Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་ནང་དུ་ལོ་རྒྱུས་ཀྱི་གད་སྙིགས་དུས་སྐབས་ཞེས་པའི་དྲ་ཐོག་ངོ་རྒོལ་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ།

Tibetan News Headlines

  • Ramon Magsaysay award foundation launches 7-volume series in commemoration of Dalai Lama’s 65th anniversary award
  • Rain-triggered flood kills 6 in Amdo province
  • U.S. Ambassador Eric Garcetti reaffirms support for Tibetan values at a Tibet festival in Delhi
  • National Democratic Party of Tibet celebrates the 30th Founding Anniversary
  • Ukraine criticises Mongolia’s failure to arrest Putin

རེས་གཟའ་ལྷག་པ། ༢༠༢༤།༠༩།༠༤

  • ༸གོང་ས་མཆོག་གིས་ Ramon Magsaysay གཟེངས་རྟགས་ཐེབས་རྩའི་ཚོགས་མི་རྣམས་ལ་མཇལ་ཁ་སྩལ་བ།
  • བོད་མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་ཁུལ་དུ་དྲག་ཆར་དང་ཆུ་ལོག་གི་དོན་རྐྱེན་འོག་བོད་མི་ ༦ རྐྱེན་འདས་སུ་འགྱུར་བ།
  • གཞུང་ཚབ་པ་ Eric Garcetti མཆོག་གིས་བོད་མིའི་རྒྱབ་ཏུ་ཨ་མི་རི་ཀའི་ལངས་ཕྱོགས་བརྟན་པོ་ཡིན་གསུངས་སོང་།
  • བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་སུམ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི།
  • Ukraine གྱིས་སོགས་ཡུལ་གཞུང་ལ་ཨུ་རུ་སུའི་སྲིད་འཛིན་ Putin འཛིན་བཟུང་མ་བྱས་པར་སྐྱོན་བརྗོད།

རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཐོག་ལོ་རྒྱུས་ཀྱི་ Garbage Time of History ལོ་རྒྱུས་ཀྱི་གད་སྙིགས་དུས་སྐབས་ཞེས་པའི་སྲིད་གཞུང་ལ་སྐྱོན་བརྗོད་ཀྱི་ཚིག་འགྲོས་དེ་ཉིད་ཁྱབ་གདལ་ཤུགས་ཆེར་བྱུང་བར་བརྟེན། རྒྱ་ནག་དབུས་ཞིབ་བཤེར་ལས་ཁུངས་ཀྱིས་དེར་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད་འདུག

ལོ་རྒྱུས་ཀྱི་གད་སྙིགས་དུས་སྐབས་ཞེས་པའི་ཚིག་འགྲོས་འདི་ཐོག་མ་སྔ་ལོ་ ༢༠༢༣ ཟླ་ ༩ ནང་རྒྱ་ནག་གི་ས་གནས་ཚགས་པར་གྱི་རྩོམ་སྒྲིག་པ་ Hu Wenhui གིས་ཨ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ Soviet Union ཉམས་རྒུད་ཕྱིན་པའི་སྐོར་ལ་རྩོམ་ཡིག་སྤེལ་ཡོད་པ་དང་། དེའི་ནང་ཁོང་གིས་ཕྱོགས་ཡོངས་ཀྱི་གནས་སྟངས་ཐག་ཆོད་ཟིན་སྟབས། ཁྱེད་རང་གི་ཇི་ཙམ་འབད་བརྩོན་བྱས་ཀྱང་ཕམ་ཉེས་བྱུང་རྒྱུ་ངེས་པ་ཡིན་པར་དེ་ནི་དོན་མེད་ཀྱི་འཐབ་རྩོད་ཅིག་ཡིན་རེད། དེ་ལྟ་བུའི་ལོ་རྒྱུས་ཀྱི་གད་སྙིགས་དུས་སྐབས་ནང་ཡོད་པའི་ལམ་འགྲོ་མེད་པའི་མི་རྣམས་ནས་གདོང་ལེན་ཇི་ལྟར་བྱ་དགོས་སམ་ཞེས་བྲིས་ཡོད་པ་རེད། ཀློག་པ་པོ་མང་པོས་རྩོམ་ཡིག་དེ་ནི་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་དབང་ཉམས་རྒུད་དུ་འགྲོ་བཞིན་པའི་དཔེ་མཚོན་ཞིག་ཡིན་པ་འགྲེལ་བརྗོད་བྱས་ཡོད།

