Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱིས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་གཉིས་ཀྱི་ཁྲིམས་ཐག་ལ་བློ་འཚབ་གནང་བ།

Tibetan News Headlines

  • In conversation with 3 former bodyguards of the Dalai Lama

རེས་གཟའ་ཉི་མ། ༢༠༢༤།༠༦།༡༦

  • ༸གོང་ས་མཆོག་གི་༸སྐུའི་སྲུང་བྱའི་ཐོག་ཞབས་ཞུ་བསྒྲུབས་མྱོང་མཁན་སྐུ་སྲུང་ཟུར་པ་གསུམ་དང་གླེང་མོལ།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་སྐུ་ཞབས་ Volker Turk ལགས་ཀྱིས་རྒྱ་ནག་གཞུང་ནས་ཡུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་གྲགས་ཅན་གཉིས་ལ་ལོ་བཅུ་ཕྲག་གཅིག་ལྷག་རིང་བཙུན་འཇུག་ཁྲིམས་ཐག་བཅས་པར་སེམས་འཚབ་ཀྱི་རྣམ་པ་ཆེད་བཏོན་གནང་སྟེ་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཀྱི་ཚད་གཞི་དང་ཡོངས་སུ་འགལ་ཡོད་པར་སྐྱོན་བརྗོད་གནང་འདུག

United Nations High Commissioner for Human Rights Volker Turk during a press conference in Bogota, Colombia, on January 25, 2022. (Photo by Sebastian Barros/NurPhoto via Getty Images)

ཁ་སང་རྒྱ་ནག་གིས་ shandong ཞིང་ཆེན་ Linshu རྫོང་གི་ཁྲིམས་ཁང་ཞིག་ནས་ཡུལ་དེའི་ནང་གི་སྤྱི་དམངས་ཀྱི་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་ Xu Zhiyong ལགས་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ Ding Jiaxi ལགས་གཉིས་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ཉེས་མིང་འོག་ལོ་ ༡༤ དང་༡༢ བཅས་ཀྱི་ཁྲིམས་ཐག་བཅས་པ་ལྟར། དེ་རིང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་སྐུ་ཞབས་ Volker Turk ལགས་ཀྱིས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་གྲགས་ཅན་གཉིས་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཀྱི་ཚད་གཞི་དང་ཡོངས་སུ་འགལ་བའི་ཐོག་ནས་དུས་ཡུན་རིང་པོ་ཁྲིམས་ཐག་བཅས་པར་སེམས་འཚབ་དང་སྦྲགས། འགྲོ་བ་མིའི་ཐོབ་ཐང་གི་རྩ་ཁྲིམས་ནང་གཞུང་གི་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཀྱིས་བཀའ་མོལ་གནང་མཁན་རྣམས་ལ་ཁྲིམས་གཏུག་དང་ཉེས་ཆད་སྐྱེལ་ཆོག་གི་མེད་པར་མ་ཟད། གང་ཟག་ཞིག་ལ་ཉེས་འཛུགས་ཀྱིས་གདུག་རྩུབ་ཀྱི་བྱ་སྤྱོད་མ་སྤེལ་བའི་སྔོན་ལ་གང་ཟག་དེའི་ཁྲིམས་ཀྱི་ཐོབ་ཐང་ཁག་སྲུང་བརྩི་གནང་སྟེ་དྲང་བདེན་གྱི་ཁྲིམས་གཤེར་དང་རྟོག་ཞིབ་ཚད་ལྡན་གནང་གལ་ཡིན་པར་ནན་བརྗོད་གནང་འདུག

ལྷག་པར་དུ་གཙོ་འཛིན་མཆོག་གིས་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་གཉིས་གཙོས་དེ་འབྲེལ་གནད་དོན་ཁག་གཅིག་གི་སྐོར་ལ་གཞུང་དང་ལྷན་དུ་མཇུག་སྐྱོང་གནང་རྒྱུ་དང་། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང། དེ་བཞིན་ཞི་བའི་འདུ་འཛོམས་རང་དབང་སོགས་ལོངས་སུ་སྤྱོད་མཁན་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་གཞན་རྣམས་རྒྱ་གཞུང་གི་དྲག་གནོན་འོག་མ་ཚུད་པར་དམིགས་བསལ་ཐབས་ལམ་འཚོལ་རྒྱུ་ནི་གནད་འགག་ཆགས་ཡོད་ཅེས་ནན་བརྗོད་གནང་འདུག

ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་ད་རེས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་གཉིས་ལ་ལོ་ ༡༤ བར་གྱི་ཁྲིམས་ཐག་བཅས་པར་སྐྱོན་བརྗོད་གནང་བ་དང་སྦྲགས་ཏེ་ཁོང་གཉིས་ལ་གང་བྱུང་དོ་དམ་བཀག་ཉར་གྱིས་མནར་བཅོད་ཚད་མེད་བཏང་ཡོད་པ་དེས་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྤྱིའི་ཁྲིམས་ཀྱི་འབྲུ་དོན་དང་འགྲོ་བ་མིའི་ཐོབ་ཐང་ལ་འཆར་གཞི་ལྡན་པའི་ངང་བརྩི་མེད་རྡོག་རོལ་ཤུགས་ཆེར་གཏོང་བཞིན་པ་མངོན་གསལ་ཆགས་ཀྱི་ཡོད་སྐོར་གསུངས་ཏེ་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་ནས་སྣེ་ཁྲིད་གནང་ཐོག་རྒྱལ་སྤྱིའི་རྒྱ་རིགས་ཁྲིམས་རྩོད་པ་གཉིས་འཕྲལ་མར་གློད་བཀྲོལ་ཡོང་བར་འབད་བརྩོན་དགོས་པའི་སྐུལ་མ་གནང་ཡོད།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་དྲག་གནོན་ཅན་གྱི་སྲིད་བྱུས་འོག་ཡུལ་དེའི་སྤྱི་དམངས་ཐོབ་ཐང་རྩོད་ལེན་གནང་མཁན་གྱི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་རྣམས་ལ་གུ་ཡངས་ཕྲན་བུ་ཡོད་ཀྱང་ཞི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་བཟུང་གུ་ཡངས་ཕྲན་བུ་ཡོད་པའི་གནས་སྟངས་ཆེས་ཇེ་སྡུག་ཏུ་འགྲོ་ནས་རྒྱ་རིགས་ཁྲིམས་རྩོད་པ་རྣམས་ལ་ངལ་བ་ཆེས་ཆེར་འཕྲད་བཞིན་ཡོད་པ་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་གྲགས་ཅན་གཉིས་ལ་གཞི་མེད་སྐྱོན་འཛུགས་ཀྱིས་དེ་ལྟ་བུའི་དུས་ཡུན་རིང་པོ་ཁྲིམས་ཐག་བཅས་པ་དེས་རྒྱ་ནག་ནང་གི་ཆེས་ཛ་དྲག་གནས་སྟངས་མངོན་གསལ་གནང་གི་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ཚོས་ད་ཆ་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་གཙོས་ཆབ་སྲིད་དང་དམག་དོན་བཅས་ཀྱི་འབྲེལ་ལམ་གང་ཞིག་མ་གནང་བའི་སྔོན་ལ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དངོས་ཡོད་གནས་སྟངས་གཙོ་བཟུང་ཐོག་ནས་གནང་གལ་ཡིན་པའི་འབོད་སྐུལ་ཞུས་སོང་།

གཞི་རྩའི་ད་རེས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་གཉིས་ལ་ཁྲིམས་ཐག་བཅས་པའི་ཁོངས་ནས་སྐུ་ཞབས་ Xu Zhiyong ལྟ་བུར་མཚོན་ན་རྒྱ་ནག་ནང་མང་གཙོ་བཅོས་བསྒྱུར་དང་། སྨྲ་བརྗོད་རང་དབང། དེ་བཞིན་ཁྲིམས་ཀྱི་དབང་བསྒྱུར་གོང་འཕེལ་ཐད་ཕྱག་ལས་རླབས་ཆེན་མང་དག་ཅིག་གནང་མྱོང་ཡོད་པར་མ་ཟད། བོད་ལ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས་ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཀྱིས་ཤོག་གྲངས་ ༢༢ ཅན་གྱི་སྙན་ཐོ་ཞིག་ཀྱང་འདོན་སྤེལ་གནང་མྱོང་ཡོད་པ་དང་ལྷག་དོན་སྐུ་ཞབས་ཁོང་གིས་དེ་སྔ་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༢ ནང་བོད་མདོ་སྨད་རྔ་པ་ཁུལ་འཛམ་ཐང་བར་མ་ཡུལ་ཚོའི་མི་སྐྱ་སྣང་གྲོལ་ལགས་དམ་པ་དེ་ཉིད་ཀྱིས་རང་ལུས་མེར་བསྲེགས་གནང་ཡུལ་ས་ཁུལ་དུ་ཕེབས་ཏེ་དེ་འབྲེལ་གནས་ཚུལ་ཁག་རྒྱུས་ལོན་གནང་བ་དང་ཆབས་ཅིག་སྐབས་དེར་ས་གནས་བོད་རིགས་བེུད་ཅིག་བརྒྱུད་ནས་རྒྱ་གཅེས་པ་སྣང་གྲོལ་ལགས་ཀྱི་ནང་མིར་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་རྒྱ་སྒོར་ ༥༠༠ ཐམ་པ་གནང་བའི་ཐོག་ནས་སྐུ་ཞབས་ཁོང་རྒྱ་རིགས་ཤིག་ཡིན་པའི་ཆ་ནས་དགོངས་སེལ་ཞུ་རོགས་ཞེས་བརྡ་ལན་གནང་མྱོང་ཡོད་པ་དང་དེ་འབྲེལ་གྱི་དཔྱད་གཏམ་ཞིབ་ཕྲ་ཕྲ་ཨ་རིའི་ནིའུ་ཡོག་དུས་བབ་གསར་ཤོག་ཐོག་སྤེལ་ཡོད་པ་རེད། པར་ཁག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་གནས།

Sunday 16/06/2024

Saturday 15/06/2024

Friday 14/06/2024

གསར་གནས།