Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གིས་འབྲས་ལྗོངས་ཉེ་འགྲམ་དུ་མཁའ་དམག་གནམ་གྲུ་འགྲེམས་འཇོག

Tibetan News Headlines

  • US Religious Freedom report highlights China’s persecution of Tibetan Buddhism in Tibet
  • Representative Kelsang Gyaltsen meets deputy minister of Taiwan’s ministry of the interior
  • Thousands of Chinese tech workers fails to get Indian visa over security concerns
  • ORTC holds training on organic agriculture and watershed management for Tibetan settlement officers

རེས་གཟའ་ཕུར་བུ། ༢༠༢༤།༠༦།༢༧

  • རྒྱ་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ལ་རྒྱལ་མཚམས་བརྒལ་ཏེ་དྲག་གནོན་ཆེས་ཆེར་བྱེད་བཞིན་པ་མངོན་གསལ།
  • ཐའེ་ཝན་སྐུ་ཚབ་དོན་གཅོད་ནས་ཐའེ་ཝན་ནང་སྲིད་བློན་ཆེན་དང་ལྷན་དུ་མཇལ་འཕྲད་གནང་བ།
  • རྒྱ་དཀར་ནག་གཉིས་དབར་གྱི་ས་མཚམས་རྩོད་རྙོག་ཁྲོད་རྒྱ་ནག་གི་འཕྲུལ་རིགས་ལས་མི་སྟོང་ཕྲག་མང་པོར་རྒྱ་གར་གྱི་མཐོང་མཆན་རག་གི་མེད་པ།
  • སོ་ནམ་གཞིས་ཆགས་ཁག་ ༡༢ ཡི་ས་གནས་འགོ་འཛིན་རྣམས་ལ་སོ་ནམ་དང་ས་ཆུ་བདག་གཅེས་བྱེད་ཕྱོགས་ཀྱི་ཟབ་སྦྱོང་གནང་བ།

ཟུང་སྐར་གྱི་བརྙན་པར་བརྒྱུད་རྒྱ་ནག་གཞུང་གིས་རྒྱ་གར་འབྲས་ལྗོངས་ས་མཚམས་ཀྱི་ཉེ་འགྲམ་དུ་ཆགས་པའི་བོད་གཞི་ཀ་རྩེ་ཁུལ་དུ་ཡར་ཐོན་ཅན་གྱི་མཁའ་དམག་གནམ་གྲུ་ j-20 ཞེས་པ་དྲུག་འགྲེམས་འཇོག་བྱས་ཡོད་པ་མངོན་གསལ་བྱུང་འདུག

photo: NDTV

དེ་ཡང་ཁ་སང་ཕྱི་ཚེས་ ༣༠ ཉིན་ NDTV གསར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་གྱི་མཁའ་དམག་གནམ་གྲུ་ ༡༦ ཅན་གྱི་མཚོ་ཁག་གནས་སའི་ནུབ་སྦང་གྷལ་མངའ་སྡེའི་ Hasimara ལས་སྤྱི་ལེ་ ༢༩༠ ལས་ཉུང་བའི་རྒྱང་ཐག་གི་སར་ཏེ། བོད་གཞིས་ཀ་རྩེའི་གནམ་གྲུ་འབབ་ཚུགས་སུ། རྒྱ་ནག་གཞུང་གིས་ཡར་ཐོན་ཅན་གྱི་མཁའ་དམག་གནམ་གྲུ་ j-20 ཞེས་པ་དྲུག་དང་། A Kj-500  ཞེས་མཁའ་ཐོག་ནས་དམག་གི་སྔོན་བརྡ་གཏོང་མཁན་དང་མཁའ་དམག་གནམ་གྲུ་སྟངས་འཛིན་བྱེད་མཁན་ཞིག་ཀྱང་འགྲེམས་འཇོག་བྱས་ཡོད་པ་ཟུང་སྐར་བརྒྱུད་མངོན་གསལ་བྱུང་འདུག NDTV གསར་ཁང་ལྟར་ན། མཁའ་དམག་གནམ་གྲུ་དེ་དག་ད་ཆ་འགྲེམས་འཇོག་བྱེད་སའི་གཞིས་ཀ་རྩེ་ནང་གི་གནམ་ཐང་དེ་ནི། འཛམ་གླིང་ནང་གི་གནམ་ཐང་མཐོ་ཤོས་ཤིག་ཡིན་པ་དང་། ས་བབ་མཐོ་ཚད་ feet ༡༢༤༠༨ སར་ཡོད་པ་འཁོད་འདུག

