Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ཀྱི་རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་ཚོགས་འདུ་སྐབས་བོད་དོན་གླེང་སློང་དགོས་པའི་ཞུ་སྐུལ།

Tibetan News Headlines

  • Dalai Lama received Kalu Rinpoche and more than 400 devotees in an audience
  • Tibetans hold peace rally calling for the release of Panchen Lama on the anniversary of his abduction
  • Tibet Museum celebrates International Museum Day with art exhibition by local Tibetan artists and writers
  • Central Tibetan Administration congratulates new Co-Chair for Australian Parliamentary Group for Tibet, Senator Barbara Pocock
  • Interview on CTA’s scholarship and excellence award

རེས་གཟའ་པ་སངས། ༢༠༢༤།༠༥།༡༧

  • ༸གོང་ས་མཆོག་གིས་དེ་རིང་ཀར་ལུ་རིན་པོ་ཆེ་དབུས་པའི་དད་ལྡན་ཆོས་ཞུ་བ་ ༤༠༠ ལྷག་ལ་མཇལ་ཁ་སྩལ་འདུག
  • དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད།
  • རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།
  • ལྕམ་སྐུ་ Barbara Pocock ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི།
  • བོད་མིའི་སྒྲིག་འཛུགངས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅིུས་ཀྱི་བསླབ་པ་ཐར་སོན་པ་རྣམས་ལ་སློབ་ཡོན་ཇི་ཡོད་སྐོར་བཅར་འདྲི།

རིང་མིན་ཟླ་བ་རྗེས་མར་སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་རྒྱ་ནག་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་ཐེངས་ ༤ འཚོགས་འཆར་ཡོད་པ་དང་བསྟུན་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀ་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་སྲིད་འཛིན་ཇོ་བྷ་ཌན་སྲིད་གཞུང་གིས་རྒྱལ་ཚོགས་ཀྱི་རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་ཚོགས་འདུ་སྐབས་རྒྱ་ནག་གཞུང་གིས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་དེ་དག་སྐོར་ངེས་པར་དུ་གླེང་སློང་གནང་དགོས་པའི་ཞུ་སྐུལ་གནང་འདུག

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern ལགས་དང་ལྕམ་སྐུ་ Nancy Pelosi ལགས། དེ་བཞིན་ལྕམ་སྐུ་ Young Kim ལགས། སྐུ་ཞབས་ Raja Krishnamoorthi ལགས་སོགས་ཁྱོན་གྲོས་ཚོགས་འཐུས་མི་ ༢༤ མཐུན་མོང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken ལགས་ཀྱི་མཚན་ཐོག་བརྒྱུད་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གི་སྲིད་གཞུང་ལ་ཕུལ་བའི་ཞུ་སྐུལ་ནང་དེ་སྔ་ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་དང་འབྲེལ་བའི་རྒྱལ་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་ཚོགས་འདུ་ཐེངས་གསུམ་པ་ཚོགས་ཏེ་ད་ཆ་ལོ་ངོ་ལྔ་ཙམ་འགྲོ་བཞིན་པའི་རིང་ལ་རྒྱ་ནག་གཞུང་གི་སྲིད་བྱུས་ཆེས་དམ་བསྒྲགས་འོག་རྒྱ་ནག་སྤྱི་དང་ལྷག་པར་བོད་ནང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པར་མ་ཟད། གཞི་རིམ་མང་གི་འདུ་འཛོམས་དང་ཆབ་སྲིད་རང་དབང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གོ་སྐབས། བོད་ཀྱི་ཐུན་མིན་རིག་གཞུང་སྲུང་སྐྱོབ་ཀྱི་རང་དབང་སོགས་ཀྱི་གནས་སྟངས་རྣམས་སྔར་ལས་ཆེས་ཛ་དྲག་ཏུ་ཕྱིན་ཡོད་ཅེས་གསལ་འདོན་གནང་འདུག

President Joe Biden speaks about the severe weather that impacted at least five states and left widespread devastation at the Chase Center in Wilmington, Del., Saturday, Dec. 11, 2021. (AP Photo/Carolyn Kaster)

