Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་འཕགས་བོད་ས་མཚམས་སུ་གྲོང་ཚོ་གསར་རྒྱག་གི་ལས་གཞི་ལ་ཡིད་གཟབ་ཀྱི་འབོད་སྐུལ།

Tibetan News Headlines

  • སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་སྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་བ།
  • རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པའི་ལས་གཞིར་དཔྱད་ཞིབ།

Saturday 20/04/2024

  • Dalai Lama Calls for greater Compassion, Deems Kindness the Best Religious Practice
  • Thread of beads: Analysis of China’s renaming of places in Arunachal

དེ་རིང་། རྒྱ་གར་གྱི་ The daily Guardian ཞེས་པའི་གསར་ཁང་དུ་བོད་དོན་ཆེད་མཁས་བ་དང་རྩོམ་པ་པོ། སྐུ་ཞབས་Claude Arpi ལགས་ཀྱིས་དཔྱད་རྩོམ་ཞིག་སྤེལ་ཏེ།  རྒྱ་ནག་གིས་འཕགས་བོད་ས་མཚམས་སུ་རྒྱལ་ཁབ་སྲུང་སྐྱོབ་ཀྱི་གྲོང་ཚོ་གསར་རྒྱག་དང་ཡུལ་སྐོར་སྤྲོ་འཆམ་དང་འབྲེལ་བའི་འཛུགས་སྐྲུན་ལས་གཞི་རྒྱ་སྐྱེད་བྱེད་བཞིན་པ་དེར་རྒྱ་གར་གཞུང་གིས་ཡིད་གཟབ་དང་སྦྲགས། དེར་གདོང་ལེན་གྱིས་དགོས་ངེས་ལས་གཞི་སྤེལ་དགོས་པའི་འབོད་སྐུལ་ཞུས་འདུགཁོང་གི་དཔྱད་རྩོམ་དེའི་ནང་དུ། བོད་ལྗོངས་ལས་དོན་ཚོགས་འདུ་ཞེས་པ་དེ་ནི་རྒྱ་ནག་དབུས་དམར་ཤོག་སྲིད་གཞུང་གི་རྒྱུན་ལས་དང་དམག་སྤྱི་ཆེན་མོ། དེ་བཞིན་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་སོགས་ཀྱི་གནད་ཡོད་མི་སྣས་ལོ་ངོ་ལྔ་ཚན་དང་བཅུ་ཚན་རེ་ཡི་ནང་དུ་བསྡུ་སྐོང་བྱེད་བཞིན་པའི་རྒྱ་ནག་གི་བོད་དོན་གྱི་སྲིད་བྱུས་གྲོས་བསྡུར་གྱི་དམིགས་བསལ་གྱི་ཚོགས་འདུ་ཞིག་ཡིན་སྐོར་ངོ་སྤྲོད་ཀྱིས། སྔོན་ཆད་ཀྱི་ཐེངས་དྲུག་པའི་བོད་ལྗོངས་ལས་དོན་ཚོགས་འདུའི་སྐབས་སུ། རྒྱ་ནག་གི་སྲིད་འཛན་ཞི་ཅིན་ཕིང་གིས་བོད་མཐོ་སྒང་དེ་ཡུལ་སྐོར་སྤྲོ་འཆམ་གྱི་སྤྱི་གླིང་ཞིག་ཏུ་བསྒྱུར་རྒྱུའི་བླངས་བྱ་བཏོན་ཡོད་པ་ལྟར། སྔར་ལོའི་ནང་དུ། བོད་མཐོ་སྒང་དུ་རྒྱ་ནག་གིས་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་བཞི་བཅུ་ལྷག་ནང་འདྲེན་བྱས་ཡོད་པར་མངོན་གསལ་གནང་འདུག

