Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་ཀློག་དེབ་གསར་པའི་ནང་ནུབ་ཕྱོགས་ཀྱི་རིག་གནས་ལ་སྐྱོན་བརྗོད་བྱས་པ།

Tibetan News Headlines

  • Tibet and Himalayas: In conversation with two PhD students

རེས་གཟའ་ཉི་མ། ༢༠༢༤།༠༩།༡༥

  • བོད་དང་ཧི་མཱ་ལ་ཡ། འབུམ་རམས་པའི་སློབ་མ་གཉིས་དང་གླེང་མོལ།

རྒྱ་ནག་གཞུང་གིས་རྒྱ་རིགས་གཞོན་སྐྱེས་ཁྲོད་ལྟ་གྲུབ་ལ་སྔར་ལྷག་སྟངས་འཛིན་དང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་བློ་གོང་འཕེལ་སླད། དེ་གའི་མཐོ་སློབ་ཁག་ཏུ་ཀློག་དེབ་གསར་པ་ཞིག་འདོན་སྤེལ་བྱས་པའི་ནང་དུ་སྲིད་འཛིན་ཞི་ཅིན་ཕིང་གི་གཏམ་བཤད་ཁག་བཀོད་ཡོད་པ་མ་ཟད། Rock ‘n’ Roll དང་ Pop Music སོགས་ཀྱི་རོལ་དབྱངས་དང་དྲ་རྒྱ་བཅས་ནི་གཞོན་སྐྱེས་ཁྲོད་གཞུང་ལ་གྱེན་ལོག་དང་གཞུང་མགོ་རྟིང་སློག་རྒྱུའི་བསམ་བློ་བསྐྲུན་རྒྱུའི་ནུབ་ཕྱོགས་ཀྱི་ངན་རླབས་ཡིན་པ་བཀོད་ཡོད་འདུག

Western ‘colour revolution’ traps: Chinese textbook

དེ་ཡང་ཁ་སང་ལྷོ་རྒྱ་ནག་སྔ་དྲོའི་འཆར་འཕྲིན་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གིས་མཐོ་སློབ་ཁག་གི་ནང་དུ་འདི་ལོའི་ཕྱི་ཟླ་ ༩ པ་ནས་འགོ་བཙུགས་ཏེ་ National Security Education Readier for College Students ཞེས་རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོའི་ཀློག་དེབ་ཞེས་པ་ཞིག་འདོན་སྤེལ་གྱིས་སློབ་ཁྲིད་གསར་དུ་འགོ་འཛུགས་རྒྱུ་ཡིན་པ་དང་། རྒྱ་ནག་མི་མང་ཉིན་རེའི་གསར་ཤོག་གིས་གནས་ཚུལ་སྤེལ་བའི་ནང་ ཀློག་དེབ་དེ་ཉིད་མཐོ་སློབ་ཁག་གི་ནང་དུ་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་གཞི་རྩའི་སློབ་ཁྲིད་ཞིག་ཆགས་རྒྱུ་ཡིན་པ་རེད་འདུག

ཀློག་དེབ་དེའི་ནང་དུ་ཞི་ཅིན་ཕིང་གིས་དགོངས་པ་ཞེས་པའི་སྲིད་འཛིན་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སྐོར་དང་། རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་གཏོང་རྒྱུ་དང་དབུལ་ཕོངས་མེད་པ་བཟོ་རྒྱུ་སོགས་རྒྱལ་ཁབ་ཀྱི་དམིགས་ཡུལ་སྐོར། དེ་བཞིན་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་འཚོ་བའི་གནས་སྟངས་ཡར་རྒྱས་གཏང་རྒྱུ་སོགས་དེ་སྔ་ཕྱི་ལོ་ ༢༠༡༨ ལོ་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གཏན་འབེབས་བྱས་པའི་དོན་ཚན་ ༡༤ འཁོད་ཡོད་པ་རེད་འདུག

