Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་ཐད་གཏོང་མཉེན་ཆས་ Douyin ནང་བོད་ཡིག་བཀག་སྡོམ་བྱས་པར་བོད་མི་ཚོས་སེམས་འཚབ་བྱེད་བཞིན་པ།

Tibetan News Headlines

  • HHDL is recovering exceptionally well, says Dr. Tsetan Dorji Sadutshang
  • For now, this is my temple: Devotees flock to the Dalai Lama’s hotel in NYC for circumambulation
  • We are born activists; Political consciousness is in us at a very young age: Bhutila Karpoche
  • 4 years of draconian National Security Law: RSF calls for greater support for diaspora-led media
  • India, China foreign ministers agree to resolve border issues at earliest
  • Health and Wellness : Dr. Tenzin Dechen on monsoon health precaution

རེས་གཟའ་ཕུར་བུ། ༢༠༢༤།༠༧།༠༤

  • ༸གོང་ས་མཆོག་༸སྐུའི་འཕྲོད་བཞེས་བཟང་པོ་ཡོད་པ་དང་དད་ལྡན་མི་མང་རྣམས་ཐུགས་བློ་བདེ་པོ་གནང་རོགས་ཞེས་གསུངས་འདུག
  • ༸གོང་ས་མཆོག་གི་བཞུགས་གནས་མགྲོན་ཁང་དུ་དད་ལྡན་པས་ཕྱག་འཚལ་སྐོར་སྦྱོང་གནང་བཞིན་པ།
  • བཙན་བྱོལ་བོད་མིའི་ཁྲོད་ཆབ་སྲིད་ཀྱི་བསམ་བློ་དེ་རང་བཞིན་ལྷན་རྒྱས་སུ་ཡོད་པ་གསུངས་འདུག
  • རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བཙན་བྱོལ་ནང་གི་གསར་ཁང་ཁག་ལ་རྒྱབ་སྐྱོར་གནང་དགོས་གསུངས་འདུག
  • རྒྱ་དཀར་ནག་གཉིས་ནས་གང་མགྱོགས་ས་མཚམས་ཀྱི་རྩོད་རྙོག་སེལ་ཐབས་བྱ་རྒྱུ་ཡིན་པ་བརྗོད་འདུག
  • འཕྲོད་བསྟེན་ལེ་ཚན། ཆར་དུས་དང་ཆུ་ལོག་ཁྲོད་ཀྱི་ནད་རིགས་དང་དེར་གདོང་ལེན་གནང་ཕྱོགས།

རྒྱ་ནག་གི་གྲགས་ཆེ་བའི་ཐད་གཏོང་མཉེན་ཆས་ Douyin ནང་བོད་ཡིག་བཀོལ་སྤྱོད་བཀག་སྡོམ་བྱས་ནས་བོད་མིའི་རིག་གཞུང་དང་སྐད་ཡིག་གི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་བོད་ནང་གི་བོད་མི་ཚོས་ཆེས་སེམས་འཚབ་དང་འབྲེལ་རྒྱ་ནག་གཞུང་ལ་ཁྲིམས་ལུགས་ལྟར་བོད་ཀྱི་སྐད་ཡིག་ལ་བརྩི་མཐོང་སྤྲོད་དགོས་པའི་ཞུ་འབོད་གནང་བཞིན་འདུག

དེ་ཡང་ཉེ་ཆར་རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་རྒྱལ་ནང་དུ་བཀོལ་སྤྱོད་ཆེ་བའི་རྒྱ་ནག་གི་ཐད་གཏོང་མཉེན་ཆས་ Douyin ཀྱི་ནང་དུ་བོད་ཡིག་བཀོལ་སྤྱོད་བཀག་སྡོམ་བྱས་ཡོད་པ་དང་དེ་གའི་མཉེན་ཆས་བརྒྱུད་ཐད་གཏོང་བྱས་སྐབས་བོད་སྐད་བཤད་པ་དང་བོད་ཡིག་འབྲི་བ་སོགས་རང་བཞིན་གྱིས་ནག་བསུབ་བཏང་སྟེ་བོད་སྐད་ཡིག་བཀོལ་སྤྱོད་མི་ཐུབ་པ་བཟོས་ཡོད་པའི་ཁྲོད་འདིར། དྲྭ་མིང་དུ་གཡུ་དགའ་དགའ་ཞེས་པའི་བོད་མི་ཞིག་གིས་ཐད་གཏོང་གི་ལམ་ནས་ཚོར་ཤུགས་ཆེན་པོས་ Douyin མཉེན་ཆས་ནང་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་མི་བཅུག་པའི་གནད་དོན་གླེང་སྟེ་འབྲེལ་ཡོད་སྲིད་གཞུང་དང་ས་གནས་གཞུང་གིས་ངེས་པར་དུ་དྲྭ་ལམ་གྱི་ཁྲིམས་ལྟར་བོད་སྐད་ཡིག་གི་ཐོབ་ཐང་ལ་སྲུང་སྐྱོབ་དགསོ་པའི་དགོས་འདུན་བཏོན་རྗེས་བོད་མི་གཞན་མང་དག་ཞིག་གིས་ཀྱང་དྲྭ་ལམ་ཐད་གཏོང་སྐབས་བོད་ཡིག་བཀོལ་སྤྱོད་བྱེད་པར་འགོག་རྐྱེན་མང་པོ་འཕྲད་བཞིན་པ་དང་བོད་སྐད་ཡིག་ལ་བརྟེན་ནས་དྲྭ་རྒྱའི་མཐུན་རྐྱེན་ཚུལ་བཞིན་བེད་སྤྱོད་གཏོང་དབང་མེད་པ་སོགས་ཀྱི་སྐོར་ལ་གླེང་སློང་མང་པོ་གནང་འདུག་ལ། གཡུ་དགའ་དགའ་ལགས་ཀྱི་རེ་སྐུལ་བརྙན་ཐུང་གཙོས་བོད་མི་ཚོས་དེ་འབྲེལ་གྱི་མཆན་འགྲེལ་བཏབ་པ་ཕལ་ཆེ་དེ་གའི་དྲྭ་ལམ་ནས་ནག་སུབ་བཏང་འདུག

