Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ ཐུན་མོང་གིས་རྒྱ་ནག་གཞུང་ལ་ཞུ་སྙན་ཕུལ་ཏེ་སྡེ་དགེ་སྐམ་ཐོག་ཁུལ་གྱི་ཆུ་ཤུགས་གློག་འདོན་ལས་གཞིར་ངོ་རྒོལ་གནང་མཁན་བོད་མི་རྣམས་ལ་དྲག་གནོན་ཐད་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་གསལ་འདོན་དང་འབྲེལ། ལས་གཞི་འགོ་འཛུགས་མ་བྱེད་གོང་ལས་གཞི་དེའི་བརྒྱུད་ས་གནས་ས་ཐོག་གི་ཁོར་ཡུག་དང་མང་ཚོགས་ཀྱི་འགྲོ་བ་མིིའི་ཐོབ་ཐང་ལ་ཤུགས་རྐྱེན་ཇི་ཙམ་ཐེབ་ཀྱི་ཡོད་མེད་ཐོག་རང་དབང་ཅན་གྱི་ཞིབ་འཇུག་མཐིལ་ཕྱིན་དགོས་པའི་དགོས་འདུན་བཏོན་འདུག

UN Special Procedures

དེའང་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱི་མཚན་རྟགས་འཁོད་པའི་ཞུ་སྙན་དེ་བཞིན་འདི་ལོའི་ཕྱི་ཟླ་ ༧ པའི་ནང་རྒྱ་ནག་གཞུང་ལ་བཏང་ཡོད་ཀྱང་ཟླ་བ་འདིའི་ཚེས་ ༦ ཉིན་གཞི་ནས་ཡོང་གྲགས་གནང་བ་ཞིག་རེད་འདུག

དམིགས་བསལ་སྐུ་ཚབ་རྣམས་ཀྱིས་ཞུ་སྙན་ནང་རྒྱ་ནག་གཞུང་གིས་སྡེ་དགེ་སྐམ་ཐོག་ཆུ་མཛོད་ལས་གཞི་དང་འབྲེལ་ས་གནས་མང་ཚོགས་དང་ལྷན་དོན་དམ་གྱི་གྲོས་མོལ་བྱས་མེད་པ་མ་ཟད། ཁོ་ཚོའི་བཀའ་འཁྲོལ་ཡང་ཞུས་མེད་པར་སྐྱོན་བརྗོད་དང་འབྲེལ། རང་ཉིད་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱད་དེ་ཆུ་མཛོད་ཀྱི་ལས་གཞིར་ངོ་རྒོལ་གནང་མཁན་བོད་མི་བརྒྱ་ཕྲག་མང་པོར་དྲག་གནོན་དང་། ཁྲིམས་འགལ་གྱི་འཛིན་བཟུང་སོགས་བྱས་པར་སེམས་འཚབ་ཤུགས་ཆེ་ཡོད་པ་གསལ་འདོན་གནང་འདུག

Dege Protest Reopen ICT
པར་དབང་། FreeTibet

མ་ཟད་ཁོང་རྣམས་ཀྱིས་རྒྱ་ནག་གི་ཆུ་མཛོད་ལས་གཞི་དེས་རྒྱ་ནག་སྤྱི་དང་བོད་མཐོ་སྒང་། ཡང་སྒོས་ཁམས་སྡེ་དགེ་ཁུལ་གྱི་ཁོར་ཡུག་དང་སྣོད་བཅུད་ལ་ལྡོག་ཏུ་མེད་པའི་གནོད་སྐྱོན་ཚབས་ཆེན་ཕོག་རྒྱུ་ཡིན་སྐོར་ནན་བཤད་གནང་བ་དང་ཆབས་གཅིག རྒྱ་ནག་གཞུང་ངོས་ནས་ཆུ་མཛོད་ཀྱི་ལས་གཞི་དེ་མུ་མཐུད་མཇུག་སྐྱོང་མ་བྱེད་གོང་ལས་གཞི་དེའི་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་གི་ཤུགས་རྐྱེན་ཐད་རང་དབང་ཅན་གྱི་ཞིབ་འཇུག་མཐིལ་ཕྱིན་པ་དང་འདང་ངེས་ཞིག་བྱེད་དགོས་པའི་དགོས་འདུན་བཏོན་འདུག

