རྟ་དབང་ནང་འཛམ་གླིང་ཞི་བདེ་དང་སྙིང་རྗེའི་ཆེད་དུ་ཆོས་ཀྱི་གོམ་བགྲོད་ལས་འགུལ་སྤེལ་འདུག

Tibetan News Headlines

  • Kharchu Pema Garbha Dharma Centre and All Himalayan Buddhists Salbari offers ‘Tenshug’ to the Dalai Lama
  • Tibetans Attempt to Stop Poaching by Chinese Police Officers; reprimanded by Local Officers
  • China Orders Removal of Former Abbot Lobsang Tenpa from Ragya Monastery’s Abbot Lineage
  • Chinese Authorities Coerce Tibetans in Ngari into Mandatory Road Construction
  • 2026 Tibet Forum Calls for Repeal of China’s Ethnic Unity Law in Five-Point Declaration
  • Chinese Official Sentenced to Death over Disclosure of State Secrets to Foreign Intelligence
  • Alalamo: New Gorshey Song “Kowa Laso” by Tenzin Yeshi  (Yema) and Tenzin Dolma

ཪེས་གཟའ་མིག་དམར། ༢༠༢༦།༡༡།༢༤

  • ༸གོང་ས་མཆོག་ལ་མཁར་ཆུ་པདྨ་གརྦྷ་ཆོས་ཚོགས་ཀྱི་ངོས་ནས་བརྟན་བཞུགས་བསྟར་འབུལ།
  • རྒྱ་མི་ཉེན་རྟོགས་པས་བོད་ཀྱི་སྟོང་ལ་ཉེ་བའི་རི་བདག་ལ་རྔོན་རྒྱག་པར་ས་གནས་བོད་མིས་ངོ་རྒོལ།
  • མགོ་ལོག་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་དགོན་པ་དེ་ཉིད་ཀྱི་མཁན་རབས་ནས་ཕྱིར་འཐེན་དགོས་པའི་བཙན་བཀའ་བཏང་འདུག
  • མངའ་རིས་ས་ཁུལ་གྱི་ཡུལ་མི་རྣམས་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་ནང་བཙན་སྐུལ་བྱེད་བཞིན་པ།
  • མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ཕྱིར་འཐེན་དགོས་པ་སོགས་ཀྱི་དོན་ཚན་ལྔ་གཏེན་འབེབས་ཐོག་ ༢༠༢༦ ལོའི་གངས་ལྗོངས་གླེང་སྟེགས་ཚོགས་འདུ་མཇུག་སྒྲིལ།
  • རྒྱལ་ཁབ་ཀྱི་གསང་བ་མཁོ་སྤྲོད་བྱས་རྐྱེན་རྒྱ་གཞུང་གི་ལས་བྱེད་ཅིག་ལ་སྲོག་ཐོག་ཁྲིམས་ཐག་བཅད་པ།
  • ཨ་ལ་ལ་མོ་ལེ་ཚན། སྒྱུ་རྩལ་བ་བསྟན་འཛིན་ཡི་ཤེས་ལགས་དང་ལྷན་ཀོ་བ་ལ་སོ་ཞེས་པའི་སྒར་གཞས་གསར་པའི་སྐོར་བཅར་འདྲི།

འདི་ལོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ ༩༡ བདག་གིར་བཞེས་པ་དང་བསྟུན། ༸གང་ཉིད་མཆོག་གི་འཁྲུངས་སྐར་སྲུང་བརྩི་སླད་རྟ་དབང་ནང་འཛམ་གླིང་ཞི་བདེ་དང་སྙིང་རྗེ་ཆེད་དུ་ཆོས་ཀྱི་གོམ་བགྲོད་གཉིས་པ་དེ་གནང་འདུག

Tawang walks for peace, compassion and harmony: Commemorates Dalai Lama’s 91st Birthday