གནད་དོན་དེ་འབྲེལ་ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གནས་ཚུལ་སྤེལ་བའི་ནང་གསལ་ལྟར་ན། Douyin དྲ་ཐོག་ནས་རྒྱུན་དུ་སྨན་བཅོས་ཀྱི་ལམ་སྟོན་གནང་མཁན་གྱི་སྨན་པ་ཞིག་གིས། ཁོང་བོད་ལུགས་སྨན་པ་ཆུང་ངུ་ཞིག་ཡིན་ན་ཡང་ཁོང་གི་སྨན་བཅོས་ཀྱི་ཆེད་ལས་ལ་ཐེ་ཚོམ་རྩ་བ་ནས་མེད་ཅེས་དང་ཁོང་ནས་འཕྲོད་བསྟེན་དཀའ་ངལ་ཅན་མང་པོར་ལམ་སྟོན་ཆེད་ཐད་གཏོང་གནང་གི་ཡོད།ཡིན་ནའང་ད་ཆ་བོད་ཡིག་བཀོལ་སྤྱོད་མི་ཆོག་པའི་བཀག་སྡོམ་དེའི་རྐྱེན་པས་བོད་མི་དང་ལྷག་པར་དུ་ཞིང་འབྲོག་གཙོས་པའི་ལོ་ན་རྒན་གྲས་དང་ཡིག་རྨོངས་ཀྱི་གཞོན་སྐྱེས་ཚོར་སྨན་པ་ཁོང་གིས་རྒྱ་ཡིག་ལམ་ནས་སྐད་ཆ་བཤད་པ་དེར་གོ་བརྡ་འཕྲོད་ཐབས་མེད་པའི་དཀའ་ངལ་ཆེན་པོ་ཡོད་པ་འགྲེལ་བརྗོད་དང་སྦྲགས། བོད་མི་ནད་པ་ཚོར་རྒྱ་ཡིག་གི་གོ་བརྡ་འཕྲོ་དཀའ་ན་རྒྱ་ཡིག་གི་ལམ་ནས་སྐད་ཆ་བཤད་པའི་ཕན་ཐོགས་ཅི་ཞིག་ཡོད་དམ་ཞེས་གསུངས་ཏེ་དྲྭ་ལམ་གྱི་རྒྱང་བསྒྲགས་མཚམས་འཇོག་གནང་པ་ཡིན་ཞེས་གསུངས་འདུག

མདོར་ན་བོད་མི་རྣམས་ཚོར་བ་ཟབ་པོས་སྤྱི་ཚོགས་དྲྭ་རྒྱའི་ཐོག་ Douyin ཚོང་ལས་ཁང་དང་རྒྱལ་ཁབ་གཉིས་སུ་དབང་ཆེ་བ་ཡོད་མེད་དང་ཡང་ཁྲིམས་ལུགས་དང་ Douyin ཚོང་ལས་ཁང་གཉིས་སུ་དབང་ཆེ་བ་ཡོད་མེད། དེ་བཞིན་ Douyin ཚོང་ལས་ཁང་དང་སྲིད་གཞུང་གཉིས་སུ་དབང་ཆེ་བ་ཡོད་མེད་བཅས་ཀྱི་སྐོར་ལ་དྲི་བ་བཏང་སྟེ་རྒྱ་ནག་གི་རྩ་ཁྲིམས་ནང་དུ་གྲངས་ཉུང་མི་རིགས་རྣམས་ལ་རང་ཉིད་ཀྱི་སྐད་དང་ཡི་གེ་ཡར་རྒྱས་གོང་འཕེལ་གཏོང་བའི་རང་དབང་ཡོད་སྐོར་གསལ་བ་དེར་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་ཁྲིམས་ལུགས་ཀྱི་རྒྱབ་སྐྱོར་ཡོད་ནའང་། Douyin ཚོང་ལས་ཁང་གི་བོད་ཡིག་བཀག་སྡོམ་བྱེད་དགོས་དོན་སོགས་གང་ཡིན་མིན་ཐད་ས་གནས་སྲིད་གཞུང་དང་རྒྱལ་ཁབ་ངོས་ནས་བསམ་བློ་གཏོང་དགོས་པ་སོགས་ཀྱི་དྲི་བ་མང་དག་ཞིག་བཏང་ཡོད་པ་རེད།

