Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གིས་འཕགས་བོད་ས་མཚམས་སུ་འབྱོར་འབྲིང་གྲོང་ཚོ་ ༡༧༥ འཕར་མ་གསར་འཛུགས་བྱ་འཆར།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

རྒྱ་གར་གྱི་ Tribune གསར་ཤོག་ཐོག་ཁ་ཉིན་ཕྱི་ཚེས་ ༦ ཉིན་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་ནང་འཁེལ་བའི་འཕགས་བོད་ས་མཚམས་སུ་སྔར་ནས་ཡོད་བཞིན་པའི་ཤའོ་ཀང་འམ་འབྱོར་འབྲིང་གྲོང་ཚོ་ ༦༢༨ ཐོག་གྲོང་ཚོ་འཕར་མ་ ༡༧༥ འཛུགས་བསྐྲུན་བྱ་འཆར་ཡོད་པ་དང་། གྲོང་ཚོ་དེ་དག་གིས་ LAC ཞེས་འཕགས་བོད་མཐའ་མཚམས་ཀྱི་ས་ཐིག་ཁུལ་མཐའ་སྲུང་བྱ་རྒྱུ་ཡིན་པ་བཀོད་འདུག

གསར་ཤོག་དེའི་ཐོག་གྲོང་ཚོ་ ༡༧༥ གསར་རྒྱག་གི་ལས་གཞི་དེ་ནི་རྒྱ་ནག་གིས་ས་ཁོངས་བདག་དབང་གི་རྩོད་ལེན་དང་འབྱུང་འགྱུར་དམག་འཐབ་ཀྱི་གྲ་སྒྲིག་སླད་ས་མཚམས་ཁུལ་དུ་འབྱོར་འབྲིང་གྲོང་ཚོ་ ༩༠༠ ལྷག་འཛུགས་བསྐྲུན་བྱ་རྒྱུའི་ཆ་ཤས་ཞིག་ཡིན་པ་དང་། ལས་གཞི་དེའི་ཁྲོད་རྒྱ་གར་ས་མཚམས་ཀྱི་ཉེ་འགྲམ་དུ་མ་འོངས་དམག་འཐབ་ཁྲོད་རྒྱ་གར་ལ་མྱུལ་ཞིབ་དང་དམག་སྒར་གྱི་མཐུན་རྐྱེན་ལྡན་པའི་གྲོང་ཚོ་ ༢༠༠ ལྷག་འཛུགས་སྐྲུན་བྱ་རྒྱུ་ཡིན་པའང་ཚུད་ཡོད་པ་གསུངས་འདུག

སྤྱིར་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དབར་ཕྱི་ལོ་ ༢༠༠༥  ལོར་ Border Defence Cooperation Agreement (BDCA) ཞེས་པའི་ཆིངས་ཡིག་ཅིག་བཞག་པ་ལྟར་ཆིངས་ཡིག་དེའི་དོན་ཚན་བདུན་པའི་ནང་གསལ་ལྟར་ན། ཕྱོགས་གཉིས་ནས་ས་མཚམས་ཁུལ་དུ་གནས་སྡོད་མི་སེར་རྣམས་ཀྱི་བདེ་འཇགས་དང་ཁེ་ཕན་གཙོར་བཟུང་གིས། གལ་ཏེ་ས་མཚམས་དབྱེ་མཚམས་གཅོད་དགོས་པའི་གནས་སྟངས་ཆགས་རུང་ཁུལ་དེར་གནས་སྡོད་མི་རྣམས་ལ་དོ་ཕོག་མི་བྱ་རྒྱུའི་ཁས་ལེན་བྱས་ཡོད་འདུག་པ་ལྟར་རྒྱ་ནག་གིས་གྲོང་ཚོ་དེ་དག་ནང་འཛུགས་སྐྲུན་བྱེད་བཞིན་པར་ཁ་གཡར་ནས་འབྱུང་འགྱུར་ཕྱོགས་གཉིས་དབར་གྱི་དམག་འཐབ་གྲ་སྒྲིག་བྱེད་བཞིན་ཡོད་པ་ཚོད་དཔག་གནང་གི་ཡོད་པ་རེད།