དེ་ཡང་ཟླ་བ་འདིའི་ཚེས་ ༡༦ རེས་གཟའ་ཉི་མའི་ཉིན་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆགས་པའི་རྟ་དབང་དགོན་པ་ནས་རྫོང་རྩེ་རྒྱལ་བའི་ཕོ་བྲང་བར་ Dhamma Walk for Universal Compassion and Peace ཞེས་པའི་ཆོས་ཀྱི་གོ་བགྲོད་ལས་འགུལ་སྤེལ་ཡོད་པ་དང་། སྤྱི་ལེ་ ༢།༥ ཙམ་གྱི་གོམ་བགྲོད་ལས་འགུལ་དེ་ཉིད་ Indian Himalayan Council of Nalanda Buddhist Tradition (IHCNBT) ཞེས་རྒྱ་གར་ཧི་མ་ལ་ཡ་ནཱ་ལེནྡྲ་ནང་པའི་སྲོལ་རྒྱུན་ལྷན་ཚོགས་དང་། ཨ་རུ་ན་ཅལ་པར་ཌེ་ཤ་ཡན་ལག་ཚོགས་པས་རྟ་དབང་དགོན་པ་དང་། ཁིན་མེ་དགོན་པ། སེ་ར་བྱེས་བྱམས་ཆོས་འཁོར་གླིང་དགོན་པ། མོན་པའི་མི་མང་ཚོགས་པ། རྟ་དབང་གཞི་རྩ་ཚོགས་པ་སོགས་མཉམ་འབྲེལ་གྱིས་འཛམ་གླིང་ཞི་བདེ་དང་སྙིང་རྗེའི་ཆེད་དུ་སྤེལ་བ་ཞིག་ཡིན་པ་མ་ཟད། མཛད་སྒོའི་ཐོག་རྟ་དབང་དགོན་པའི་མཁན་པོ་ Tulku Phara Dramey Rinpoche མཆོག་དང་། རྟ་དབང་ས་གནས་ཀྱི་གྲོས་ཚོགས་འཐུས་མི་རྣམ་རྒྱལ་ཚེ་རིང་ལགས། Lungla ས་གནས་ཀྱི་གྲོས་ཚོགས་འཐུས་མི་ Tsering Lhamu དེ་བཞིན་རྒྱ་གར་ཧི་མ་ལ་ཡ་ནཱ་ལེནྡྲ་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་དྲུང་ཆེ་སོགས་གྲྭ་བཙུན་ཁག་གཅིག་དང་། སློབ་ཕྲུག་གཞོན་སྐྱེས། དེ་བཞིན་ལོ་ན་བགྲེས་པའི་ས་གནས་ཡུལ་མི་སོགས་ལྷན་ཞུགས་གནང་འདུག

རྒྱ་གར་གྱི་བརྒྱུད་ལམ་ཁག་གཅིག་དུ་རེས་གཟའ་ཉི་མའི་ཉིན་གྱི་ཆོས་ཀྱི་གོམ་བགྲོད་དང་འབྲེལ་བའི་གནས་ཚུལ་སྤེལ་བའི་ནང་། རྒྱ་གར་གྱིས་ ༡༩༥༡ ལོ་ནས་མོན་རྟ་དབང་ཐོག་འཛིན་སྐྱོང་འགོ་འཛུགས་བྱས་པའི་རྗེས་ནས་རྟ་དབང་དེ་ཉིད་ནི་འཐབ་ཇུས་དང་ཆབ་སྲིད་ཀྱི་ཐོག་ནས་གལ་གནད་ཆེ་བའི་ས་གནས་ཤིག་ཏུ་གྱུར་ཡོད་ལ། ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་གཉིས་ཀྱི་དབར་དམག་འཁྲུག་བྱུང་སྐབས་རྒྱ་ནག་དམག་དཔུང་གིས་ཉིན་གྲངས་ ༤༩ ཙམ་རིང་རྟ་དབང་བཙན་བཟུང་བྱས་ཡོད་པ་མ་ཟད།  ཁུལ་དེ་ནི་ ༡༩༥༩ ལོའི་ཕྱི་ཟླ་ ༣ པའི་ནང་༸གོང་ས་༸སྐྱབས་མགོན་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་ནས་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་སྐབས་རྒྱ་གར་གྱི་གྲོང་རྡལ་དང་པོ་དེ་ཡང་ཆགས་ཀྱི་ཡོད་སྟབས། ཐེངས་འདིའི་གོམ་བགྲོད་ལས་འགུལ་དེ་ནི་ཆོས་ཕྱོགས་ཙམ་མ་ཡིན་པར་ཕྱོགས་གང་སྤྱིའི་ཐད་ཆེས་གནད་འགག་ཆགས་ཀྱི་ཡོད་པ་བཀོད་འདུག  