Tenzin Dawa la
Photo: TCHRD Fb Page. Tenzin Dawa

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་སྐད་ཡིག་ནི་གང་ཟག་གཅིག་གི་རིག་གཞུང་གི་ངོ་བོ་གལ་ཆེན་ཞིག་ཡིན་པ་དང་བོད་མི་ཚོར་རང་གི་སྐད་ཡིག་སྤྱོད་དབང་མི་སྤྲོད་པ་དེས་བོད་མིའི་ངོ་བོ་རྒྱུན་འཛིན་བྱེད་པར་བཀག་འགོག་བྱས་པ་ཆགས་ཡོད་ཅེས་གསུངས་ཏེ་རྒྱ་ནག་གཞུང་གིས་ངེས་པར་དུ་ཆབ་སྲིད་དང་། སྤྱི་དམངས་ཐོབ་ཐང་། དཔལ་འབྱོར། སྤྱི་ཚོགས། རིག་གཞུང་གི་ཐོབ་ཐང་སྐོར་གྱི་རྒྱལ་སྤྱིའི་སྤྱི་ཆིངས་སོགས་ཀྱི་སྙིང་པོ་སྟེ་མི་ཐམས་ཅད་འདྲ་མཉམ་ཡིན་པ་དང་དབྱེ་འབྱེད་མི་རུང་བའི་རྩ་འཛིན་ལ་ངེས་པར་དུ་དམ་སྲུང་བྱས་ནས་བོད་མི་རྣམས་ལ་རང་གི་སྐད་ཡིག་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་ཐོབ་ཐང་སྤྲད་དགོས་ཞེས་ནན་བརྗོད་གནང་འདུག

དེའི་སྐོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་སུ་བཅར་འདྲི་ཞུས་པ་གོང་གི་སྒྲ་སྒམ་ནས་གསན་ཐུབ།

རྩ་བའི་ཕྱི་ལོ་ ༢༠༡༦ ལོར་འགོ་བཙུགས་པ་ནས་བཟུང་ Douyin ཐད་གཏོང་མ་ལག་ལ་སྤྱོད་མཁན་ས་ཡ་ ༧༠༠ ཙམ་བྱུང་ནས་རྒྱ་ནག་གི་ཁྲོམ་རའི་ནང་དུ་རྒྱུགས་ཆེ་ཤོས་ཀྱི་ཐད་གཏོང་མ་ལག་ཅིག་ཏུ་གྱུར་ཡོད་ཅིང་བོད་ནང་གི་བོད་མི་མང་པོས་རང་གི་ཚོང་ལས་དང་། སྤྱི་ཚོགས་ཞབས་ཞུ་སོགས་ལས་རིགས་སྣ་ཚོགས་ཀྱི་སྒང་ལ་ཐད་གཏོང་མ་ལག་དེ་ཉིད་བེད་སྤྱོད་གཏོང་བཞིན་པའི་ཁྲོད། ད་རེས་རྒྱ་ནག་གི་ Douyin མཉེན་ཆས་ནང་བོད་སྐད་བཀག་སྡོམ་བྱས་པ་དེ་ནི་ཐེངས་དང་པོ་ཙམ་མིན་པར་དེ་སྔོན་རྒྱ་ནག་གི་ཐད་གཏོང་མཉེན་ཆས་ Bilibili དང་སྐད་ཡིག་སྦྱོང་བྱེད་ཀྱི་མཉེན་ཆས་ Talkmate ཞེས་པ་གཉིས་ཀྱི་ནང་ནས་ཀྱང་བོད་ཡིག་དང་ཡུ་གུར་ཁ་ཆེ་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བཀག་སྡོམ་བྱས་ཏེ་དམར་ཤོག་ཚོགས་པའི་རིག་གཞུང་བཙན་སྒྱུར་གྱི་ལས་དོན་ལ་ཕྱོགས་གང་ཐད་ནས་རོགས་འདེགས་བྱེད་ཡོད་པ་རེད

འབྲེལ་ཡོད་གསར་གནས།

གསར་གནས།