Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་འགོ་ཁྲིད་གཙོ་གྲས་གཉིས་བོད་ནང་བསྐྱོད་པ་ནི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་སེམས་འཚབ་རྐྱེན་པས་ཡིན་སྲིད་པ་བརྗོད་འདུག

Tibetan News Headlines

  • Tibet Initiative deputy director detained at Hong Kong airport for 13 hours, barred from entry
  • Tibetan activist A-Nya Sengdra granted family visits but continues to be detained in Chinese custody
  • Australian Tibet advocates wrap up 13th annual lobbying event, presenting four-point agenda to officials
  • Chinese government appears to plan large-scale dam construction on the Yarlung Tsangpo River
  • China’s ‘disappeared’ foreign minister demoted to low-level publishing job, say former U.S. officials

རེས་གཟའ་ཟླ་བ། ༢༠༢༤།༠༩།༠༩

  • འཇར་མ་ནི་བོད་དོན་རྒྱབ་སྐྱོར་བ་ཞིག་ལ་ཧོང་ཀོང་ནང་དུ་འཛུལ་ཞུགས་ཐད་བཀག་སྡོམ།
  • ཨ་ཉག་སེང་སྒྲ་ལགས་ནང་མི་དང་ཐུག་འཕྲད་བྱེད་དུ་བཅུག་ཀྱང་ད་དུང་མུ་མཐུད་བཙོན་ཁང་ནང་ལུས་ཡོད་པ།
  • དོན་ཚན་བཞི་ཅན་སྒོ་ནས་ཨོསྟྲེ་ལི་ཡཱར་བོད་དོན་ཞུ་གཏུག་གི་ཉིན་མོ་ཐེངས་ ༡༣ པ་མཇུག་སྒྲིལ།
  • རྒྱ་གཞུང་གིས་ཡར་ཀླུང་གཙང་པོའི་སྟེང་ཆུ་མཛོད་ཆེ་གྲས་བརྒྱག་འཆར་ཡོད་པ་མངོན་གསལ།
  • གར་སོང་ཆ་མེད་དུ་གྱུར་བའི་ཇིན་ཀང་དཔེ་སྐྲུན་ཁང་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད་པ་བརྗོད་འདུག

ཉེ་སྔོན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཡུལ་དེའི་སྲིད་གྲོས་ཚོགས་པའི་ཚོགས་གཙོ་ Wang Huning ཝང་ཧུ་ནིང་གཉིས་བོད་མདོ་སྟོད་སྨད་ཀྱི་ས་ཁུལ་ཁག་གཅིག་དུ་གཞུང་འབྲེལ་སྐོར་བསྐྱོད་བྱས་པ་དང་འབྲེལ། བོད་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་ཐད་དོ་ནན་པོའི་གཏམ་བཤད་བྱས་པ་ནི་༸གོང་ས་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གི་དཔོན་རིགས་ཁྲོད་སེམས་འཚབ་ཆེན་པོ་ཡོད་སྲིད་པ་བརྗོད་འདུག

པར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

འདི་ལོའི་ཕྱི་ཟླ་ ༦ དང་ ༧ པའི་འགོ་སྟོད་དུ་ཞི་ཅིན་ཕིང་དང་། Wang Huning ཝང་ཧུ་ནིང་གཉིས་རྒྱ་ནག་གི་བཅད་བགོས་བྱས་པའི་མཚོ་སྔོན་ཞིང་ཆེན་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། དེ་བཞིན་ཟི་ཁྲོན་ཞིང་ཆེན་ནང་ཚུད་པའི་མདོ་སྨད་རྔ་བ་ནང་སོ་སོར་ཆེད་བསྐྱོད་ཀྱིས་བོད་མི་ཚོ་རང་ཉིད་རྒྱ་མི་ཡིན་པར་ངོས་འཛིན་བྱེད་དགོས་པ་དང་། བོད་མི་ནང་པ་ཚོའི་ངོས་ནས་རྒྱ་དམར་གཞུང་ལ་རྒྱལ་ཞེན་དགོས་པ། དེ་བཞིན་ཆོས་ཕྱོགས་ཀྱི་ཉམས་ལེན་དང་རྒྱ་ནག་དམར་ཤོག་ཚོགས་པའི་ཁྱད་ཆོས་རིན་ཐང་གཉིས་ཟུང་སྦྲེལ་བྱ་དགོས་ལུགས་ཀྱི་བཀའ་རྒྱ་བཏང་ཡོད་པ་མ་ཟད། ཞིང་ཆེན་ཁག་གི་འགོ་ཁྲིད་རྣམས་དང་ལྷན་དུ་བོད་བརྒྱུད་ནང་བསྟན་ལ་སྟངས་འཛིན་བྱེད་ཐབས་སོགས་ཀྱི་སྐོར་ལ་གྲོས་བསྡུར་དང་། མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭའི་ནང་དུའང་བསྐྱོད་ཡོད་པ་རེད།