རྟ་དབང་དགོན་པའི་མཁན་པོ་ Tulku Phara Dramey Rinpoche མཆོག་གིས་གསུང་བཤད་ཁྲོད། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་ནང་པའི་ཆོས་ལུགས་ཀྱི་བསླབ་བྱ་དང་ཞི་བདེ་དང་བྱམས་བརྩེའི་སྤྱི་ཁྱབ་ཀྱི་འཕྲིན་བཟང་འཛམ་གླིང་ཡོངས་སུ་ཁྱབ་སྤེལ་གནང་བར་མཛད་རྗེས་ཆེན་པོ་བཞག་ཡོད་པར་ནན་བཤད་གནང་བ་དང་འབྲེལ། ༸གོང་ས་མཆོག་གི་མཛད་པ་དང་བསླབ་བྱ་དག་གིས་མི་རྣམས་ལ་ནང་སེམས་ཀྱི་རིན་ཐང་གོང་འཕེལ་གཏོང་བ་དང་ནང་ཆོས་ཀྱི་རྩ་དོན་རྣམས་ཉིན་རེའི་འཚོ་བའི་ནང་དུ་ལག་ལེན་བསྟར་བར་སྐུལ་མ་གཏོང་གི་ཡོད་པ་གསུངས་འདུག་པ་མ་ཟད། ཐེངས་འདིའི་ཆོས་ཀྱི་གོམ་བགྲོད་བརྒྱུད་ནང་བསྟན་ཆོས་ཀྱི་བསླབ་བྱ་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་གཏོང་བའི་སྡིངས་ཆ་དོན་སྙིང་ལྡན་པ་ཞིག་ཡིན་པར་གཟིགས་བཞིན་ཡོད་ཅེས་གསུང་འདུག

དེ་བཞིན་གྲོས་ཚོགས་འཐུས་མི་རྣམ་རྒྱལ་ཚེ་རིང་ལགས་ཀྱིས་འཛམ་གླིང་གི་ས་ཁུལ་མང་པོར་འཁྲུག་རྩོད་དང་བརྟན་ལྷིང་མེད་པའི་དུས་སྐབས་འདིར་སངས་རྒྱས་ཀྱི་བསླབ་བྱ་རྒྱ་ཆེར་ཁྱབ་སྤེལ་གཏོང་བའི་གལ་ཆེན་རང་བཞིན་ལ་ནན་བཤད་གནང་བ་དང་། གཞན་ཡང་རྒྱ་གར་ཧི་མ་ལ་ཡ་ནཱ་ལེནྡྲ་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་དྲུང་ཆེ་ Maling Gombu ལགས་ཀྱིས་ཐེངས་འདིའི་ཆོས་ཀྱི་གོམ་བགྲོད་དེའི་དམིགས་ཡུལ་གཙོ་བོ་ནི་ཞི་བདེ་དང་། མཐུན་སྒྲིལ། བྱམས་བརྩེ། བརྟན་ལྷིང་མཉམ་གནས་བཅས་ཀྱི་སྐོར་ལ་གོ་རྟོགས་ཆེ་རུ་གཏོང་རྒྱུ་དེ་ཡིན་པ་དང་། ང་ཚོ་དུས་རབས་ ༢༡ པར་འཚོ་གནས་བྱེད་བཞིན་ཡོད་ནའང་། འཛམ་གླིང་གི་ས་ཁུལ་མང་པོར་ད་དུང་འཁྲུག་རྩོད་དང་དམག་འཁྲུག་རྒྱུན་མཐུད་དུ་ཡོད་སྟབས། གནས་སྟངས་དེ་འདྲའི་ཁྲོད་ནང་པའི་བསླབ་བྱ་དང་ལྷག་པར་དུ་བྱམས་བརྩེ་དང་། མཐུན་སྒྲིལ། མཉམ་གནས། ཞི་བདེ་བཅས་ཀྱི་རྩ་དོན་རྣམས་ཀྱི་གལ་ཆེན་རང་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། ད་རེས་ཀྱི་གོམ་བགྲོད་དེ་ནི་ཆོས་ཙམ་མ་ཡིན་པར་འགྲོ་བ་མིའི་རིགས་ཀྱི་ཞི་བདེ་དང་བྱམས་བརྩེའི་མངོན་འདོད་མཚོན་གྱི་ཡོད་པ་གསུངས་འདུག

གཞི་རྩའི་འཛམ་གླིང་ཞི་བདེ་དང་སྙིང་རྗེའི་ཆེད་དུ་སྤེལ་བའི་རྟ་དབང་ནང་གི་ཆོས་ཀྱི་གོམ་བགྲོད་དེ་ནི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཁ་ཕྱོགས་གསར་པ་ཞིག་ལ་བལྟས་པའི་གལ་གནད་ཆེ་བའི་དུས་སྐབས་ཤིག་ཏུ་ཁེལ་ཡོད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རིང་མིན་ཕྱི་ཟླ་ ༩ པའི་ནང་རྒྱལ་ས་ལྡི་ལིར་ཚོགས་འཆར་ཡོད་པའི་ BRICS ལྷན་ཚོགས་ཐོག་མཉམ་ཞུགས་བྱེད་ཀྱི་ཡོད་པ་དང་། གལ་ཏེ་དེ་ལྟར་བྱུང་ནས་དེ་ནི་ཁོང་རྒྱ་གར་ནང་གཞུང་འབྲེལ་ཕྱོགས་བསྤྱོད་ལ་སླེབས་པ་ཕྱི་ལོ་ ༢༠༡༩ རྗེས་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད།