ལྷག་དོན་འདས་པའི་ལོ་དུས་དེ་དག་རིང་ལ་རྒྱ་ནག་གཞུང་གིས་བོད་མི་རྣམས་སོ་སོའི་སྲོལ་རྒྱུན་གྱི་ས་གནས་ནས་བཙན་དབང་ཐོག་གཞིས་སྤོའི་ལས་གཞི་ཤུགས་ཆེར་སྤེལ་བ་དང་། ཆོས་ཕྱོགས་ཀྱི་གནང་སྒོ་ཁག་ལ་དམ་བསྒྲགས། མང་ཚོགས་རྣམས་ལ་ངལ་རྩོལ་ལས་རིགས་སྐུལ་བ་དང་ཆབ་སྲིད་སློབ་གསོ་སྤེལ་བ། བོད་ཕྲུག་རྣམས་བཙན་དབང་གིས་གཏན་འཇགས་སློབ་གྲྭ་ཁག་ཏུ་བཅུག་པ་སོགས་ཀྱི་སྲིད་བྱུས་དང་ལས་གཞི་སྣ་ཚོགས་ཤིག་ལག་བསྟར་རྒྱ་བསྐྱེད་བཏང་བ་དེ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུའི་ཐབས་བྱུས་ཤིག་ཆགས་ཀྱི་ཡོད་པར་འགྲེལ་བརྗོད་དང་སྦྲགས། སྲིད་འཛིན་སྐུ་ཞབས་བྷ་ཌན་མཆོག་གིས་དབུ་ཁྲིད་པའི་ཨ་རི་གཞུང་གིས་སླེབས་ལ་ཉེ་བའི་རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་ཀྱི་ཚོགས་འདུའི་གོ་སྐབས་དམ་འཛིན་གནང་སྟེ་རྒྱ་ནག་གཞུང་གིས་བོད་ནང་ལ་གཞི་རྩའི་འགྲོ་བའི་ཐོབ་ཐང་བརྩི་མེད་རྡོར་རོག་དང་། བོད་དང་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པའི་དྲག་པོའི་སྲིད་བྱུས་ཁག་གི་ཐོག་གླེང་སློང་གནང་དགོས་པར་གསུངས་འདུག

རྒྱལ་ཚོགས་སུ་ཡོད་པའི་ཨ་རི་གཞུང་གི་སྐུ་ཚབ་ཀྱིས་ཀྱང་རྒྱ་ནག་དང་འབྲེལ་བའི་བསྐྱར་ཞིབ་ལས་དོན་སྐབས་རྒྱ་ནག་གི་ངོ་ཚབ་མི་སྣ་ཚོར་བོད་ནང་གི་གནས་སྟངས་སྐོར་ངེས་པར་དུ་འདྲི་རྩད་ནན་པོ་གནང་དགོས་པའི་ཞུ་སྐུལ་དང་སྦྲགས་ཏེ་འདི་ནི་ཨ་རི་གཞུང་གིས་བོད་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་འགན་བཞེས་ཐུབ་པའི་ལས་དོན་ཞིག་ཀྱང་རེད་ཅེས་གསུངས་འདུག

གྲོས་ཚོགས་འཐུས་མི་རྣམ་པའི་ཞུ་སྐུལ་དེ་དང་འབྲེལ་ནས་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་ཨ་རི་གྲོས་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་བྱ་སྤྱོད་དེ་དག་ངོས་ལེན་མེད་པའི་བརྡ་ལན་གསལ་པོ་ཞིག་མཚོན་ཐུབ་ཀྱི་ཡོད་པར་འགྲེལ་བརྗོད་དང་སྦྲགས། སྐུ་ཞབས་ Antony Blinken ལགས་ཀྱིས་གྲོས་ཚོགས་ཀྱི་ཞུ་སྐུལ་དང་བརྡ་ལན་དེ་ཐུགས་ལ་བཅངས་ཏེ་རྒྱ་ནག་གཞུང་དང་དེའི་ངོ་ཚབ་མི་ཚོར་བོད་དོན་སྐོར་གླེང་སློང་དང་འདྲི་རྩད་ནན་པོ་གནང་བའི་ཐུགས་རེ་ཡོད་སྐོར་གསུངས་འདུག

གཞི་རྩའི་ལོ་བཞི་རེའི་མཚམས་སུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་ཚོགས་མི་རྒྱལ་ཁབ་རྣམས་ཀྱིས་རྒྱལ་ཚོགས་ནས་གཏན་འབེབས་གནང་བའི་འགྲོ་བ་མིའི་ཐང་གི་རྩ་འཛིན་ལམ་སྟོན་ཁག་ལག་བསྟར་ཚད་ལྡན་གནང་གི་ཡོད་མེད་སོགས་དང་འབྲེལ་རྒྱལ་ཁབ་སོ་སོ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཀྱི་ལས་རིམ་ཞིག་གནང་སྲོལ་ཡོད་པ་ལྟར། རིམ་མིན་ཕྱི་ཟླ་ ༡ ཚེས་ ༢༣ ནས་རྒྱལ་ཚོགས་ནང་ལ་རྒྱ་ནག་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་དེ་དངོས་སུ་དབུ་འཛུགས་གནང་གི་ཡོད་པ་དང་། དུས་སྐབས་དེ་དང་བསྟུན་འདས་པའི་དུས་ཚོད་ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མཐུན་ཚོགས་སོགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་སྙན་ཐོ་ འབྲེལ་ཡོད་རྒྱལ་ཚོགས་ཀྱི་ཚོགས་ཆུང་ཁག་ལ་ཕུལ་ཡོད་པ་རེད། འབྲེལ་ཡོད་པར་ཁག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།