All Source Analysis ཞེས་པའི་ཚན་རྩལ་དང་དཔྱད་ཞིབ་ཚོགས་པས་ཞིབ་འཇུག་ཁྲོད། མཁའ་དམག་གནམ་གྲུ་ j-20 ཞེས་པ་དེ་ནི་ད་ཕན་རྒྱ་ནག་གཞུང་གི་དམག་གི་གནམ་གྲུ་ཡར་ཐོན་ཆེ་ཤོས་དེ་ཡིན་པ་དང་།  གནམ་གྲུ་དེ་རིགས་ཕོན་ཆེ་ཞིག་རྒྱ་ནག་གི་ཤར་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་ཡོད་ཀྱང་། ཞིབ་འཇུག་ཁྲོད། ད་ཆ་གནམ་གྲུ་དེ་དག་རྒྱུན་ལྡན་དང་མི་འདྲ་བར་བོད་གཞིས་ཀ་རྩེའི་གནམ་ཐང་དུ་འཇོག་པ་དེ་ནི་རྒྱ་གར་གི་ས་མཚམས་སུ་ཁ་ཕྱོགས་ཡོད་པ་མངོན་གསལ་གནང་འདུག་ལ། Sim Tack  ཞེས་ཨ་རི་གནས་སྡོད་དམག་དོན་དང་འབྲེལ་བའི་ཉམས་ཞིབ་ཚན་པས། རྒྱ་ནག་གིས་འདས་པའི་ལོ་ལྔའི་ནང་རིམ་བཞིན་བོད་དང་རྒྱ་གར་གྱི་ས་ཁུལ་ཁག་ཏུ་མཁའ་དམག་གི་དབང་ཚད་རྒྱ་སྐྱེད་དུ་བཏང་ཡོད་པའི་ཁྲོད། ས་ཁུལ་དེ་དག་ཏུ་གནམ་གྲུ་འབབ་ཚུགས་འཛུགས་སྐྲུན་དང་། ཡོད་བཞིན་པའི་གནམ་ཐང་ཁག་ཏུ་འཛུགས་སྐྲུན་ཡར་རྒྱས་གཏོང་བཞིན་ཡོད་པ། དེ་བཞིན་གནམ་ཐང་དེ་དག་ཐོག་གནས་སྐབས་རིང་མཁའ་དམག་གནམ་གྲུ་ j-20  དང་འབར་མདེལ་སོགས་འགྲེམས་འཇོག་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་འདུག