ཕྱི་ལོ་ ༢༠༡༩ ལོར་རྒྱ་གར་ལྷོ་ཕྱོགས་ Mamallapuram གྲོང་ཁྱེར་ནང་རྒྱ་དཀར་ནག་གཉིས་ཀྱི་དབུ་ཁྲིད་དབར་ཆེས་མཐོའི་ནང་མོལ་ལྷན་འཛོམས་ལ་རེ་བ་དང་དགའ་ཚོར་ཆེན་པོ་བྱུང་ཡང་། ཟླ་བ་ཁ་ཤས་རྗེས་ཏེ་ཕྱི་ལོ་ ༢༠༢༠ ལོར་ལ་དྭགས་ Galwan འཕགས་བོད་ས་མཚམས་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་དམག་མིའི་བར་གདོང་ཐུག་བྱུང་སྟེ། རྒྱ་གར་གྱི་དམག་མི་ ༢༠ ཙམ་རྐྱེན་འདས་སུ་ཕྱིན་པ་སོགས་ཀྱི་གནད་དོན་རྐྱེན་པས་རྒྱལ་ཁབ་ཕྱོགས་གཉིས་བར་ཐད་ཀར་གནམ་གྲུ་འགྲོ་འོང་མཚམས་ཆད་པ་སོགས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད། ད་ཆ་རྒྱ་དཀར་ནག་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྤྱི་ཡོངས་ནས་ཡར་རྒྱས་སོང་སྟེ་ཕྱོགས་གཉིས་དབར་ཐད་ཀར་གནམ་གྲུའི་འགྲུལ་བསྐྱོད་སླར་གསོ་དང་། མངའ་སྡེ་གསུམ་ནང་ཚོང་ལམ་སྒོ་འབྱེད་སོགས་བྱས་ཀྱང་། ད་ལྟའང་ཨ་རུ་ན་ཅལ་རྒྱ་ནག་གིས་དམག་དཔུང་སིམ་འཛུལ་དང་། ལྷག་པར་ཉེ་ལམ་རྒྱ་གར་ངོས་ནས་རྒྱ་ནག་གི་དེ་སྔའི་བྱ་སྤྱོད་ལ་ལན་འདེབས་ཚུལ་དུ་ཨ་རུ་ན་ཅལ་གྱི་གཞུང་འབྲེལ་ས་ཁྲ་བསྐྱར་བཅོས་ཀྱིས་ཁུལ་དེའི་ས་དང་། ཆུ། རི་བོ་སོགས་ ༢༧ གྱི་མིང་ངོས་འཛིན་གཏན་འབེབས་གནང་ཡོད།

གལ་ཏེ་སྲིད་འཛིན་ཞི་ཅིན་ཕིང་ཡོང་རྒྱུ་ཟླ་བའི་ནང་ BRICS ལྷན་ཚོགས་ཆེད་རྒྱལ་ས་ལྡི་ལིར་སླེབས་པ་ཡིན་ན། རྒྱལ་ཁབ་གཉིས་པོས་རྒྱ་གར་དང་རྒྱ་ནག་གི་འབྲེལ་བ་གཟབ་ནན་གྱིས་བརྟན་ལྷིང་དུ་གཏོང་བའི་གནས་བབ་དེ་ཉིད་དོན་སྙིང་ལྡན་པ་ཞིག་ཏུ་འགྱུར་ཐུབ་མིན་ཡང་བསྐྱར་བརྟག་ཞིབ་བྱེད་པའི་གོ་སྐབས་ཤིག་ཐོབ་རྒྱུ་ཡིན་ཀྱང་། ཕྱོགས་ཕན་ཚུན་བར་ཕྱི་འབྲེལ་གྱི་འབྲེལ་ལམ་གང་འདྲ་ཞིག་ཏུ་འགྲོ་མིན་ལ་ལྟོས་མེད་རྟ་དབང་ནི་རྒྱ་དཀར་ནག་ཕྱོགས་གཉིས་དབར་གྱི་རྒྱ་ཆེ་བའི་འབྲེལ་ལམ་སྟེ་གཙོ་བོ་ཧི་མ་ལ་ཡའི་མཐའ་མཚམས་སུ་གནས་པའི་མང་ཚོགས་ཀྱི་འདེང་ཚོད་དང་། རྒྱུན་མཐུད། སྲ་བརྟན་བཅས་ཀྱི་ནུས་པས་ཀྱང་བཟོ་བཀོད་བྱེད་བཞིན་ཡོད་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།