དེ་བཞིན་ཁོང་གིས། བོད་ལྗོངས་ལས་དོན་ཚོགས་འདུ་ཐེངས་དྲུག་པའི་ཐད་ནས་རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་གང་ཡང་ཐོན་མེད་ནའང་། འདི་ལོའི་རྒྱ་དཀར་ནག་གི་ས་མཚམས་ཀྱི་རྙོག་གླེང་གི་ཚ་རླབས་འཕྱུར་བཞིན་པའི་དུས་སྐབས་འདིར། ཕྱི་ཟླ་ ༨ པའི་ཚེས་ ༢༨ དང་ ༢༩ བཅས་སུ་ཚོགས་པའི་ཚོགས་འདུ་ཐེངས་བདུན་པ་དེར་རྒྱ་གར་གྱི་གསར་ལམ་ཁག་ཏུ་གླེང་སློང་རྒྱ་ཆེར་བྱུང་ཡོད་པ་དང་། ཐེངས་འདིའི་རྒྱ་ནག་གི་ལས་དོན་ཚོགས་འདུ་དེ་ནི་རྒྱ་ནག་གི་བརྗོད་ལུགས་ལྟར་ན་བོད་བཅིངས་གྲོལ་བཏང་ནས་མི་ལོ་བདུན་ཅུ་འཁོར་བ་དང་། བོད་རང་ལྗོངས་གསར་འཛུགས་བྱས་ནས་མི་ལོ་ང་ལྔ་འཁོར་བའི་དུས་དྲན་དང་འཁེལ་ཡོད་ནའང་། དོན་དུ་རྒྱ་ནག་གིས་བརྗོད་བཞིན་པ་ལས་ལྡོག་སྟེ། བོད་དེ་ནམ་ཡང་རང་སྐྱོང་གི་གནས་བབ་ཅིག་ལ་བསྒྱུར་མེད་པར་གསུངས་འདུགཁོང་གིས་རྒྱ་གར་ལ་མཚོན་ན། ཞི་ཅིན་ཕིང་གི་མཐའ་མཚམས་དང་འབྲེལ་བའི་གཞུང་ལུགས་ཀྱི་ལྟ་གྲུབ་དེ་ཤེས་རྒྱུ་གལ་ཆེན་པོ་ཡིན་པར་དྲན་སྐུལ་གྱིས། ཞི་ཅིན་ཕིང་གི་གཞི་རྩའི་མཐའ་མཚམས་ཀྱི་གཞུང་ལུགས་དེ་ནི། མཐའ་མཚམས་འཛིན་སྐྱོང་བྱེད་རྒྱུ་དེ་ནི་རྒྱལ་ཁབ་འཛིན་སྐྱོང་བྱེད་རྒྱུ་དང་བོད་ནང་བརྟན་བརླིང་བསྐྲུན་རྒྱུའི་དམིགས་འབེན་ཡིན་པ་ལྟར། རྒྱ་ནག་གིས་མཐའ་མཚམས་ཁག་ལ་དབང་བསྒྱུར་གྱིས་དམག་འཐབ་དཔུང་འཇུག་བྱེད་རྒྱུ་མ་ཟད། ལས་དོན་ཚོགས་འདུ་ཐེངས་དྲུག་པའི་ཁྲོད། སྤྱི་ཡོངས་ཀྱིས་འཚོ་བའི་ངལ་སེལ་གྱི་རོིགས་སྐྱོར་གྱི་ལས་གཞི་རྒྱ་བསྐྱེད་དང་། སྒོས་སུ་འཕགས་བོད་ས་མཚམས་ཁག་ཏུ་དཔལ་འབྱོར་གྱི་མཐུན་རྐྱེན་བཟང་བའི་གྲོང་ཚོ་གསར་རྒྱག་གི་ཐག་གཅོད་བྱས་ཡོད་ལུགས་ཕྱིར་བསྒྲགས་གནང་འདུག