ཁ་སང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དཔྱད་གཏམ་ཞིག་སྤེལ་བའི་ནང་། རྩ་བའི་རྒྱ་གཞུང་ནས་་བོད་བརྒྱུད་ནང་བསྟན་འདི་ཉིད་ཀྲུང་གོ་ཅན་དུ་བསྒྱུར་ཐབས་སླད་དུ་སྲིད་བྱུས་ལག་བསྟར་དེ་སྔ་ནས་བྱེད་བཞིན་ཡོད་ཀྱང་། འདི་ལྟ་བུའི་སྐོར་བསྐྱོད་ཀྱི་དུས་ཚིགས་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ལ་རྒྱ་གཞུང་འགོ་ཁྲིད་ཚོས་ཐེ་བྱུས་བྱེད་དབང་ལ་སེམས་ཁྲལ་བྱེད་ཀྱི་ཡོད་པ་ཞིག་མཚོན་གྱི་ཡོད་སྐོར་གསུངས་བ་མ་ཟད། ཟླ་སྔོན་མའི་ཕྱི་ཚེས་ ༢༧ ཉིན་བོད་ནང་མང་གཙོའི་བཅོས་བསྒྱུར་ཟེར་བ་འགོ་བཙུགས་ཏེ་ལོ་ངོ་ ༦༥ འཁོར་བའི་དུས་སྐབས་དང་བསྟུན། All-China Journalists Association on Tibet ཞེས་བོད་ཐོག་གི་རྒྱ་ནག་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ནས་འདུ་འཛོམས་ཞིག་གོ་སྒྲིག་བྱས་པའི་ཐོག པེ་ཅིང་ནང་དུ་རྟེན་གཞི་བྱས་པའི་ China Tibetology Research Center རྒྱ་ནག་གི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གི་ལས་བྱེད་ཁག་གཅིག་མཉམ་ཞུགས་ཀྱིས་སྐུའི་ཡང་སྲིད་ཀྱི་གནད་དོན་སྐོར་དྲི་བ་དྲི་ལན་བྱས་པའི་གནད་དོན་མངོན་གསལ་གནང་འདུག

པར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

སྐབས་དེར་གསར་འགོད་པ་ཞིག་གིས་དེ་སྔོན་༸གོང་ས་མཆོག་དགུང་ལོ་ ༩༠ ཡས་མས་ཕེབས་སྐབས་༸སྐུའི་ཡང་སྲིད་ཐད་གསལ་བསྒྲགས་མཛད་རྒྱུ་ཡིན་ཞེས་བཀའ་སྩལ་མཛད་པའི་གནད་དོན་དང་འབྲེལ་ནས། རྒྱ་གཞུང་གི་སྲིད་བྱུས་དང་བསམ་བློ་འཁྱེར་སོ་གང་ཡོད་མེད་དྲི་བ་དྲིས་སྐབས། རྒྱ་ནག་གི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གི་གཙོ་འཛིན་གཞོན་པ་ Lhajam Gyal ལྷ་འཇམ་གིས་རྒྱ་དམར་གཞུང་ནས་ཕྱི་ལོ་ ༢༠༠༧ ལོར་གཏན་འབེབས་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་སྐོར་གྱི་དོ་དམ་བྱ་ཐབས་ཟེར་བའི་ཁྲིམས་ཡིག་ལུང་འདྲེན་བྱས་ཏེ། ཏཱ་ལའི་བླ་མ་ད་ལྟའི་ཆར་རྒྱ་ནག་གི་ཕྱི་ལ་ཡོད་ཀྱང་། ཡང་སྲིད་ངོས་འཛིན་ལམ་ལུགས་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆ་ཤས་ཤིག་ཡིན་པ་མ་ཟད། རྒྱ་གཞུང་གི་དབང་ཚད་ཁྱབ་ཁོངས་སུ་ཡོད་ལུགས་བཤད་ཡོད་པ་རེད།