གཞི་རྩའི་རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༢ པའི་འབྲི་ཆུའི་བཞུར་རྒྱུན་དུ་སྐམ་ཐོག་ཆུ་གློག་ཁང་ཟེར་བ་འཛུགས་སྐྲུན་བྱ་རྒྱུ་ལ་ཁ་གཡར་ཏེ། སྡེ་དགེ་རྫོང་ཁུལ་གྱི་དབོན་སྟོད་དགོན་དང་། ཡེ་ན་དགོན། མཁར་མདོ་དགོན་པ། རབ་བརྟན་དགོན་པ། དགོན་སར་དགོན་པ། བཀྲ་ཤིས་དགོན་བཅས་དགོན་སྡེ་དྲུག་བཙན་གཏོར་དང་། གྲོང་ཚོ་གཉིས་བཙན་སྤོ་བྱ་དགོས་པའི་བཙན་བཀའ་བཏང་ཡོད་སྟབས། ས་གནས་མང་ཚོགས་བརྒྱ་ཕྲག་ཁ་ཤས་ཀྱིས་རྫོང་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་ལ་ངུ་འབོད་དང་བཅས་ཚོར་ཤུགས་ཆེན་པོའི་ཐོག་ངོ་རྒོལ་དང་ལས་གཞི་དེ་ཕྱིར་འཐེན་དགོས་པའི་རེ་སྐུལ་གནང་ཡོད་པ་དེ་ལྟར་ཡང་། སྐབས་དེར་རྒྱ་གཞུང་ཉེན་རྟོག་པ་ཕོན་ཆེན་བསླེབས་ཏེ། དགེ་འདུན་པ་དང་མང་ཚོགས་བརྒྱ་ཕྲག་སྡེབས་འཛིན་གྱིས་འདྲི་རྩད་དང་། ཉེས་རྡུང་བཏང་རྐྱེན་སྨན་ཁང་ནང་བསྐྱལ་དགོས་པ་སོགས་བྱུང་ཡོད།

13 United Nations Special Procedures

རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ རྣམས་ཀྱིས་རྒྱ་ནག་གཞུང་ལ་བཏང་བའི་ཞུ་སྙན་དེའི་ནང། རྒྱ་ནག་གི་བྱ་སྤྱོད་དེ་ལྟ་བུ་ནི་བོད་མིའི་སྨྲ་བརྗོད་རང་དབང་དང་། འདུ་འཛོམས་རང་དབང་། རིག་གཞུང་གི་རང་དབང་། ལྷག་དོན་མང་ཚོགས་དང་འབྲེལ་བའི་གནད་དོན་ཁྲོད་དོན་དམ་གྱི་མཉམ་བཞུགས་ཆོག་པའི་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ལ་རྡོག་རོལ་མཐའ་གཅིག་ཏུ་བཏང་བ་ཞིག་དང་། བོད་ནང་གི་བོད་མི་ཚོའི་དངོས་ཡོད་གནས་སྟངས་གསལ་འདོན་བྱེད་ཀྱི་ཡོད་པ་གསུངས་འདུག

ཞུ་སྙན་དེའི་ཐོག་མཚན་རྟགས་བཀོད་མཁན་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ དེ་དག་ཁྲོད་ཁྲིམས་འགལ་གྱི་གང་བྱུང་འཛིན་བཟུང་ལས་དོན་ལ་རྟོག་ཞིབ་གནང་མཁན་གྱི་དམིགས་བསལ་སྐུ་ཚབ་དང་། རིག་གཞུང་རང་དབང་། གནམ་གཤིས་འགྱུར་ལྡོག་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་སྐུ་ཚབ། སྨྲ་བརྗོད་རང་དབང་གི་སྐུ་ཚབ། འདུ་འཛོམས་རང་དབང་གི་སྐུ་ཚབ། གདོད་མའི་མི་རིགས་ཀྱི་རང་དབང་སྲུང་སྐྱོབ་ཀྱི་སྐུ་ཚབ། བཙན་གྱི་གནས་སྤོས་བཏང་བའི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐུ་ཚབ་སོགས་ཡོད་པ་རེད་འདུག

Dege
པར་དབང་། SFT

རྒྱལ་ཚོགས་ཀྱི་སྐུ་ཚབ་དེ་དག་གིས་རྒྱ་ནག་ལ་འདི་ལྟ་བུའི་ཞུ་སྙན་ཕུལ་བའི་གནས་ཚུལ་ཐོན་ཁྲལ། IPAC ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་ལྷན་ཚོགས་ནས་དགའ་བསུ་ཞུས་པ་དང་འབྲེལ། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སླད་རྒྱ་ནག་གི་ཆུ་མཛོད་ལས་གཞིར་ངོ་རྒོལ་གྱི་རྣམ་པ་བཏོན་དགོས་པའི་ཞུ་སྐུལ་གནང་འདུག

མ་ཟད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་རྒྱ་ནག་གཞུང་གིས་བོད་ནང་སྤེལ་བཞིན་པའི་དེ་འབྲེལ་ལས་གཞི་དག་ལ་རྟོག་ཞིབ་ནན་པོ་དགོས་པ་དང་། བོད་ཀྱི་ཆབ་སྲིད་གནད་དོན་དེ་ཉིད་དྲང་བདེན་སྒོ་ནས་མྱུར་དུ་སེལ་དགོས་པའི་ཞུ་སྐུལ་གནང་འདུག་ཅིང་། སུད་སིའི་ཇི་ནི་ཝ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ནས་ཀྱང་། རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། རྒྱ་ནག་གཞུང་ངོས་ནས་དམིགས་བསལ་སྐུ་ཚབ་རྣམ་པའི་ཞུ་འབོད་ལ་ལན་འདེབས་དགོས་པ་དང་། བོད་མིར་དྲག་གནོན་ཐད་འགན་འཁྲི་ཡོད་པ་རྣམས་ལ་དྲི་རྩད་དང་ཉེས་ཆད་དགོས་པའི་རེ་སྐུལ་གནང་འདུག

IPAC

འབྲེལ་ཡོད་གསར་གནས།

གསར་གནས།