གཞན་ཡང་། རྒྱ་ནག་གིས་ཕྱིར་བསྒྲགས་མ་བྱས་ཀྱང་གསལ་བོར་ཤེས་རྟོག་བྱེད་སླ་བ་ཞིག་ནི། མཐའ་མཚམས་ཀྱི་གྲོང་ཚོ་ཁག་ལ་སྐུད་མེད་དྲ་བ་སོགས་ཀྱི་མཐུན་སྦྱོར་ཤུགས་ཆེར་བྱས་ཏེ་གང་སར་བརྙན་མིག་བཙུགས་ནས་ས་མཚམས་ཁག་ཏུ་དབང་བསྒྱུར་བྱེད་སླ་བར་བཟོས་ཏེ།  ག་ལེར་རྒྱ་ནག་གིས་མཐའ་མཚམས་ཁག་གང་སར་ཆེད་དུ་གྲོང་ཚོ་འཛུགས་སྐྲུན་གྱི་ལས་གཞི་གཉེར་བཞིན་པ་ནི་རང་ཉིད་ཀྱི་མཐའ་མཚམས་སྲུང་སྐྱོབ་ཀྱི་ཐབས་བྱུས་གནད་འགག་ཅན་ཞིག་་ཡིན་པར་བརྟེན། རང་བཞིན་གྱིས་རྒྱ་གར་གྱི་བདེ་སྲུང་ལ་ཉེན་ཚབ་ཆེན་པོ་ཞིག་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་འདུགདེ་བཞིན་འདི་ལོའི་ཟླ་བ་བཅུ་བའི་འགོ་སྟོད་དུ། རྒྱ་ནག་གིས་ས་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་གི་དྲུང་ཆེ། ཝུ་ཡིན་ཅེ་ཟེར་བས་བོད་ཁུལ་དུ་མི་མང་སྟོང་ཕྲག་མང་པོ་དབུལ་ཐར་བཏང་ཡོད་ལུགས་དང་། དེ་བཞིན་མཐའ་མཚམས་གྲོང་ཚོ་ ༩༦༥ གསར་རྒྱག་བྱས་ཏེ་ཡུལ་མི་ ༢༦༦༠༠༠ ལྷག་གནས་སྤོར་བྱས་ཡོད་ལུགས་ཕྱིར་བསྒྲགས་བྱས་ཡོད་པ་དང་། དེ་དག་ལས་གྲོང་ཚོ་༢༠༠ ལྷག་འཕགས་བོད་ས་མཚམས་སུ་གནས་སྤོར་བྱས་ཡོད་པར་ངོས་འཛིན་བྱེད་བཞིན་པ་དེ་ནི་ཧང་སང་དགོས་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག

སྐུ་ཞབས་ Claude Arpi ལགས་ཀྱིས་རྒྱ་ནག་གིས་གྲོང་ཚོ་གནས་སྤོར་གྱི་ལས་གཞི་དེ་ནི་མི་མང་གི་འདོད་མོས་ལ་གཞི་བཞག་པ་ཞིག་ཡིན་པར་ཕྱིར་བསྒྲགས་བྱས་པ་དེ་ནི་ཡིད་ཆེས་དང་བྲལ་བའི་རྫུན་གཏམ་ཁོ་ན་ཞིག་ཡིན་པར་གསུང་བ་མ་ཟད། འབྲོག་ཁྱིམ་གནས་སྤོར་གྱི་ལས་གཞི་དེ་ནི་མཐོ་སྒང་དུ་འཚོ་རླུང་ཉུང་བའི་རྐྱེན་གྱིས་ཡིན་པར་ཁ་གཡར་བྱས་ཡོད་པར་འགྲེལ་བརྗོད་ཀྱིས། དོན་དུ་དེ་ནི་རྒྱ་ནག་གི་མི་སེར་བོད་ཁུལ་དུ་ནང་འདྲེན་བྱེད་ཐབས་དང་། དེ་བཞིན་བོད་མི་རྣམས་དབང་བསྒྱུར་བྱེད་རྒྱུར་སྟབས་ཇེ་བདེར་བཏང་བ་ཞིག་ཡིན་པར་མངོན་གསལ་གནང་བ་མ་ཟད། རྒྱ་ནག་གིས་བྱེད་ཐབས་སྣ་མང་གི་ཁྲོད་དུ། བོད་མི་མང་པོ་མི་རིགས་བསྲེས་སྦྱོར་གྱི་ལས་གཞིའི་འོག་རྒྱ་ནག་གི་གྲོང་ཚོ་ཁག་ལ་གནས་སྤོར་བྱས་ཡོད་ལུགས་ཀྱི་སྡོམ་རྒྱབ་འདུག

