Tibetan Royal Year of 2151 | Year of the Wood Dragon

རྒྱ་མིའི་པཎ་ཆེན་གྱིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་སློབ་གསོའི་ལས་རིམ་སྤེལ་བཞིན་པ།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

རྒྱ་མིའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཡིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་སྐོར་བསྐྱོད་ཀྱིས་སྲིད་འཛིན་ཞི་ཅིན་ཕིང་གིས་ཁྲིམས་ཀྱི་དབང་བསྒྱུར་སྐོར་སློབ་གསོ་དང་༸གོང་ས་མཆོག་ལ་ཁ་གཏད་ཀྱི་གཏམ་ཤད་སྤེལ་བཞིན་ཡོད་པ་རེད་འདུག

Chinese Panchen

དེ་ཡང་དེ་རིང་ Bitter Winter ཞེས་རྒྱ་ནག་ནང་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གནས་ཚུལ་སྤེལ་མཁན་བརྒྱུད་ལམ་གྱིས་དྲ་གནས་ཐོག་གནས་ཚུལ་སྤེལ་བར་ཞིག་ན། རྒྱ་ནག་གི་འདམས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བ་དེས་བོད་རང་སྐྱོང་ལྗོངས་ནང་དུ་སྐོར་བསྐྱོད་ཁྲོད། ཉེ་ཆར་བོད་ནག་ཆུ་ས་ཁུལ་དུ་ཆེད་བསྐྱོད་ཀྱིས་ཁུལ་དེར་རྒྱ་ནག་གི་ངེས་ཤེས་གསུམ་ཞེས་པའི་ཆབ་སྲིད་སློབ་གསོའི་ལྷན་ཚོགས་ཐོག་མཉམ་ཞུགས་བྱས་ཏེ། བོད་བརྒྱུད་ནང་བསྟན་ལ་དད་གུས་བྱས་མཁན་བོད་མི་རྣམས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་གྲོས་ཚོགས་ཚོགས་ཆེན་ ༢༠ པའི་དགོངས་དོན་ལ་སློབ་སྦྱོང་བྱེད་དགོས་པ་དང་། རང་ཉིད་ཀྱི་ཆོས་ཕྱོགས་ཀྱི་བསམ་བློ་དང་ཆབ་སྲིད་ཀྱི་བསམ་བློ་གཉིས་མཐུན་པ་བྱེད་དགོས་གལ་དང་། ཆོས་ཕྱོགས་ཀྱི་གནད་དོན་ཐོག་གཞུང་གིས་དབང་འཛིན་ལ་གུས་བརྩི་ཞུས་ཏེ། དེང་དུས་ཀྱི་ཆབ་སྲིད་འོས་འགན་སྲུང་བའི་ཐོག་ནས་ཆོས་བྱེད་དགོས་པ། གཞུང་གི་ལས་འགུལ་ཁག་ལ་རྒྱབ་སྐྱོར་གྱི་ནུས་པ་དཔུང་དགོས་པ་དང་། ངེས་ཤེས་གསུམ་ཞེས་པའི་བསམ་བློ་དེ་ཉིན་རེའི་ཆོས་ཕྱོགས་ཀྱི་བྱེད་སྒོའི་ནང་དུ་ལག་བསྟར་བྱེད་དགོས་པ་སོགས་བརྗོད་འདུག

ལྷག་པར་དུ་རྒྱ་མིའི་པཎ་ཆེན་གྱིས་བོད་ནང་གི་དགེ་འདུན་པ་དང་བཙུན་མ་རྣམས་ནས་ཏཱ་ལའི་བླ་མ་དང་རྒྱང་ཐག་རིང་ཙམ་བཞག་དགོས་པ་དང་། ཁ་བྲལ་གྱི་བསམ་བློ་ལ་གདོང་ལེན་བྱེད་དེ། རྒྱལ་ཁབ་གཅིག་སྒྲིལ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་ཐབས་ཀྱི་བསམ་བློ་འཛིན་དགོས་པ་བརྗོད་འདུག