Photo: NDTV

NDTV གསར་ཁང་གིས་གནས་ཚུལ་ནང་། རྒྱ་གར་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཁའ་དམག་གནམ་གྲུ་ j-20 ཞེས་པ་དེའི་མཉམ་དུ། གཞན་ཡང་ཧྥ་རན་སི་ནས་བཟོ་སྐྲུན་བྱས་པའི་མཁའ་དམག་གནམ་གྲུ་ ༣༦ ཡོད་པ་དང་། དེ་དག་ལས་ ༨ ནི་ཉེ་ཆར་ Alaska ཨ་རི་དམག་གི་སྒྲིག་འཛུགས་དང་ལྷན་མཁའ་དམག་སྦྱོར་བརྡར་ཆེད་བསྐྱོད་ཡོད་པ་རེད་འདུག མ་ཟད་ད་ཆ་རྒྱ་ནག་གི་མཁའ་དམག་འགྲེམས་འཇོག་བྱེད་སའི་གཞིས་ཀ་རྩེའི་ས་ཁུལ་དེ་ནི། རྒྱ་གར་མངའ་སྡེ་ West Bengal གྱི་ཉེ་འདབས་སུ་ཆགས་པའི་རྒྱ་གར་གྱི་མཁའ་དམག་གནམ་གྲུ་ ༡༦ ཅན་གྱི་མཚོ་ཁག་གནས་སའི་ Hasimara ལས་སྤྱི་ལེ་ ༢༩༠ ལས་ཉུང་བའི་རྒྱང་ཐག་གི་སར་ཡོད་པ་ཤེས་རྟོགས་བྱུང་ཡོད་པའི་ཁྲོད། རྒྱ་གར་གྱི་ངོས་ནས་རྒྱ་ནག་གིས་སྤེལ་བཞིན་པའི་བྱ་སྤྱོད་དེ་དག་ལ་གདོང་ལེན་གནང་ཕྱོགས་ནི། རྒྱ་གར་གྱི་ཤར་ཕྱོགས་སུ་མཁའ་དམག་གནམ་གྲུ་སོགས་འཇོག་སའི་གནམ་ཐང་ཁག་ཏུ་སྲུང་སྐྱོབ་རྒྱ་སྐྱེད་དང་། ཨུ་རུ་སུ་ནས་བཟོ་སྐྲུན་བྱས་པའི་མཁའ་དམག་གནམ་གྲུ་ S-400 ཞེས་པ་འགྲེམས་འཇོག་གིས། ས་ཐོག་ནས་བར་སྣང་དུ་འཕུར་མདེལ་གཏོང་ཐུབ་པའི་སྲུང་སྐྱོབ་ཀྱི་ནུས་པ་མཐོར་འདེགས་བྱེད་བཞིན་ཡོད་པ་དང་། S-400 ཞེས་པའི་མཁའ་དམག་གནམ་གྲུ་དེ་དག་ནི། Line of Actual Control ཞེས་འཕགས་བོད་མཐའ་མཚམས་ཀྱི་བཅད་ཐིག་ཁུལ་དུ་རྒྱ་ནག་གི་ཉེན་འཚབ་ཆེ་བའི་དམག་འགྲེམས་འཇོག་བྱས་པ་སོགས་གསང་བའི་གནས་ཚུལ་ཡོངས་རྫོགས་ཤེས་རྟོགས་ཐུབ་རྒྱུའི་ནུས་པ་ལྡན་ཡོད་པ་སོགས་འཁོད་འདུག

སྤྱིར་མཁའ་དམག་གནམ་གྲུ་ j-20 ཞེས་པ་དེ་ནི་ཚོར་ཤེས་ཅན་གྱི་ཡར་ཐོན་མཁའ་དམག་གནམ་གྲུ་ཞིག་ཡིན་པའི་ཁར། དེའི་བྱེད་ལས་གཙོ་བོ་ནི་མཁའ་ཐོག་ནས་དམག་མཚོན་དབོར་འདྲེན་དང་། ལྷག་པར་སྤྱི་ལེ་ ༣༠༠ ལྷག་གི་སར་ཡོད་པའི་མཁའ་ཐོག་གི་དམིགས་དབེན་ལ་གཏོར་རྒོལ་བྱེད་པའི་ནུས་པ་ལྡན་ཡོད་པ་རེད་འདུག

རྩ་བའི་ལོ་མང་པོའི་རིང་འཕྲད་བཞིན་པའི་འཕགས་བོད་ས་མཚམས་ཀྱི་དཀའ་རྙོག་ཁྲོད། རྒྱ་ནག་དམར་གཞུང་གིས་དེ་ལྟ་བུར་གསང་བའི་སྒོ་ནས་མཁའ་དམག་གནམ་གྲུ་འགྲེམས་འཇོག་བྱས་པ་ནི། བོད་ཀྱི་ས་ཁུལ་ཙམ་མ་ཡིན་པར་ཤིན་ཅང་ཁུལ་དུའང་དེ་ལྟར་འགྲེམས་འཇོག་གིས། རྒྱ་གར་ལ་སེམས་འཚབ་བསྟུད་མར་སློང་བཞིན་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།