Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་ལ་རྒྱབ་སྐྱོར་གནང་རྒྱུ་མེད་པའི་ཞུ་སྐུལ།

Tibetan News Headlines

  • Dalai Lama received Kalu Rinpoche and more than 400 devotees in an audience
  • Tibetans hold peace rally calling for the release of Panchen Lama on the anniversary of his abduction
  • Tibet Museum celebrates International Museum Day with art exhibition by local Tibetan artists and writers
  • Central Tibetan Administration congratulates new Co-Chair for Australian Parliamentary Group for Tibet, Senator Barbara Pocock
  • Interview on CTA’s scholarship and excellence award

རེས་གཟའ་པ་སངས། ༢༠༢༤།༠༥།༡༧

  • ༸གོང་ས་མཆོག་གིས་དེ་རིང་ཀར་ལུ་རིན་པོ་ཆེ་དབུས་པའི་དད་ལྡན་ཆོས་ཞུ་བ་ ༤༠༠ ལྷག་ལ་མཇལ་ཁ་སྩལ་འདུག
  • དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད།
  • རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།
  • ལྕམ་སྐུ་ Barbara Pocock ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི།
  • བོད་མིའི་སྒྲིག་འཛུགངས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅིུས་ཀྱི་བསླབ་པ་ཐར་སོན་པ་རྣམས་ལ་སློབ་ཡོན་ཇི་ཡོད་སྐོར་བཅར་འདྲི།

ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སང་ཕྱི་ཚེས་ ༡༠ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་འོས་འདེམས་གནང་སྐབས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་དང་ཨུ་རུ་སུ་ལྟ་བུའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ལ་འོས་ཤོག་འཕང་རྒྱུ་མེད་ཅེས་ཞུ་སྐུལ་གནང་འདུག

ཟླ་བ་འདིའི་ཕྱི་ཚེས་ ༥ ཉིན་ཨ་རིར་རྟེན་གཞི་བྱས་པའི་ Human Rights Watch ཞེས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་དེ་སྔ་རྒྱལ་ཚོགས་ཀྱི་ཆད་མཁས་མི་སྣ་ཁག་གཅིག་གིས་རྒྱ་གཞུང་གིས་ཡུ་གུར་མི་རིགས་གཙོ་བོར་གྱུར་པའི་གྲངས་ཉུང་མི་རིགས་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་སྤེལ་བཞིན་པར་མངོན་གསལ་གནང་བ་རྣམས་ལུང་འདྲེན་དང་འབྲེལ། ཁོང་རྣམས་འཛིན་བཟུང་གིས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གི་བཟོ་གྲྭ་ཁག་ཏུ་འདོད་པ་མེད་བཞིན་དུ་ངལ་རྩོལ་གྱི་ལས་རིགས་འདྲ་མིན་གཉེར་བཅུག་པ་དང་ལྷག་པར་གྲངས་ཉུང་མི་རིགས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་དང་སྐད་ཡིག་ལ་དམ་བསྒྲགས་སྔར་ལྷག་བྱེད་བཞིན་པའི་གནད་དོན་རྣམས་ཐེར་འདོན་གྱིས་སང་ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་འོས་འདེམས་གནང་སྐབས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་གི་ངོ་ཚབ་ལ་རྒྱབ་སྐྱོར་མ་གནང་རོགས་ཞེས་རེ་སྐུལ་གནང་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྤྱི་ཁྱབ་ངེས་སྟོན་པ་སྐུ་ཞབས་ Louis Charbonneau ལགས་ཀྱིས་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་དང་ཡོངས་སུ་འགལ་ནས་མང་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་ཡོད་པར་མངོན་གསལ་དང་འབྲེལ། འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཧ་ཅང་སྐྱོ་བའི་རྒྱ་ནག་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་ཁྲོད་འདེམས་ཐོན་བྱུང་ཚེ་དེས་རྒྱལ་སྤྱིའི་ཁྲོད་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་རྣམས་ལ་བརྡ་ལན་ནོར་བ་སྤྲོད་ཀྱི་ཡོད་པས་མི་འོས་པར་འགྲེལ་བརྗོད་གནང་འདུག

ཁོང་གིས་རྒྱ་ནག་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱིས་རྣམ་ཀུན་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་གཞི་ཁག་དང་གྲོས་མཐུན་ལ་ཁྱད་གསོད་བྱས་དང་བྱེད་མུས་ཡིན་པར་མངོན་གསལ་གྱིས་ཚོགས་མི་རྒྱལ་ཁབ་རྣམས་ནས་ཐེངས་འདིའི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་འོས་འདེམས་གནང་སྐབས་ངེས་པར་དུ་རྒྱ་ནག་དང་ཨུ་རུ་སུས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་གནད་དོན་རྣམས་སྣང་མེད་དུ་མི་འཇོག་པར་རྒྱལ་ཁབ་དེ་དག་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་འོས་འཚམས་མེད་ཅེས་ནན་བརྗོད་གནང་འདུག

སྤྱིར་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་ཁོངས་སུ་ཚུད་པར་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་དང་སྲུང་སྐྱོབ་གནང་མཁན་གྱི་རྒྱལ་ཁབ་ཅིག་ངེས་པར་དུ་དགོས་ཀྱི་ཡོད་ཀྱང་། རྒྱ་ནག་དང་ཨུ་རུ་སུ་གཉིས་ནི་འོས་ཆོས་དེ་དག་གང་ཡང་ཚང་མེད་པར་སྐྱོན་བརྗོད་དང་འབྲེལ་ཏེ་ཚོགས་མི་རྒྱལ་ཁབ་རྣམས་ཀྱིས་ངེས་པར་དུ་རྒྱ་ནག་དང་ཨུ་རུ་སུས་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ལ་རྡོག་རོལ་ཚབས་ཆེན་བཏང་དང་གཏོང་བཞིན་པའི་གནད་དོན་རྣམས་ལ་ངོས་འཛིན་གནང་ནས་འོས་འཕང་རྒྱུ་མེད་པའི་ཞུ་སྐུལ་གནང་ཡོད།

དེའི་བར་ན་ཟླ་བ་འདིའི་ཕྱི་ཚེས་ ༧ ཉིན་ཨ་རིའི་ཚོང་འབྲེལ་སྡེ་ཚན་གྱིས་ཨུ་རུ་སུའི་དྲག་དཔུང་ལ་རོགས་སྐྱོར་བྱེད་མཁན་གྱི་རྒྱ་ནག་གི་ཚོང་ལས་ཁང་ ༤༢ ལ་སྲིད་དོན་ཉེས་ཆད་བཏང་ཡོད་པ་དང་། རྒྱ་གཞུང་གིས་ཨུ་རུ་སུར་རྒྱབ་སྐྱོར་གྱི་གནད་དོན་དང་འབྲེལ་ཐུགས་ཚབ་ཀྱི་རྣམ་པ་ཤུགས་ཆེ་དང་རོགས་རམ་དེ་དག་གང་མགྱོགས་མཚམས་འཇོག་ཡོང་བའི་རེ་སྐུལ་དང་སྦྲགས། གལ་སྲིད་རྒྱ་ནག་གཞུང་གིས་ཨུ་རུ་སུར་རོགས་རམ་མུ་མཐུད་བྱས་ན་དེས་ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་ངེས་སོགས་ཀྱི་མཇུག་འབྲས་ངན་པ་ཡོང་སྲིད་པའི་ཉེན་བརྡ་བཏང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།