Tibetan Royal Year of 2150 | Year of the Water Rabbit

ཇར་མ་ནིའི་ཕྱི་སྲིད་བློན་ཆེན་གྱིས་ཞི་ཅིན་ཕིང་ལ་སྲིད་དབང་སྒེར་སྤྱོད་པ་ཞེས་འགྲེལ་བརྗོད་གནང་འདུག

Tibetan News Headlines

  • རྒྱལ་ཚོགས་ཀྱིས་རྒྱ་གཞུང་ལ་དྲག་གནོན་གྱི་སྲིད་བྱུས་མཚམས་འཇོག་ཆེད་གནོད་ཤུགས་སྤྲོད་དགོས།
  • ཨ་རིས་རྒྱ་ནག་གིས་བརྡ་འཕྲིན་དམག་འཐབ་སྣེ་ཁྲིད་བྱེད་བཞིན་པར་ཉེན་བརྡ།
  • བོད་མིའི་མདུན་ལམ་སློབ་གཉེར་ཁང་གིས་ལྷོ་ཕྱོགས་གཞིས་མིར་གོ་རྟོགས་ལས་གཞི་སྤེལ་བ།
  • བཀྲ་ཤིས་ལྗོངས་གདན་ས་ཁམས་པ་སྒར་གྱི་བཤད་གྲྭ་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་དེ་བྱུང་སྐོར་མཁན་པོ་འཇིགས་མེད་བློ་གྲོས་ལགས་སུ་བཅར་འདྲི།

Friday 29/09/2023

  • UN Human Rights Council told: ‘End repression in Tibet; reject China’s membership bid’
  • China uses ‘deceptive ’methods to sow disinformation, US says
  • CTA carries out a career awareness program in South India
  • History of Khamgar Druk Shedra/College

ཇར་མ་ནི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བ་ལེགས་པོ་མེད་པའི་དུས་སྐབས་འདིར་ཇར་མ་ནིའི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་ Annalena Baerbock མཆོག་གིས་ཞི་ཅིན་ཕིང་ལ་སྲིད་དབང་སྒེར་སྤྱོད་པ་ཞེས་འགྲེལ་བརྗོད་གནང་བར་བརྟེན་རྒྱ་གཞུང་གིས་སྐྱོན་བརྗོད་ནན་པོ་བྱས་ནས་ཁུལ་དེར་ཡོད་པའི་ཇར་མ་ནི་གཞུང་ཚབ་པ་འབོད་འགུགས་བྱས་འདུག

ཟླ་ ༩ ཚེས་ ༡༤ ཉིན་ཨ་རིའི་ Texas མངའ་སྡེར་རྟེན་གཞིས་བྱས་པའི་Fox News བརྒྱུད་ལམ་གིས་ཇར་མ་ནིའི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་ Annalena Baerbock མཆོག་ལ་ཨུ་རུ་སུས་ཡུཀ་རེན་བཙན་འཛུལ་བྱས་པའི་གནད་དོན་དང་འབྲེལ་བཅར་འདྲི་ཁག་ཅིག་ཞུས་པའི་ནང་། ཁོང་གིས་Vladimir Putin ཡིས་སྣེ་ཁྲིད་པའི་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་རྒྱལ་ཁབ་ལ་དྲག་དཔུང་བརྒྱུད་བཙན་འཛུལ་བྱས་པ་དེ་ནོར་འཁྲུལ་ཡིན་པ་དང་། ལྷག་པར་ཨུ་རུ་སུ་དང་ཡུཀ་རེན་གཉིས་དབར་དམག་འཐབ་དེ་ཡུཀ་རེན་ལ་རྒྱལ་ཁ་ཐོབ་དགོས་པ་ལས་གལ་ཏེ་པུ་ཊིན་ལྟ་བུའི་སྲིད་དབང་སྒེར་སྤྱོད་པ་ཞིག་ལ་ཐོབ་ཚེ་པུ་ཊིན་འདྲ་བའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་བརྡ་ནོར་ཐེབས་གཞི་འགྱུར་ངེས་པས་རྒྱལ་ཁ་དེ་མང་གཙོ་དང་རང་དབང་སྲུང་མཁན་གྱི་ཡུཀ་རེན་ལ་ཐོབ་དགོས་པ་སོགས་གསུངས་འདུག

གནད་དོན་དེ་དང་འབྲེལ་ཁ་སང་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Mao Ning ཟེར་བས་གསར་འགོད་ལྷན་ཚོགས་ཐོག་ད་ལན་ལྕམ་སྐུ་ Annalena མཆོག་གིས་ཞི་ཅིན་ཕིང་ལ་སྲིད་དབང་སྒེར་སྤྱོད་པ་ལྟ་བུར་ འགྲེལ་བརྗོད་གནང་བ་དེ་ནི་འགན་ཁུར་རྩ་བ་ནས་མེད་པའི་བཀའ་མོལ་ཞིག་ཡིན་པ་མ་ཟད། ཕྱོགས་གཉིས་ཀྱི་རྒྱལ་འབྲེལ་ཐབས་བྱུས་དང་ཡོངས་སུ་འགལ་བ། དེ་བཞིན་རྒྱ་ནག་གི་ཆབ་སྲིད་ཆེ་མཐོང་ལ་རྡོག་རོལ་བཏང་བ་ཡོད་པར་སྐྱོན་བརྗོད་ནན་པོ་དང་སྦྲགས། ལྷག་པར་དེ་ལྟ་བུའི་རྒྱ་ནག་ལ་མིང་རྗེས་ངན་པ་བཟོ་ཐབས་ཀྱི་ལས་དོན་དེ་རིགས་འཕྲལ་དུ་མཚམས་འཇོག་དགོས་པ་སོགས་ཀྱི་ལན་འདེབས་བྱས་འདུག

རྒྱ་གཞུང་གིས་རེས་གཟའ་ཉི་མར་ཁུལ་དེར་ཡོད་པའི་ཇར་མ་ནི་གཞུང་ཚབ་པ་ལྕམ་སྐུ་ Patricia Flor ལགས་འབོད་འགུགས་བྱས་ཏེ་ཐེངས་འདིའི་ཇར་མ་ནིའི་ཕྱི་སྲིད་བློན་ཆེན་མཆོག་གིས་སྲིད་འཛིན་ཞི་ཅིན་ཕིང་ལ་སྲིད་དབང་སྒེར་སྤྱོད་པ་ཞེས་འགྲེལ་བརྗོད་གནང་བ་དེས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་ངེས་ཡིན་པ་མ་ཚད་པར་མ་འོངས་པར་ཕྱོགས་གཉིས་ཀྱི་དཔོན་རིགས་ཁག་གི་གྲོས་མོལ་ལའང་གནོད་འཚེ་བཟོ་ངེས་ཡིན་པར་བཤད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།