indo china border village

Tribune གསར་ཤོག་གིས་སྤེལ་བའི་གནས་ཚུལ་དེའི་ནང་། རྒྱ་ནག་གིས་འབྱོར་འབྲིང་གྲོང་ཚོ་གསར་རྒྱག་གི་ལས་གཞི་ཐོག་ས་གནས་སུ་རྒྱ་ལམ་དང་མེ་འཁོར་འཛུགས་སྐྲུན་སོགས་ཀྱི་ལས་གཞི་གཞན་སྣ་མང་སྤེལ་བཞིན་ཡོད་པ་དང་། དེའང་རྒྱ་ནག་གི་ཕྱི་ལོ་ ༢༠༢༡ ནས་ ༢༠༢༥ བར་གྱི་ལོ་ལྔ་ཚན་གྱི་འཆར་འགོད་ཐེངས་ ༡༤ པའི་ནང་འཁོད་གསལ་ལྟར།  LAC མཐའ་མཚམས་ཀྱི་ས་ཐིག་ཏུ་འཁེལ་བའི་ལ་དྭགས་དང་ཧི་མ་ཅལ་ཐད་གཤིབ་ཀྱི་གཞུང་ལམ་ G-219 དང་། དེ་བཞིན་ཨ་རུ་ན་ཅལ་དང་འབྲས་ལྗོངས་ཐད་གཤིབ་ཀྱི་ G-318 ཞེས་པའི་གཞུང་ལམ་རྒྱ་སྐྱེད་དང་། གཞན་ཡང་མདོ་དབུས་མེ་འཁོར་ལྕགས་ལམ་གྱི་ཉིང་ཁྲི་ཁུལ་གྱི་ལས་གཞི་དང་། སྐྱིད་གྲོང་ནས་གཞིས་ཀ་རྕེ་བར་གྱི་མེ་འཁོར་ལྕགས་ལམ་སོགས་འཛུགས་སྐྲུན་དང་འབྲེལ་བའི་སྔོན་འགྲོའི་ལས་གཞི་ཁག་གཅིག་ཚུད་ཡོད་པ་གསུངས་འདུག

གཞི་རྩའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་མཐའ་མཚམས་ཐོག་འཛིན་པའི་སྲིད་བྱུས་ནང་མཐའ་མཚམས་འཛིན་སྐྱོང་བྱ་རྒྱུ་དེ་ནི་རྒྱལ་ཁབ་འཛིན་སྐྱོང་བྱ་རྒྱུ་དང་བོད་ནང་བརྟན་བརླིང་བསྐྲུན་རྒྱུའི་དམིགས་འབེན་ཡིན་པ་ལྟར། རྒྱ་ནག་གིས་མཐའ་མཚམས་ཁག་ལ་དབང་བསྒྱུར་གྱིས་དམག་འཐབ་དཔུང་འཇུག་བྱ་རྒྱུ་མ་ཟད། བོད་ལྗོངས་ལས་དོན་ཚོགས་འདུ་ཐེངས་དྲུག་པའི་ཁྲོད། བོད་སྤྱི་ཡོངས་ཀྱི་འཚོ་བའི་ངལ་སེལ་གྱི་རོིགས་སྐྱོར་གྱི་ལས་གཞི་རྒྱ་བསྐྱེད་དང་། སྒོས་སུ་འཕགས་བོད་ས་མཚམས་ཁག་ཏུ་དཔལ་འབྱོར་གྱི་མཐུན་རྐྱེན་བཟང་བའི་གྲོང་ཚོ་གསར་རྒྱག་བྱ་རྒྱུ་ཕྱིར་བསྒྲགས་བྱས་ཡོད།

རྒྱ་གཞུང་གིས་ད་ཆ་མཐའ་མཚམས་ཁག་ཏུ་འབྱོར་འབྲིང་གྲོང་ཚོ་གསར་རྒྱག་གི་ལས་གཞི་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་པ་དང་ཆབས་གཅིག ཉེ་ལམ་ཕྱི་ཟླ་ ༣ ཚེས་ ༢༨ དེ་བོད་ནང་དམངས་གཙོ་བཅོས་བསྒྱུར་བཏང་བ་ཟེར་བའི་ཉིན་མོར། ས་མཚམས་ས་ཁུལ་གྱི་གྲོང་ཚོ་ ༦༢༤ ནང་ལས་རིམ་གྱི་རྣམ་པ་འདྲ་མིན་ཐོག་ཉིན་མོ་དེ་སྲུང་བརྩི་ཞུས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།