Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གིས་འཕགས་བོད་མཐའ་མཚམས་དམག་ཁོངས་སུ་བོད་རིགས་གཞོན་སྐྱེས་འགྲེམས་འཇོག

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

རྒྱ་ནག་གཞུང་གིས་ཉེ་བའི་ལོ་ཤས་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ཀྱི་བོད་རིགས་གཞོན་སྐྱེས་མང་དག་ཅིག་བཙན་དབང་གིས་བཅིངས་གྲོལ་དམག་ཁོངས་སུ་བཅུག་ནས་སྦྱོང་བརྡར་དུ་མ་སྤྲད་ཡོད་པ་ལྟར་ད་ཆ་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་བྱང་ཤར་ཨ་རུ་ནཱ་ཅལ་བཅས་སུ་ཆགས་པའི་འཕགས་བོད་གཉིས་ཀྱི་ས་མཚམས་སུ་འགྲེམས་འཇོག་བྱས་འདུག

ཕྱི་ལོ་ ༢༠༢༠ ལོར་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་ཆེས་ཆེར་བྱུང་སྐབས་རྒྱ་གར་ཕྱོགས་ནས་བོད་མིའི་དངས་ཞབས་དམག་སྒར་གྱི་དམག་མི་བཏང་སྟེ་ཕན་ཐོགས་བྱུང་རྐྱེན་དང་རྒྱ་ནག་གི་དམག་མི་རྣམས་བོད་མཐོ་སྒང་གི་གྲང་ངར་བཅས་ལ་གདོང་ལེན་ཐུབ་ཀྱི་མེད་པ་བཅས་ཀྱི་དཀའ་ངལ་ཁྲོད་བོད་རིགས་གཞོན་སྐྱེས་མང་དག་ཅིིག་བཅིངས་འགྲོལ་དམག་ཁོངས་སུ་བཅུག་ཏེ་ཕྱོགས་གཅིག་ནས་དམག་སྦྱོང་དང་ཕྱོགས་གཞན་ཞིག་ནས་རྒྱ་སྐད་རྒྱ་ཡིག་སློབ་ཁྲིད་དང་མཉམ་དུ་ཧིཾདཱི་སྐད་ཡིག་སློབ་ཁྲིད་བྱས་དང་བྱེད་མུས་ཡིན་པ་རེད།

རྒྱ་གར་གྱི་ India Today བརྒྱུད་ལམ་གྱིས་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གཞུང་གིས་ད་ཆ་བོད་རིགས་གཞོན་སྐྱེས་དེ་དག་མཐའ་མཚམས་དམག་ཁོངས་སུ་བཅུག་ནས་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་བྱང་ཤར་ཁུལ་གྱི་ཨ་རུ་ནཱ་ཅལ་བཅས་སུ་ཆགས་པའི་འཕགས་བོད་ས་མཚམས་ས་ཁུལ་དུ་འགྲེམས་འཇོག་བྱས་པ་དང་། སྤྱིར་རྒྱ་ནག་གི་མཐའ་མཚམས་དམག་ནང་ད་ལྟའང་རྒྱ་རིགས་ཆེས་མང་བ་ཡོད་ཀྱང་། བོད་པའི་དམག་མི་རྣམས་གྲང་ངར་ཆེ་བའི་བོད་མཐོ་སྒང་གི་ས་བབ་ལ་བསྟུན་འགྱུར་བྱ་རྒྱུའི་དམིགས་བསལ་ནུས་པ་ཡོད་སྟབས། ས་འབབ་མཐོ་སར་རྒྱ་ནག་གི་མཐའ་མཚམས་དམག་རྒྱུན་འཛིན་སླད་ཁོང་རྣམ་པ་ཧ་ཅང་གནད་འགག་ཆགས་ཀྱི་ཡོད་པ་གསུངས་འདུག

སྤྱིར་རྒྱ་དཀར་ནག་གཉིས་ཀྱི་རྩོད་རྙོག་ཁྲོད་རྒྱ་ནག་གཞུང་གིས་མཐའ་མཚམས་ཀྱི་སྟོབས་ཤུགས་རྒྱ་སྐྱེད་སླད་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ནས་བོད་མིའི་ཁྱིམ་ཚང་རེ་རེ་ནས་ཉུང་མཐར་བོད་མི་གཅིག་རེ་ངེས་པར་དུ་བཅིངས་འགྲོལ་དམག་ཁོངས་སུ་ཆེད་གཏོང་དགོས་པའི་བཙན་བཀའ་བཏང་བའི་གནས་ཚུལ་ཐོན་ཡོད་པ་དང་། ལྷག་དོན་རྒྱ་གཞུང་གིས་བོད་རིགས་དམག་བསྡུ་རུབ་ཀྱི་ལས་དོན་སྐབས་བོད་རིགས་དེ་དག་གི་རྒྱབ་ལྗོངས་ལོ་རྒྱུས་ནང་རྒྱ་ནག་ལ་ངོ་རྒོལ་བྱས་ཡོད་མེད་དང་། རྒྱ་གཞུང་གི་སྲིད་བྱུས་ལ་བརྩི་མཐོང་ག་ཚོད་ཡོད་མེད། དེ་བཞིན་རྒྱ་སྐད་ཡག་པོ་ཤེས་མིན་སོགས་ཀྱི་ཐད་རྩད་ཞིབ་ནན་པོ་བྱེད་བཞིན་ཡོད་པ་གསུངས་འདུག་པར་མ་ཟད། ལོ་ལྟར་བོད་ཁུལ་དུ་ཡོད་པའི་དམག་མི་རྣམས་ལ་འཕྲོད་བསྟེན་དང་འབྲེལ་བའི་སློབ་གསོ་འཕར་མ་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།