Western ‘colour revolution’ traps: Chinese textbook

མ་ཟད་ཀློག་དེབ་དེའི་ནང་དུ་མཐོ་སློབ་གཉེར་མཁན་གཞོན་སྐྱེས་རྣམས་ནས་ནུབ་ཕྱོགས་ཀྱི་དར་ཁྱབ་ཆེ་བའི་རིག་གནས་ལ་ངེས་པར་དུ་དོགས་ཟོན་བྱེད་དགོས་པ་དང་། ལྷག་པར་དུ་དྲྭ་རྒྱ་སྤྱོད་པའི་སྐབས་སུ་ Colour Revolution ཞེས་ནུབ་ཕྱོགས་སྟོབས་ཤུགས་ཀྱི་ངན་སྐུལ་བྱས་པའི་སྲིད་དབང་མགོ་རྟིང་སློག་ཐབས་ཀྱི་གསང་བརྡ་ལྟ་བུར་ངོས་འཛིན་བྱས་པའི་ཚོན་ལྡན་གསར་བརྗེ་ཡི་གཡོ་སྒྱུའི་འོག་ཚུད་རྒྱུ་མེད་པ་བརྗོད་པ་མ་ཟད།  དྲྭ་རྒྱ་ནི་ནུབ་ཕྱོགས་ངན་སྐུལ་འབྲེལ་ལམ་གྱི་བརྒྱུད་ལམ་གཙོ་བོ་ཞིག་ཡིན་པ་དང་། ནུབ་ཕྱོགས་ཀྱི་དར་ཁྱབ་ཆེ་བའི་ Pop དང་ Rock Music ཀྱི་རིག་གནས་དེ་དག་གི་ཐོག་ནས་ཚོན་ལྡན་གསར་བརྗེ་ཁྱབ་སྤེལ་བྱེད་ཀྱི་ཡོད་པའི་ཉེན་བརྡ་བཏང་འདུག

དེ་བཞིན་ཀློག་དེབ་དེའི་ནང་དུ་ཕྱི་ལོ་ ༢༠༡༠ ལོའི་ Tunisia ནང་གི་ Jasmine གསར་བརྗེ་ལས་འགུལ་དང་ Arab Spring ལས་འགུལ་སོགས་ཚོན་ལྡན་གསར་བརྗེ་ཁག་དཔེ་མཚོན་དུ་བཞག་སྟེ་ལས་འགུལ་དེ་དག་གི་རྒྱལ་ཁབ་ནང་ཟིང་འཁྲུག་སློང་པ་དང་གཞུང་མགོ་རྟིང་སློག་པ་སོགས་འཁོད་ཡོད་འདུག

Western ‘colour revolution’ traps: Chinese textbook

ཉེ་ཆར་རེས་གཟའ་པ་སངས་ཏེ་ཟླ་བ་འདིའི་ཚེས་ ༡ ཉིན་མཐོ་སློབ་ཀྱི་སློབ་ཚན་དང་ཀློག་དེབ་གསར་པ་དེ་དབུ་འབྱེད་དང་སྦྲགས། དགེ་རྒན་རྣམས་ལ་རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཚབས་སྐོར་སློབ་ཁྲིད་སྐབས་སུ་ཀློག་དེབ་དེ་བེད་སྤྱོད་གང་ཐུབ་གཏང་དགོས་པའི་སྐུལ་མ་སྤེལ་འདུག

རྩ་བའི་རྒྱ་ནག་གཞུང་གི་ངོས་ནས་བྱིས་པ་ལོ་ ༧ ཡན་ལ་ཞི་ཅིན་ཕིང་གི་བསམ་བློའི་སྐོར་སློབ་སྦྱོང་སྤྲོད་རྒྱུའི་འཆར་གཞི་དང་འབྲེལ། གཞི་རིམ་ནས་མཐོ་སློབ་ཀྱི་བར་དུ་ཀློག་དེབ་སློབ་ཁྲིད་འགོ་བཙུགས་པའི་ཁྲོད། གཞུང་གི་བཀོད་ཁྱབ་ཞིག་གི་ནང་དུ་སློབ་གྲྭའི་དགེ་རྒན་རྣམས་ནས་བྱིས་པའི་ཁྲོད་དམར་ཤོག་ཚོགས་པ་དང་རྒྱལ་ཁབ། དེ་བཞིན་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་གྱི་ས་བོན་འཛུགས་དགོས་པའི་སྐུལ་མ་ཤུགས་ཆེ་སྤེལ་ཡོད་པ་རེད་འདུག

Western ‘colour revolution’ traps: Chinese textbook

ལྷོ་རྒྱ་ནག་སྔ་དྲོའི་འཆར་འཕྲིན་བརྒྱུད་ལམ་གྱི་གསུངས་པར་གཞིགས་ན། གཞོན་སྐྱེས་ཁྲོད་ཤུགས་རྐྱེན་ངན་པར་གདོང་ལེན་གྱི་སླད་དུ་ཡིན་ཟེར་བའི་སྲིད་བྱུས་དེར་ཡོངས་གྲགས་ཐོག་སྐྱོན་བརྗོད་བྱེད་ཐུབ་མཁན་མེད་པ་ཡིན་ནའང་། ཕྲུ་གུའི་ཕ་མའི་ཁྲོད་དུ་སློབ་ཕྲུག་ཚོར་བཙན་དབང་གི་སློབ་ཁྲིད་དེ་ལྟར་བྱས་བཅུག་པར་སེམས་འཚབ་སྟོན་མཁན་བྱུང་བཞིན་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།