་ཡུལ་ནང་གི་ཐོབ་ཐང་ཚོགས་པ་ཐུན་མོང་ནས་རིང་མིན་ཕྱི་ཟླ་ ༡༠ ཚེས་ ༡ སྟེ་རྒྱ་ནག་གི་རྒྱལ་སྟོན་ཉིན་མོ་དང་བསྟུན་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རྒྱ་གང་ཆེ་སྤེལ་གཏན་ཁེལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།