དེ་བཞིན་ཁོང་གིས། རྒྱ་ནག་སྲིད་གཞུང་གིས། ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ཨ་རི་ན་ཅལ་དང་ས་འབྲེལ་ཡོད་པའི་བོད་ཁུལ་དང་ལྷུན་རྩེ་རྫོང་སོགས་ཀྱི་འབྲོག་པའི་ཕྱུག་རྫི་རྣམས་ལ་སྲིད་གཞུང་གི་མིང་ཐོག་ནས་འཕྲིན་ཡིག་སྐུར་ཏེ། ས་ཁུལ་དེ་དག་ཏུ་འབྲོག་པ་མང་ཚོགས་ཀྱིས་རང་ས་སྲུང་སྐྱོབ་བྱེད་མ་ཐུབ་ཚེ།  བོད་ཁུལ་གྱི་འབྲོག་ཁྱིམ་ས་ཡ་མང་པོ་ཉེན་ཁའི་གནས་སུ་ལྷུང་སྲིད་པར་བརྗོད་དེ། མཐའ་མཚམས་ཁག་གི་འབྲོག་པ་རྣམས་ཀྱིས་རྒྱལ་ཁབ་ལ་བློ་སེམས་དཀར་བོའི་ངང་ནས་རང་ས་སྲུང་སྐྱོབ་བྱེད་བཞིན་པར་བསྔགས་བརྗོད་གནང་ཡོད་པ་སོགས་ཀྱང་རྒྱ་ནག་གི་གཞུང་འབྲེལ་གྱི་གསར་ལམ་ཁག་ཏུ་ཐོན་ཡོད་སྐོར་ངོ་སྤྲོད་ཀྱིས།  རྒྱ་གར་གྱིས་རྒྱ་ནག་གི་མཐའ་མཚམས་འཛུགས་སྐྲུན་གྱི་ལས་གཞི་འདིར་ཤེས་རྟོག་གིས་དུས་ལ་བབ་པའི་གདོང་ལེན་གནང་རྒྱུ་གལ་ཆེན་པོ་ཡིན་པར་ངོ་སྤྲོད་གནང་འདུག

རྩ་བའི་རྒྱ་ནག་གིས་བོད་ཁུལ་གྱི་མཐའ་མཚམས་ཁག་ཏུ་གྲོང་ཚོ་གསར་རྒྱག་གིས་བོད་མི་གནས་སྤོར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་གནས་ཚུལ་རིམ་པ་ཐོན་ཡོད་པ་དང་། ཉེ་སྔོན་ཨ་རིའི་རྒྱལ་ས་ Washington DC ནང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། རྒྱ་ནག་གཞུང་གིས་འདི་ལོ་བོད་ཀྱི་ས་མཚམས་ས་ཁུལ་དུ་རྒྱལ་ཁབ་སྲུང་སྐྱོབ་ཀྱི་གྲོང་ཚོ་འཛུགས་བསྐྲུན་ཞེས་པའི་ལས་གཞི་དེ་ཤུགས་ཆེ་རུ་བཏང་བའི་འོག   གྲོང་འཚོ་དེ་དག་གི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་པ་ཆེད་འཛུགས་ཀྱིས་༸གོང་ས་མཆོག་ལ་དད་གུས་བྱེད་མཁན་བོད་མི་ཚོ་གཙོ་བྱས་པའི་ཕྱིའི་སྟོབས་ཤུགས་སིམ་འཛུལ་གྱི་རིགས་ལ་འགོག་རྒོལ་གྱི་ལས་གཞི་སྤེལ་བཞིན་པ་དང། དེའི་ཁྲོད་བོད་ཀྱི་མཐའ་མཚམས་ས་ཁུལ་ཁག་གི་གྲྭ་བཙུན་རྣམས་ལ་༸གོང་ས་མཆོག་གི་ཤུགས་རྐྱེན་ལ་འགོག་རྒོལ་བྱེད་ཕྱོགས་ཀྱི་དམིགས་བསལ་སྦྱོང་བརྡར་སྤྲོད་བཞིན་ཡོད་སྐོར་གནས་ཚུལ་འཁོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།