པར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་དཔྱད་གཏམ་ནང་གསལ་ལྟར་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་སྲིད་གྲོས་ཚོགས་པའི་ཚོགས་གཙོ་ Wang Huning ཝང་ཧུ་ནིང་གཉིས་ཀྱིས་ཐེངས་འདིའི་བོད་ཀྱི་མདོ་སྟོད་སྨད་གཉིས་ཀྱི་སྐོར་བསྐྱོད་ཁྲོད་ཞིང་ཆེན་སོ་སོའི་འགོ་ཁྲིད་དང་ཐུགས་འཕྲད་དང་། བོད་བརྒྱུད་ནང་བསྟན་ལ་སྟངས་འཛིན་དོ་དམ་ཐད་གྲོས་བསྡུར་བྱས་ཡོད་སྲིད་པ་མ་ཟད། སྤྱིར་རྒྱ་ནག་ངོས་ནས་འདས་པའི་ལོ་ཤས་ནས་བོད་ཀྱི་བླ་སྤྲུལ་རྣམ་པ་གཙོས་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་རྣམས་རྒྱ་ནག་གི་ཕྱོགས་སུ་བློ་འགུག་ཐབས་ཀྱི་འབད་བརྩོན་བྱས་དང་བྱེད་མུས་ཡིན་ཞིང་། དེའི་ཆ་ཤས་ཁྲོད་འདི་ལོའི་ཕྱི་ཟླ་ ༥ པའི་ནང་བོད་བརྒྱུད་ནང་བསྟན་རྗེས་འབྲང་པ་ན་གཞོན་ཁག་གཅིག་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་འཚམས་གཟིགས་སླད་འཁྲིད་པ་རེད། ལྷག་པར་རྒྱ་ནག་གི་འགོ་འཁྲིད་གཉིས་ཀྱི་བོད་ནང་གི་སྐོར་བསྐྱོད་སྔ་རྗེས་སུ་ཕྱི་ཟླ་ ༧ པའི་ནང་འཚམས་གཟིགས་དེའི་ཁོངས་སུ་ཡོད་པའི་བོད་པའི་བླ་སྤྲུལ་ཁག་གཅིག་གི་མིང་ཐོག་ནས་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཐོག་རྒྱ་ནག་དམར་ཤོག་ཚོགས་པར་རྒྱབ་སྐྱོར་དང་བཀྲིན་བསམ་ཤེས་བྱེད་མཁན་གྱི་དུས་རབས་གསར་པའི་དགེ་འདུན་ཚད་ལྡན་བྱ་རྒྱུ་སོགས་ཀྱི་དཔྱད་རྩོམ་རིམ་པ་འདོན་སྤེལ་བྱས་ཡོད་པ་ལུང་འདྲེན་བྱས་འདུག

པར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

ཐེངས་འདིའི་བོད་ནང་གི་ལྟ་སྐོར་ཁྲོད་ཞི་ཅིན་ཕིང་གིས་ཟླ་བ་སྔོན་མའི་ཚེས་ ༡༨ ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་འབྲོག་པའི་ས་ཁུལ་གྱི་སློབ་ཕྲུག་ཆེད་དུ་གསར་རྒྱག་བྱས་པའི་བཅའ་སྡོད་སློབ་གྲྭར་སྐོར་བསྐྱོད་བྱས་ཏེ། གནས་སྟངས་ཡག་པོ་ཡོད་ལུགས་ཀྱི་ཕྱིའི་རྣམ་པ་བཏོན་ཡོད་པ་མ་ཟད། ཟླ་བ་འདིའི་ཕྱི་ཚེས་ ༣ ཉིན་རྒྱ་ནག་སྲིད་གྲོས་ཚོགས་པའི་ཚོགས་གཙོ་ Wang Huning ཝང་ཧུ་ནིང་བོད་མདོ་སྨད་རྔ་བ་ཁུལ་དུ་རྟེན་གཞི་བྱས་པའི་མེ་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭར་བསྐྱོད་ཡོད་པ་རེད་འདུག