རྩ་བའི་ཚིག་འགྲོས་དེ་ནི་རྒྱ་ནག་ནས་བྱུང་བའི་ཚིག་སྦྱོར་ཏེ། སིལ་སྤོལ་རྩེད་འགྲན་ཁྲོད་མཐའ་མཇུག་གི་སྐར་མ་འགའི་ནང་རྒྱལ་ཁ་སུ་ལ་ཐོབ་མིན་ཐག་ཆོད་པའི་གནས་སྟངས་འགྲེལ་བརྗོད་བྱེད་ཀྱི་ཡོད་ཅིང་། དེ་ནི་ལོ་རྒྱུས་ཀྱི་སྐོར་དང་འབྲེལ་ནས་བཀོལ་སྤྱོད་བྱས་པ་ནས་བཟུང་རྒྱ་ནག་ནང་གི་སྤྱི་ཚོགས་དྲ་ལམ་ཐོག་དར་ཁྱབ་ཆེན་པོ་བྱུང་སྟེ། དམ་བསྒྲགས་བྱེད་བཞིན་ཡོད་པ་རེད།

དེ་ཡང་གནད་དོན་དེ་ནི་རྒྱ་ནག་ནང་ད་ལྟའི་ཆར་དཔལ་འབྱོར་གནས་སྟངས་ཉམས་རྒུད་དང་། སྲིད་གཞུང་གི་ལས་དོན་འཆོལ་བ་བཅས་ལ་མི་མང་རྣམས་འདོད་བློ་ཁེངས་ཀྱི་མེད་པ་དང་འབྲེལ། Reuter གསར་ཁང་གི་གནས་ཚུལ་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གི་ཉེ་དུས་དཔལ་འབྱོར་གནས་སྟངས་ཡར་རྒྱས་ཀྱི་ཚད་གཞི་འདི་བཞིན་སྔོན་དཔག་ལས་དམའ་བ་བརྒྱ་ཆ་ ༤་༧ ལ་ལྷུང་ཡོད་པ་དང་། དེ་ནི་རྒྱ་ནག་ནང་དུ་དུས་ཡུན་རིང་པོ་ནས་ས་ཁང་ཉོ་ཚོང་ལ་ཕྲད་པའི་དཀའ་ངལ་གྱི་ཡིན་པ་མངོན་གསལ་གནང་འདུག

ལྷག་པར་ཁ་སང་ཕྱི་ཚེས་ ༡༨ ཉིན་རྒྱ་ནག་གུང་ཁྲན་ཏང་གི་འགོ་ཁྲིད་ཚོའི་བར་ནང་མོལ་ཚོགས་འདུ་ཞིག་མཇུག་སྒྲིལ་བྱས་ཡོད་པ་དང་། དེའི་ནང་འཕྲུལ་རིག་ཡར་རྒྱས་མཚོན་པའི་རྒྱ་ནག་གི་འབྱུང་འགྱུར་ལོ་ཤས་རིང་གི་དཔལ་འབྱོར་འཐབ་བྱུས་སྐོར་དང་། ཚེས་ ༡༧ ཉིན་རྒྱ་ནག་གི་ཉིན་རེའི་གསར་ཤོག་ China Daily ནང་དུའང་ཚོགས་འདུ་དེའི་དམིགས་ཡུལ་གཅིག་ནི་རྒྱ་ནག་གི་ཡུན་རིང་དཔལ་འབྱོར་འཕེལ་ཕྱོགས་སྐོར་སླར་ཡང་ཡིད་ཆེས་བསྐྱར་གསོ་བྱ་ཐབས་དེ་ཡིན་ལུགས་བཤད་འདུག

དེ་བཞིན་རྒྱ་ནག་མི་མང་རྣམས་ལ་ཉམས་དམས་པའི་དཔལ་འབྱོར་གྱི་གནས་སྟངས་དང་། ཁྲོམ་རའི་གནས་སྟངས། ལས་ཀའི་གོ་སྐབས་ཀྱི་གནས་སྟངས། དེ་བཞིན་ས་ཁང་ཉོ་ཚོང་གི་གནས་སྟངས་སོགས་ཛ་དྲག་ཏུ་འགྱུར་བཞིན་པ་རྣམས་གཞུང་འབྲེལ་བརྒྱུད་ལམ་ཐོག་སྤེལ་བའི་རེ་བཟང་གི་སྙན་ཐོའམ་གནས་ཚུལ་དེ་དག་དང་མཐུན་གྱི་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་སྟབས་དྲ་ཐོག་ཏུ་གཞུང་ལ་སྐྱོན་བརྗོད་ཆེད་དར་ཁྱབ་ཆེན་པོ་བྱུང་བ་ཞིག་ཆགས་ཀྱི་འདུག