Chinese Panchen

རྩ་བའི་ངེས་ཤེས་གསུམ་ཞེས་པའི་ཆབ་སྲིད་སློབ་གསོའི་ལས་འགུལ་འདི་བཞིན། བོད་ནང་དུ་བོད་པའི་དགེ་འདུན་པ་དང་བཙུན་མ་རྣམས་ལ་ཆབ་སྲིད་སློབ་གསོ་སྤེལ་རྒྱུའི་སླད་དུ་སྤེལ་བ་ཞིག་ཡིན་པ་དང་། དེའང་རྒྱལ་ཁབ་དང་མི་སེར། ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་ངེས་ཤེས་དགོས་སྐོར་བརྗོད་ཀྱི་ཡོད་པ། དེ་བཞིན་རྒྱལ་ཁབ་ཟེར་བའི་སྐབས་སུ་བོད་ཐོག་རྒྱ་ནག་གི་དབང་འཛིན་ལ་ངོས་འཛིན་དང་ཁ་བྲལ་བར་གདོང་ལེན་གྱི་ངེས་ཤེས་དགོས་པ་དང་། མི་སེར་དང་ཁྲིམས་ཀྱི་དབང་འགྱུར་ཟེར་བའི་སྐབས་སུ་རྒྱ་ནག་དམར་ཤོག་ཚོགས་པ་དང་དམར་ཤོག་ཚོགས་པའི་དབུ་ཡོན་ལྷན་ཁང་། ཕྱོགས་མཚུངས་སྲིད་འཛིན་ཞི་ཅིན་ཕིང་ལ་དོགས་པ་མེད་པའི་ཐོག་ནས་བློ་གཏད་དང་བཀའ་སྲུང་ཅི་སྒྲུབ་ཞུ་དགོས་པ་དེ་དག་ཡིན་པ་དེ་ལྟར་ཡང་། བོད་ནང་དུ་ལས་འགུལ་དེར་ལམ་ལྷོང་དེ་ཙམ་མ་བྱུང་བའི་རྐྱེན་གྱིས་ད་ཆ་རྒྱ་མིའི་པཎ་ཆེན་གྱི་བརྒྱུད་ནས་ལས་འགུལ་དེ་སྤེལ་བཞིན་ཡོད་པ་རེད་འདུག

རྒྱ་མིའི་པཎ་ཆེན་གྱིས་ནག་ཆུ་ནང་དུ་གྲོང་གསེབ་བསྐྱར་གསོའི་ལས་གཞི་དང་འབྲེལ་བའི་འགྲེམ་སྟོན་ཞིག་ལ་ཕེབས་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་རྟོགས་དང་གྲངས་ཉུང་མི་རིགས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པར་བསྔགས་བརྗོད་དང་རྒྱབ་སྐྱོར། དེ་བཞིན་རྗེས་འབྲངས་བྱས་པའི་རྐྱེན་གྱིས་གྲོང་གསེབ་ཁག་གི་ནང་དུ་ཡར་རྒྱས་དེ་ཙམ་ཕྱིན་ཡོད་སྐོར་དང་འབྲེལ། གྲངས་ཉུང་མི་རིགས་རྣམས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་འོག་སྔར་ལྷག་མཐུན་འབྲེལ་ཆེ་བའི་ཐོག་ནས་གཅིག་སྒྲིལ་བྱེད་དགོས་པ་སོགས་བརྗོད་ཡོད་འདུག

Chinese Panchen

རྩ་བའི་འདི་ལོའི་ཕྱི་ཟླ་ ༥ པའི་ནང་དུ་འདོན་སྤེལ་གནང་བའི་སྙན་ཐོར་གཞིགས་ན། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུའི་སླད་དུ་ Buddhist Association of China ཞེས་རྒྱ་ནག་གི་ནང་པའི་མཐུན་ཚོགས་དེ་བེད་སྤྱོད་གཏོང་བཞིན་ཡོད་པ་མངོན་གསལ་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་བཅུ་ཁྲག་ལྷག་ནས་བོད་བརྒྱུད་ནང་བསྟན་ཐོག་དམ་དྲག་གིས་ལས་འགུལ་ཤུགས་ཆེ་རུ་བཏང་བའི་ཁྲོད། དགོན་སྡེ་ཁག་གི་ནང་དུ་གསང་ཉུལ་བཙུགས་པ་དང་། དགོན་པའི་ནང་དུ་རྒྱ་ནག་དམར་ཤོག་གཞུང་གིས་ལས་བྱེད་པ་ཆེད་འཛུགས་བྱས་པ། དེ་བཞིན་༸གོང་ས་མཆོག་དབུས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་ལ་ཐད་བྱུས་བྱས་པ་སོགས་ཀྱི་ཆབ་སྲིད་དོ་དམ་ཤུགས་ཆེ་སྤེལ་བཞིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།