མ་ཟད་འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས་སུ་གནད་དོན་དེའི་སྐོར་བཀའ་འདྲི་ཞུས་སྐབས། ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཟླ་བ་སྔོན་མའི་ཕྱི་ཚེས་ ༡༨ ཉིན་མཚོ་སྔོན་ཁུལ་དུ་སྐོར་བསྐྱོད་བྱས་པའི་དུས་ཚིགས་དེ་ནི་ཉེ་སྔོན་ཨ་རིའི་གྲོས་ཚོགས་ནང་གཏན་འབེབས་བྱས་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དང་། དེ་འབྲེལ་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཆེད་ཕེབས་གནང་ཡོད་སྟབས། བོད་ནང་སྐོར་བསྐྱོད་བྱེད་རྒྱུ་དེ་ཆབ་སྲིད་དྲིལ་བསྒྲགས་ཀྱི་ཆ་ནས་རྒྱ་ནག་ལ་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། སྐོར་བསྐྱོད་འགྲོ་ས་དེ་བོད་ཀྱི་དགོན་སྡེ་ཁག་དང་གཏན་འཇགས་བཅའ་སྡོད་སློབ་གྲྭ་ཆགས་ཀྱི་ཡོད་པར་བརྟེན། བོད་བརྒྱུད་ནང་བསྟན་དང་། གཏན་འཇགས་སློབ་གྲྭའི་ནང་བོད་ཀྱི་མ་འོངས་བྱིས་པ་རྣམས་རྒྱ་བསྒྱུར་བྱེད་ཐབས་ཀྱི་སྲིད་བྱུས་གལ་ཆེ་ཤོས་གཉིས་ཆགས་ཀྱི་ཡོད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྐྱོན་བརྗོད་ལ་ངོ་རྒོལ་ཡོད་པ་དང་། སྲིད་བྱུས་དེར་རྒྱ་ནག་གིས་བློ་རྩ་བརྟན་པོ་ཡོད་པའི་རྣམ་འགྱུར་བཏོན་གྱི་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་གཞུང་གིས་བོད་ནང་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་བཅའ་སྡོད་སློབ་གྲྭའི་ནང་བོད་ཕྲུག་བྱིས་པ་རྣམས་རང་ཁྱིམ་དང་བོད་ཀྱི་རིག་གཞུང་ནས་ཁ་བྲལ་གཏོང་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པར་བོད་མིའི་སྒྲིག་འཛུགས་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ནས་སྐྱོན་བརྗོད་ཤུགས་ཆེར་གནང་བཞིན་པའི་ཁྲོད་འདིར་རྒྱ་ནག་གི་འགོ་ཁྲིད་དེ་དག་གཏན་འཇགས་སློབ་བཅའ་སྡོད་སློབ་གྲྭའི་ནང་བསྐྱོད་པ་དེ་ནི་གནས་འགག་ཞིག་ལ་འགྲེལ་བརྗོད་དང་འབྲེལ། དཔོན་རིགས་དེ་དག་གི་བཅའ་སྡོད་སློབ་གྲྭའི་ནང་གི་ལྟ་སྐོར་ཁྲོད་སློབ་གྲྭའི་ཕྱི་ནང་གཉིས་ཀའི་གནས་སྟངས་བཟང་བའི་རྣམ་པ་བཏོན་ཐབས་བྱས་ཀྱང་། སློབ་མ་ཚོས་བོད་ཀྱི་སྐད་ཡིག་དང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སློབ་གཉེར་བྱེད་ཐུབ་མིན་གྱི་གནད་དོན་རིགས་རྩ་བ་ནས་བཏོན་མེད་པ་མ་ཟད། དེ་ལས་ལྡོག་སྟེ་སློབ་མ་ཞིག་གིས་ཁོ་པའི་རྒྱ་སྐད་དང་རྒྱ་ཡིག་ཡར་རྒྱས་ཕྱིན་པའི་རྣམ་པ་གསལ་འདོན་བྱས་པ་མངོན་གསལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།