Tibetan Royal Year of 2151 | Year of the Wood Dragon

རྡོར་གླིང་དུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ས་གནས་ཡན་ལག་གསར་འཛུགས།

Tibetan News Headlines

  • Report Card: Sherig Kalon Tharlam Dolma Changra

རེས་གཟའ་སྤེན་པ། ༢༠༢༤།༠༦།༡༦

  • ཤེས་རིག་བཀའ་བློན་མཆོག་དང་ལྷན་འདས་པའི་ལོ་གཉིས་དང་ཕྱེད་ཀའི་ལས་དོན་སྐོར་བཅར་འདྲི།

ཁ་ཉིན་ཕྱི་ཟླ་ ༨ ཚེས་ ༣༠ ཉིན་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱིས་རྡོ་རྗེ་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་བསྟི་གནས་ཁང་དུ་སྐུ་མགྲོན་གཙོ་བོ་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ཟུང་སྦྲེལ་ཚོགས་གཙོ་SurendraKumar ལགས་དང་དམིགས་བསལ་སྐུ་མགྲོན་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ས་གནས་ཡན་ལག་ཚོགས་པའི་ཚོགས་གཙོ་ Soumyadeep Dutta ལགས། ཧི་མཱ་ལ་ཡའི་བོད་དོན་ལས་འགུལ་ཁང་གི་དྲུང་ཆེ་བསོད་ནམས་ལྷུན་གྲུབ་བླ་མ་ལགས། རྡོར་གླིང་ས་གནས་འགོ་འཛིན་པདྨ་ཚེ་རིང་ལགས། དེ་བཞིན་ས་གནས་ཀྱི་འབྲེལ་ཡོད་མི་སྣ་དང་། མི་མང་ནས་མཉམ་ཞུགས་གནང་བའི་ཐོག་ནས་རྡོ་རྗེ་གླིང་དུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ས་གནས་ཡན་ལག་ཚོགས་པ་གསར་འཛུགས་གནང་བ་དང་ཆབས་ཅིག ཚོགས་གཙོར་བསམ་གྲུབ་འབྲུག་པ་ལགས་དང་། རྒྱུན་ལས་གྲངས་བཅུ་གཅིག་བཅས་བསྐོ་གཞག་གནང་འདུག

རྡོར་གླིང་དུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ས་གནས་ཡན་ལག་གསར་འཛུགས་དང་འབྲེལ་བའི་མཛད་སྒོ་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ཟུང་སྦྲེལ་ཚོགས་གཙོ་སྐུ་ཞབས་ SurendraKumar ལགས་ཀྱིས་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མས་རྣམ་ཀུན་ནས་ས་གནས་མི་མང་ཁྲོད་དུ་བོད་དོན་གོ་རྟོགས་སྤེལ་མུས་ཡིན་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྤྱི་དམངས་གཟེངས་རྟགས་མཐོ་ཤོས་ Bharat Ratna འབུལ་ལམ་ཞུ་ཐུབ་ཐབས་གཙོས་འཚོགས་ལ་ཉེ་བའི་ G20 ཆེས་མཐོའི་ལྷན་ཚོགས་ཐོག་བོད་ཀྱི་གནད་དོན་ངེས་པར་དུ་གླེང་དགོས་པ་སོགས་དགོས་འདུན་དོན་ཚན་ལྔ་ཅན་ཆེད་བཏོན་གནང་ཡོད་པར་འགྲེལ་བརྗོད་གནང་ཡོད།

གཞི་རྩའི་ཧིན་བོད་མཛའ་འབྲེལ་ཚོགས་པ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པ་རྙིང་གྲས་ཤིག་དང་། ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་སུ་ཚོགས་པའི་ཡན་ལག་ཁྱོན་ ༡༥༠ ལྷག་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།