ཕྱོགས་མཚུངས་རྒྱ་ནག་ནང་ཕྱི་ལོ་ ༢༠༢༡ ལོར་མི་རབས་གསར་པ་རྣམས་ནས་ Lying Flat ཉལ་ནས་སྡོད་ཅེས་པའི་ལས་འགུལ་ཞིག་ཀྱང་བརྩམས་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་ངལ་རྩོལ་གནས་བབ་ཁྲོད་དུས་ཚོད་རིང་པོ་ལས་ཀ་བྱ་དགོས་པ་དེ་ལྟར་ཡང་གླ་ཕོག་ཉུང་ངུ་མ་གཏོགས་མེད་སྟབས། ཉལ་ནས་བསྡད་རྒྱུ་ལས་གཞན་གང་ཡང་བྱ་རྒྱུ་མིན་ཞེས་པའི་གནས་དོན་གྱི་འོག་ནས་འགོ་འཛུགས་བྱུང་བ་ཞིག་ཡིན་པ་རེད། འོན་ཀྱང་རྒྱ་ནག་གཞུང་གི་སྤྱི་ཚོགས་རིག་པ་བ་རྣམས་ཀྱིས་བཤད་པ་ལྟར་ན་ Garbage Time of History ལོ་རྒྱུས་ཀྱི་གད་སྙིགས་དུས་སྐབས་ཞེས་པ་དེ་ Lying Flat ཉལ་ནས་སྡོད་ཅེས་པ་དེ་ལས་ཉེན་འཚབ་ཆེ་བ་ཡོད་ཅིང་། དེ་ནི་སྲིད་གཞུང་ལ་ཐད་ཀར་གྱེན་ལོག་ཡིན་སྐོར་བཤད་ཀྱི་ཡོད་པ་རེད།

མ་ཟད་རྒྱ་གཞུང་གི་འགོ་ཁྲིད་ཚོས་གད་སྙིགས་ཀྱི་དུས་སྐབས་ཞེས་པའི་དྲ་ཐོག་ངོ་རྒོལ་གྱི་ལས་འགུལ་དེ་ནི་ཕྱི་རྒྱལ་ཁབ་ཀྱི་ངན་བྱུས་ཤིག་ཡིན་པ་མ་ཟད། རྫུན་གཏམ་གྱི་ཐོག་ནས་རྒྱ་ནག་གི་མི་མང་གི་སྙིང་སྟོབས་ཉམས་དམས་སུ་གཏོང་ཐབས་ཀྱི་འབད་བརྩོད་ངན་པ་ཞིག་རེད་ཅེས་སྐྱོན་བརྗོད་དང སྦྲགས། ཇི་ཙམ་གྱི་དྲ་ཐོག་ངོ་རྒོལ་དེ་ཉིད་འགོག་ཐབས་བྱས་ཀྱང་དེ་ཙམ་གྱི་དར་ཁྱབ་ཆེ་རུ་འགྲོ་གི་ཡོད་པ་གསུང་གི་འདུག

གཞི་རྩའི་ཨ་རིའི་ Stanford སི་ཊེན་ཧྥོཌ་གཙུག་ལག་སློབ་གཉེར་གི་སློབ་དཔོན་ཆེན་པོ་ Scott Rozelle སི་ཀོཊ་རོ་ཛི་ལི་དང་གཞན་ཉམས་ཞིབ་གྱི་འབྲུ་དོན་ཁག་གཅིག་ཨ་རིའི་ Center for Strategic and International Studies འཐབ་བྱུས་དང་རྒྱལ་སྤྱིའི་རིག་པའི་བློ་མཐུན་ལྟེ་གནས་ཁང་གིས་འདོན་སྤེལ་གནང་བ་དེའི་ནང་སི་ཀོཊ་རི་ཛི་ལི་ལགས་ཀྱིས་རྒྱ་ནག་ནང་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་གོང་གི་གནས་བབ་དང་བསྡུར་ན་དཀའ་ལས་བརྒྱབ་ནས་གྲུབ་འབྲས་ཐོབ་པར་ཡིད་ཆེས་བྱེད་མཁན་ཚད་གཞི་དེ་ཧ་ཅང་ཉུང་དུ་ཕྱིན་ཡོད་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།